མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཚོའི་ལག་འཁྱེར་ནང་རྫས་ཡ་མཚན་ཞིག་བླུགས་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༣/༡༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྤྱི་འཐུས་གྲོས་ཚོགས་ནང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་གི་ཐོག་སྤྱི་འཐུས་མང་པོ་ཞིག་གིས་དགོངས་ཚུལ་གསུངས་པ་དང་། སྲིད་སྐྱོང་མཆོག་ནས་ཀྱང་རྒྱ་གཞུང་གིས་བོད་མི་ཚོའི་ལག་འཁྱེར་ནང་ལྟ་རྟོག་གི་རྫས་ཤིག་བླུགས་ཏེ་ཚད་མཐོ་བའི་སོ་ལྟ་བྱེད་ཀྱིན་ཡོད་ཚུལ་སོགས་གསུངས་སོང་།

ཟླ་འདིའི་ཚེས་ ༡༦ ཉིན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་དབུ་འཛུགས་ཉིན་དང་འབྲེལ་ཏེ། སྤྱི་འཐུས་རྒྱུན་ལས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་བསྣམས་ཕེབས་པའི་སྟེང་སྤྱི་འཐུས་མང་པོ་ཞིག་གིས་དགོངས་ཚུལ་གསུངས་རྗེས། དེ་རིང་ཉིན་རྒྱུབ་སྤྱི་མོས་ཐོག་གཏན་འབེབས་གནང་སོང་།

སྤྱི་འཐུས་ཚོས་གྲོས་འཆར་དེའི་ཐོག་དགོངས་ཚུལ་གསུངས་སྐབས། ཉེ་ལམ་རྒྱ་ནག་གཞུང་གི་ཚོགས་ཆེན་གཉིས་མཇུག་བསྒྲིལ་བ་དང་བསྟུན་ཏེ་འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣ་ཀྲུག་ཝེ་ཆོན་གྱིས་བོད་ནང་གི་རང་ལུས་མེར་བསྲེགས་ལས་འགུལ་དང་། ཏཱ་ལའི་བླ་མར་དེང་སྐབས་རྒྱལ་སྤྱིའི་དབུ་ཁྲིད་ཚོས་མཇལ་འཕྲད་གནང་གི་མེད་པ་སོགས་ནི་ཁ་བྲལ་བའི་ལས་དོན་ཕམ་ཉེས་སུ་འགྲོ་བཞིན་པའི་རྟགས་མཚན་ཞིག་ཡིན་སྐོར་བརྗོད་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་དཔོན་རིགས་ཚོས་༧གོང་ས་མཆོག་གི་ཡང་སྲིད་དེ་རྒྱ་ནག་གཞུང་གིས་ངོས་འཛིན་བྱེད་འཆར་ཡོད་ཚུལ་སོགས་བརྗོད་པ་དེ་དག་ནི་འགན་འཁུར་མེད་པའི་སྐད་ཆ་ཡིན་སྐོར་དང་། བོད་ནང་རང་ལུས་མེར་བསྲེགས་གནང་མཁན་དག་གི་རྒྱལ་གཅེས་སྙིང་སྟོབས་དེ་བོད་མི་ས་ཡ་དྲུག་གི་སེམས་ནང་ཇི་སྲིད་བར་གནས་རྒྱུ་ཡིན་པ་དང་། ༧གོང་ས་མཆོག་གི་ཆེ་མཐོང་གཟི་བརྗིད་འཛམ་གླིང་ཐོག་ཉིན་རེ་བཞིན་དར་རྒྱས་འགྲོ་བཞིན་ཡོད་པ། ༧གོང་ས་མཆོག་གི་ཡང་སྲིད་སྐོར་ལའང་ཆོས་མེད་སྨྲ་བའི་དམར་པོའི་སྲིད་གཞུང་ལ་ཐེ་གཏོགས་བྱེད་དབང་མེད་སྐོར་སོགས་ཀྱི་དགོངས་ཚུལ་ཚོར་ཤུགས་དང་འབྲེལ་ཏེ་བརྗོད་སོང་།

ཡང་སྤྱི་འཐུས་ཁག་ཅིག་གིས་ ༡༩༥༩ ལོ་ནས་བཟུང་བོད་ནང་ཛ་དྲག་གནས་སྟངས་ཆགས་ཡོད་པ་མ་ཟད། ཉེ་བའི་ལོ་རབས་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ། སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཆེད་རང་ལུས་མེར་བསྲེགས་གནང་ཡོད་སྟབས། ང་ཚོས་རྒྱ་ནག་གཞུང་གིས་རྩ་ཁྲིམས་ནང་གསལ་བ་ལྟར། སྐད་ཡིག་སྲུང་སྐྱོབ་གཙོས་ཐོབ་ཐང་ག་རེ་ཡོད་མེད་དག་ལ་དོན་གཉེར་གནང་ནས་རྒྱལ་གཅེས་པའི་མངོན་འདོད་དག་བསྒྲུབ་རྒྱུ་གལ་ཆེན་ཆགས་ཡོད་སྐོར་སོགས་གསུངས་སོང་།

སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས། གཞིས་ལུས་རྒྱ་ཆེ་མི་མང་གིས་བོད་ཀྱི་རྩ་དོན་དང་སོ་སོའི་ཐོབ་ཐང་གི་ཆེད་དུ་ དྲང་བདེན་གྱི་འབོད་སྒྲ་སྒྲོག་གི་ཡོད་ཀྱང་། རྒྱ་ནག་གཞུང་དང་ས་གནས་དཔོན་རིགས་ཁག་གིས་མཁྲེགས་འཛིན་དང་གཉའ་གནོན། གདུག་རྩུབ་ཀྱི་བྱ་སྤྱོད་མང་དག་ཅིག་སྤེལ་བར་བརྟེན། བོད་མི་མང་པོས་གཅེས་པའི་ཚེ་སྲོག་ཡན་ཆད་བློས་གཏོང་དགོས་ཁེལ་ཡོད་སྟབས། གྲོས་ཚོགས་ག་དུས་ཚོགས་ནའང་གདུང་སེམས་མཉམ་སྐྱེད་དགོས་པ་ཞིག་ཆགས་པར་བློ་ཕམ་ཡོད་པ་དང་། དེ་བཞིན་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དང་མཉམ་དུ་བཙན་བྱོལ་སྤྱི་ཚོགས་ནང་ཆིག་སྒྲིལ་འཐོར་གྱི་འདུག་ཟེར་བའི་སྐད་ཆ་མང་པོ་ཞིག་བྱུང་བཞིན་པ་དེར་བློ་ཕམ་བྱུང་སྐོར་བརྗོད་སོང་།

གྲོས་ཆོད་དོན་ཚན་ ༤ ནི། དང་པོ། བོད་བསྟན་སྲིད་མི་རིགས་ཆེད་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་ དཔའ་བོ་དཔའ་མོ་རྣམས་དང་། དེ་བཞིན་བོད་བསྟན་སྲིད་མི་རིགས་ཀྱི་འཐབ་རྩོད་ཆེད་རྒྱ་གཞུང་གི་བཙོན་འོག་ཏུ་དཀའ་སྡུག་མྱངས་དང་མྱོང་བཞིན་པ་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་སྦྲགས། ཁོང་རྣམ་པའི་ཤུལ་ལུས་ནང་མི་ཉེ་འབྲེལ་ལ་གདུང་སེམས་མཉམ་སྐྱེད་དང་འབྲེལ་ཐུགས་གསོའི་འཚམས་འདྲི་དང་། འདས་གྲོངས་སུ་གྱུར་བ་རྣམས་ སླར་ཡང་བོད་གངས་ཅན་ཞིང་དུ་སྐྱེ་བ། རྒྱའི་དམ་དྲག་བཀག་བསྐྱིལ་འོག་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་མགྱོགས་མྱུར་ཀློད་གྲོལ་ཡོང་བའི་སྨོན་འདུན་ཞུ་རྒྱུ།

གཉིས་པ། རྒྱ་ནག་གི་མགོ་ཁྲིད་ཚོས་དངོས་ཐོག་བདེན་འཚོལ་ཞེས་བརྗོད་བཞིན་ཡོད་པ་ལྟར། བོད་རྒྱའི་དཀའ་རྙོག་འདི་སེལ་འོས་པ་དང་། སེལ་དགོས་པ། སེལ་ཐུབ་པ་བཅས་ལ་ངོས་འཛིན་གྱིས་གཉིས་སྨན་དབུ་མའི་ལམ་གྱི་སྒོ་ནས་ཞི་མོལ་འཕྲལ་ནས་མྱུར་དུ་མགོ་འཛུགས་བྱ་དགོས་པ་དང་། རྒྱ་གཞུང་གིས་མཁྲེགས་འཛིན་སྲིད་བྱུས་ལ་སྒྱུར་བཅོས་ཀྱིས་བོད་མིའི་དགོས་འདུན་ལ་བསམ་གཞིགས་དགོས་པ་གྲོས་ཆོད་འདི་ཐོག་ནས་ནན་བརྗོད་བྱ་རྒྱུ།

གསུམ་པ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་བོད་མིས་རང་ལུས་མེར་བསྲེགས་ཀྱིས་རྩ་ཆེའི་ཚེ་སྲོག་ཤོར་དང་ཤོར་བཞིན་པའི་རྐྱེན་རྩ་ཇི་ཐུག་རྒྱ་ནག་གཞུང་གིས་བློ་གཟུ་བོའི་སྒོ་ནས་ཞིབ་འཇུག་བྱ་དགོས་པ་དང་། འཛམ་གླིང་གི་དབུ་ཁྲིད་རྣམ་པ་དང་། རྒྱལ་སྤྱིའི་གསར་འགོད་པ་དང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པས་གཙོས་ཚོགས་པ་ཁག་གི་སྐུ་ཚབ་བཅས་བོད་ནང་ཕེབས་ཏེ་རྒྱ་ནག་གི་མགོ་ཁྲིད་ཚོར་དྲང་བདེན་གྱི་གནས་ལུགས་གསེད་བཀྲོལ་གནང་སྟེ། བོད་མིའི་དགོས་འདུན་དང་ཚེ་སྲོག་སྐྱོབ་ཐབས་བཅས་ལ་འཕྲལ་ནས་མྱུར་དུ་བདེན་རྒྱབ་དཔུང་རོགས་ནུས་པ་ཐོན་པ་ངེས་གནང་ཡོང་བའི་འབོད་བསྐུལ་ཞུ་རྒྱུ།

བཞི་པ། ད་ཕན་རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་བློ་འཚབ་དང་། བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་བསྟན་པ་དང་། གྲོས་ཚོགས་ནང་གྲོས་ཆོད་བཞག་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག རྒྱ་རིགས་མང་གཙོ་ལས་འགུལ་གྱི་ཚོགས་པ་ཁག དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་སྐྱེ་བོ་སྒེར་བཅས་ཡོངས་ཀྱི་འཚེ་མེད་ཞི་བའི་རྣམ་པ་ཅི་རིགས་ཀྱི་སྒོ་ནས་རྒྱབ་སྐྱོར་གྱི་ལས་འགུལ་སྣ་ཚོགས་སྤེལ་བར་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། ད་དུང་བོད་དོན་བདེན་མཐའ་གསལ་ཐབས་སྤྱི་དང་། བྱེ་བྲག་དེང་སྐབས་བོད་ནང་ཛ་དྲག་གི་དཀའ་ངལ་རྣམས་འཕྲལ་ནས་མྱུར་དུ་སེལ་བའི་བདེན་རྒྱབ་དཔུང་རོགས་སྔར་བཞིན་ཡོང་བ་ཞུ་རྒྱུ། ལྷག་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཀྱང་བོད་ནང་ཛ་དྲག་གི་གནས་སྟངས་ལ་རྟོག་ཞིབ་ཆེད་འཕྲལ་དུ་སྐུ་ཚབ་བསྐོ་གཏོང་ཡོང་བའི་འབོད་བསྐུལ་བསྐྱར་ནན་ཞུ་རྒྱུ། ཞེས་སོགས་འཁོད་འདུག

སྤྱི་འཐུས་ཚོས་དགོངས་ཚུལ་གསུངས་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། ད་ལན་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་རྒྱུན་ཆད་མེད་པར་ཡོང་གི་ཡོད་པ་མ་ཟད། ཉེ་ཆར་བོད་པའི་ལོ་གསར་ཞེས་རྟགས་རྟེན་འབྲེལ་ཞིག་ལ་བརྩི་གི་ཡོད་ཀྱང་། ཚེས་ ༡༥ ཡིན་བུད་མེད་ལོ་ན་ ༤༧ ཡིན་པ་ནང་ལ་ཕྲུ་གུ་ཡོད་མཁན་ཞིག་གིས་རང་ལུས་མེར་བསྲེགས་གནང་ཡོད་སྟབས། ལོ་གསར་པ་དེ་ཡང་བོད་ནང་གི་ཛ་དྲག་གནས་སྟངས་གང་འདྲ་ཡོད་མེད་གསལ་བཤད་བྱུང་བ་རེད། ན་ནིང་རང་ལུས་མེར་བསྲེགས་གནང་མཁན་ ༡༡ བྱུང་བ་དག་དང་རྩིས་ན་ད་བར་ཁྱོན་བསྡོམས་རང་ལུས་མེར་བསྲེགས་གནང་མཁན་ ༡༣༦ བྱུང་ཡོད་པ་རེད། ཉེ་ཆར་ང་པེ་རི་སིར་འགྲོ་སྐབས་ངས་ང་ཚོས་དེ་གྲངས་ཀར་མ་འགྱུར་བ་ཞིག་ལ་འབད་བརྩོན་བྱེད་དགོས་སྐོར་ཞུས་ཡོད་ལ། སྲིད་སྐྱོང་གིས་མགོ་ཁྲིད་པའི་བཀའ་ཤག་ཐོག་ནས་ཀྱང་འབད་བརྩོན་གནང་དང་གནང་མུས་ཡིན། བོད་ནང་གི་བོད་མི་ཚོས་རང་ལུས་མེར་བསྲེགས་གནང་དགོས་དོན་ནི་ད་ལྟ་བོད་བཙན་བཟུང་འོག་ཡོད་པ་མ་ཟད། བོད་ནང་ཆབ་སྲིད་ཀྱི་རང་དབང་མེད་པ། ཁོར་ཡུག་གཏོར་བཤིག རིག་གཞུང་རྩ་མེད། དཔལ་འབྱོར་དབྱེ་འབྱེད་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ཚང་ མས་མཁྱེན་གྱི་ཡོད་པ་མ་ཟད། རྒྱལ་སྤྱིའི་སྡིངས་ཆའི་ཐོག་ལའང་གང་ཐུབ་ཅི་ཐུབ་ཀྱིས་ཞུ་བཞིན་ཡོད། ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་བོད་ནང་གི་བོད་མི་ཚོ་ཡར་མར་འགྲོ་སྐབས་དང་། ལྷག་པར་དུ་ལྷ་ས་སོགས་སུ་གནས་མཇལ་དུ་འགྲོ་སྐབས་ལག་འཁྱེར་མང་པོ་དགོས་པ་མ་ཟད། བོད་པ་ཚོར་མི་རིགས་དབྱེ་འབྱེད་བྱས་ཏེ་ལག་འཁྱེར་ཐོག་ཚད་མཐོ་བའི་ཞིབ་བཤེར་བྱེད་ཀྱིན་ཡོད་སྐོར་གསུངས་དོན། རྒྱ་ནག་གཞུང་གིས་བོད་མི་སོ་སོའི་ལག་འཁྱེར་ནང་ལའང་ཚད་མཐོའི་འཕྲུལ་ཆས་མ་ལག་ (Chips) ཟེར་བ་བླུགས་ནས་འགྲོ་འདུག་སྤྱོད་གསུམ་ལ་ཚོད་འཛིན་བྱེད་ཀྱི་ཡོད། འཕྲུལ་ཆས་མ་ལག་འདི་སྔོན་མ་ལྷོ་ཨ་ཧྥི་རི་ཀའི་ནང་མི་རིགས་དབྱེ་འབྱེད་ཀྱི་ལམ་ལུགས་སྐབས་དང་ད་ལྟ་བྱང་ཀོ་རི་ཡའི་ནང་བཀོལ་སྤྱོད་བྱེད་ཀྱི་ཡོད། དེ་བཞིན། སྔོན་མ་ཤར་འཇར་མན་གྱིས་(Greed system) ཞེས་པ་ཞིག་ལག་བསྟར་བྱས་ཏེ་མི་སུ་ཞིག་ཡིན་ཡང་གཞུང་གིས་ག་པར་འགྲོ་སྐྱོད་བྱེད་ཀྱི་ཡོད་མེད་ཆ་ཚང་ཧ་གོ་ཐུབ་པའི་དམ་དྲག་བྱས་པ་ལྟར། ད་ལྟ་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་གིས་བོད་ཀྱི་ས་ཆ་དེ་དམག་ས་ལྟ་བུ་ཞིག་ཆགས་འདུག་ཟེར་བ་ཡོངས་གྲགས་ཆགས་ཡོད་སྟབས། རྒྱུ་མཚན་དེ་དག་ལ་བརྟེན་བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་སྐད་འབོད་དང་འབྲེལ་རང་ལུས་མེར་བསྲེགས་གཏོང་གི་ཡོད་པ་རྒྱལ་སྤྱིའི་སྡིངས་ཆ་དང་གནད་ཡོད་མི་སྣ་ཚོར་ཞུ་བཞིན་ཡོད། ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་གསུམ་བཅུའི་དུས་དྲན་སྐབས་བྱུང་བའི་ནེའུ་ཡོག་གི་དོན་རྐྱེན་དང་འབྲེལ་བའི་ཐོག་གསུངས་དོན། དེ་བློ་ཕམ་དགོས་པ་དང་མི་དགོས་པའི་གནས་ཚུལ་ཞིག་ཡིན་པ་མ་ཟད། མ་འོངས་པར་དེ་འདྲ་ཡོང་རྒྱུ་ཡོད་པ་མ་རེད་ཅེས་ནན་ཏན་ཐོག་ནས་ཞུ་རྒྱུ་ཡིན་ལ། དེ་བྱས་པ་ཡིན་ན་སུ་གང་ལའང་ཕན་ཐོགས་ཡོང་གི་མི་འདུག བཀའ་ཤག་ངོས་ནས་མ་འོངས་པར་ལས་འགུལ་ག་རེ་སྤེལ་ཡང་ཁྲིམས་མཐུན་དང་ཆེ་མཐོང་ལྡན་པའི་ཐོག་ནས་སྤེལ་དགོས་རེད་ཅེས་ལམ་སྟོན་སྔ་ཕྱི་བར་གསུམ་དུ་ཞུ་བསྡད་ཀྱི་ཡོད་ལ། ཉེ་ཆར་པེ་རི་སི་ལས་འགུལ་སྐབས་ལའང་ཞུས་པ་ཡིན། ཞེས་གསུངས་སོང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ན་གཞོན་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱི་ཞེས་པ་གཞུང་འབྲེལ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་སོང་།
 བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༥
Mobile App

ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱིའི་གཞུང་འབྲེལ་དབུ་འབྱེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
Front Slider

གོ་སྟོན་དང་འབྲེལ་བའི་སེམས་ཚོར།

ཆུ་ཚོད་ ༡༣ སྔོན་ལ།
སྲིད་སྐྱོང་མཆོག་ནས་དབྱིན་ཡུལ་དང་ཡུ་རོབ་རྒྱལ་ཁབ་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

དབྱིན་ཡུལ་དང་ཡུ་རོབ་ནང་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་དགོས་པའི་སྐུལ་མ་གནང་འདུག

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་བཙན་བྱོལ་བོད་མི་ཁ་འཐོར་མི་འགྲོ་བའི་བསམ་འཆར། 

༢༠༢༥/༠༦/༢༤
འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ཡུ་རོབ་ཀྱི་གསར་ལམ་ཁག་ཏུ་བོད་དོན་གླེང་སློང་གནང་།  པར་ཧྥ་རན་སིའི་ (France 24)
Mobile App

བོད་དོན་ཞི་རྒོལ་བ་ཞིག་གིས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་གླེང་སློང་གནང་།

༢༠༢༥/༠༦/༢༤
Mobile App

བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཅེས་སེམས་ཆེ་ཞིང་ལྷག་བསམ་དཀར་བའི་མི་རྒན་ཞིག་ལ་རྗེས་དྲན་ཞུ་བ།

༢༠༢༥/༠༦/༢༣

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 10 སྔོན།

    ་་་་་་་་་་་ བོད་ནང་རང་ལུས་མེར་བསྲེགས་གནང་མཁན་དག་གི་རྒྱལ་གཅེས་སྙིང་སྟོབས་དེ་བོད་མི་ས་ཡ་དྲུག་གི་སེམས་ནང་ཇི་སྲིད་བར་གནས་རྒྱུ་ཡིན་པ་དང་། ༧གོང་ས་མཆོག་གི་ཆེ་མཐོང་གཟི་བརྗིད་འཛམ་གླིང་ཐོག་ཉིན་རེ་བཞིན་དར་རྒྱས་འགྲོ་བཞིན་ཡོད་པ། ༧གོང་ས་མཆོག་གི་ཡང་སྲིད་སྐོར་ལའང་ཆོས་མེད་སྨྲ་བའི་དམར་པོའི་སྲིད་གཞུང་ལ་ཐེ་གཏོགས་བྱེད་དབང་མེད་་་་་་་་་
    ཞེས་དང་།
    ་་་་་་་་ སྲིད་སྐྱོང་མཆོག་གིས་བོད་ནང་གི་བོད་མི་ཚོ་ཡར་མར་འགྲོ་སྐབས་དང་། ལྷག་པར་དུ་ལྷ་ས་སོགས་སུ་གནས་མཇལ་དུ་འགྲོ་སྐབས་ལག་འཁྱེར་མང་པོ་དགོས་པ་མ་ཟད། བོད་པ་ཚོར་མི་རིགས་དབྱེ་འབྱེད་བྱས་ཏེ་ལག་འཁྱེར་ཐོག་ཚད་མཐོ་བའི་ཞིབ་བཤེར་བྱེད་ཀྱིན་ཡོད་སྐོར་གསུངས་དོན།
    རྒྱ་ནག་གཞུང་གིས་བོད་མི་སོ་སོའི་ལག་འཁྱེར་ནང་ལའང་ཚད་མཐོའི་འཕྲུལ་ཆས་མ་ལག་ (Chips) ཟེར་བ་བླུགས་ནས་འགྲོ་འདུག་སྤྱོད་གསུམ་ལ་ཚོད་འཛིན་བྱེད་ཀྱི་ཡོད། ་་་་་་་་་

    Reply
  2. x00hacktivist says:
    ལོ་ 10 སྔོན།

    བོད་གཞུང་གི་མཐོ་རིམ་མི་སྣ་ཚོ་ལའང་དེ་འདྲ་ཞིག་དགོས་ཀྱི་འདུག དེང་སྐབས་མཐོ་རིམ་མི་སྣ་ཚོ་འདས་ལོག་རྒྱག་བཞིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese