ཟླ་རྗེས་མའི་ནང་རྒྱལ་སྤྱིའི་དེབ་ཁང་ཁག་གིས་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་དཔེ་དེབ་༼བཀའ་བློན་སྦུག་གི་ཐུག་བཟོ་བ།༽ ཞེས་པ་འགྲེམས་བཙོང་བྱ་རྒྱུ་ཡིན་འདུག
དབྱིན་ཡིག་གི་དྲ་ལམ་ཁག་ཅིག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་གསར་དུ་ཐོན་པའི་དེབ་དེ་ནི། སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་དང་ཨ་ནེ་ཐར་ས་ཊོན་ (Anne F. Thurston ) རྣམ་གཉིས་ཀྱིས་བརྩམས་པ་ཞིག་ཡིན་ཞིང་། དེབ་དེའི་ནང་ཆུ་བཞི་སྒང་དྲུག་དང་ཨ་རིའི་གསང་བའི་ལས་ཁུངས་བར་གྱི་འབྲེལ་ལམ་སྔ་ཕྱི། ཐའེ་ཝན་དང་རྒྱ་ནག རྒྱ་གར། བོད་བཅས་ཀྱི་གནད་དོན། ལྷག་པར་སྐུའི་གཅེན་པོ་མཆོག་གིས་བོད་བསྟན་སྲིད་མི་རིགས་ཆེད་ཕྱག་ལས་ཇི་ལྟར་གནང་བ་སོགས་ཀྱི་ལོ་རྒྱུས་འཁོད་ཡོད་འདུག དེབ་དེར་ཤོག་ངོས་ ༣༥༢ ཡོད་པ་དང་། འདི་ལོའི་ཟླ་ ༤ ཚེས་ ༡༤ ཉིན་ནས་བཟུང་རྒྱལ་སྤྱིའི་དེབ་ཁང་ཁག་ནས་འགྲེམས་བཙོང་བྱ་རྒྱུ་ཡིན་འདུག
གསར་འགོད་པ། དོན་གྲུབ།
ལྷ་སྲས་རྒྱལ་ལོ་བོད་ལ་བཀའ་དྲིན་ཆེ་ཁྱེད་ཀྱི་
སྐུ་ལ་འདས་གྲོངས་མེད་པར་ཤོག་དངོས་གནས་བྱས་
རྗེས་དང་འཇོན་ཐང་ཅན་རེད།
Kalinpong ཀ་ལིང་པུང་ལá བཀའ་བློན་སྦུག་yerá
་་་་་་་་་་་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་དཔེ་དེབ་༼བཀའ་བློན་སྦུག་གི་ཐུག་བཟོ་བ།༽ ཞེས་པ་འགྲེམས་བཙོང་བྱ་རྒྱུ་ཡིན་འདུག ་་་་་་་་་་་་་་་་
གྲོགས་པོ་ལགས་ང་ལ་ཞེད་སྣང་མི་འདུག་སྟེ། ང་ཚོའི་སྤྱི་ཚོགས་འདི་རྫུན་དང་ཕྲ་མ་གཅིག་པུས་འཚོ་བས་ན། ད་དུང་ཁོང་གི་བཀའ་མོལ་ནང་མ་རུངས་པ་འདྲ་གང་མེད་འགྲོ་དྲན། ངའི་དཀོན་མཆོག་དེ་མཆོག་གསུམ་འདུས་པའི་ངོ་བོ་སངས་རྒྱས་དཀོན་མཆོག་ལ་གསོལ་བ་བཏབ་པ་ཡིན་པས་ཁོང་གིས་གཏན་གཏན་གྲུབ་འབྲས་བཟང་པོ་ཞིག་སྩོལ་བའི་ངེས་ཤེས་གཏིང་ཟབ་ཡོད་མཁན་ཞིག་ཀྱང་ཡིན། བདེ་མོ།
ཧ ཧ ཧ གྲོགས་པོ་སོག་ཚ་ལ་ཞེད་སྣང་ཡོད་ས་རེད། གསོལ་འདེབས་གནང་འདུག
འོན་ཀྱང་གསོལ་བ་འདེབས་སའི་ཀུན་མཆོག་ཟེར་བ་དེ་ཆོས་ལུགས་གསར་བའི་ལྷ་ཞིག་རེད་པས། ཀུན་མཆོག་གི་ཁྱེད་སྐྱོབ་ཨེ་ཡོང་། གོ་མ་མྱོང་བའི་སྐྱབས་ཡུལ། ཧ ཧ
དྲང་པོ་དྲང་བཞག་ཡོད་པ་ཤོག ཀུན་མཆོག་མཁྱེན།
ཁུ་བྱུག་གི་གནམ་ཆུ་ད་ལན་བབས་སོང་། སྒུག་པའི་རེ་འབྲས་དེ་ད་ལན་སྨིན་སོང་། མི་ཚེ་ཧྲིལ་བོ་བོད་བསྟན་སྲིད་མི་རིགས་ལ་བསྟིམས་པའི་དཔའ་བོ། སྐུ་དྲིན་ཆེ། སྐུ་དྲིན་ཆེ། བོད་ལ་བཀའ་དྲིན་ཆེ།