མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོལ་རྒྱལ་བསྟོད་འགྲེལ་ལས་འཕྲོས་པ།

བོད་ཀྱི་དུས་བབ།
༢༠༡༥/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

རིག་པའི་ཁུ་བྱུག

དེང་སང་དོལ་རྒྱལ་རྗེས་འབྲང་པ་འགའ་རེས་དོལ་རྒྱལ་གྱི་བསྟོད་པར་གྲགས་པ་དཔག་མེད་བསྐལ་སྔོན་མ་ཞེས་པ་དེ་ཉིད་དང་། དེའི་འགྲེལ་པ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་མཛད་པ་གཉིས་ཁ་ལ་འཁྱེར་ནས་དོལ་རྒྱལ་ངོ་བོ་འཇམ་པའི་དབྱངས་ལ་རྣམ་པ་དྲེག་པའི་སྐུར་བཞེངས་པ་ཡིན་ཚུལ་དང་། དེ་ཁས་མ་བླངས་ན་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་དགོངས་པ་དང་འགལ་ཚུལ་རྗོད་ཀྱི་འདུག དེ་ཡང་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་བསྟོད་འབྲེལ་ལས། “དཔག་མེད་བསྐལ་སྔོན་མར་གྲགས་པ། དྭགས་པོ་སྐལ་བཟང་མཁས་གྲུབ་རིན་པོ་ཆེས་མཛད་པ་ལ། ཁྱབ་བདག་ཧེ་རུ་ཀཿ་འི་ངོ་བོ་རྡོ་རྗེ་འཆང་ཕ་བོང་ཁ་བདེ་ཆེན་སྙིང་པོས་ཚིག་གི་སྡེབ་སྦྱོར་གཅུང་ཟད་བསྣོན་འཕྲི་དང་བཅས་གོ་བདེར་མཛད་པ་འདི་ཉིད་ཀྱི་འགྲེལ་པ་ལོ་རྒྱུས་དང་བཅས་པ་འཆད་པ་ལ།” ཞེས་གསུང་བབས་ལ་བལྟས་ན་དྭགས་པོ་སྐལ་བཟང་མཁས་གྲུབ་ཀྱིས་བརྩམས་པར་གྲགས་པའི་བསྟོད་པ་དེར་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་ཚིག་དོན་བཅོས་གནང་ཡོད་པ་གསལ་པོ་གསུངས་འདུག

སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་བསྟོད་འབྲེལ་ནང་དོལ་རྒྱལ་རྗེ་བཙུན་འཇམ་པའི་དབྱངས་དྲེག་པའི་སྐུར་བཞེངས་པ་ཡིན་པར་གསུངས་ཤིང་། དེ་ཡང་དོལ་རྒྱལ་ནི་འབྲས་སྤུངས་གཟིམ་ཁང་གོང་གི་སྤྲུལ་སྐུ་དྲེག་པའི་སྐུར་བཞེངས་པ་ཡིན་པ་དང་། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ནི་པན་ཆེན་བསོད་ནམས་གྲགས་པ། འདུལ་འཛིན་གྲགས་པ་རྒྱལ་མཚན། བུ་སྟོན་ཐམས་ཅད་མཁྱེན་པ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི། གྲུབ་ཆེན་བིར་ཝ་པ་བཅས་ཀྱི་སྐྱེ་མཐའ་ཡིན་པར་ཁུངས་བཅོལ་གནང་ཡོད། སྐྱབས་རྗེ་རིན་པོ་ཆེས་བསྟོད་འབྲེལ་ནང་དྲངས་པའི་ལོ་རྒྱུས་ཀྱི་རྒྱབ་རྟེན་བཅོལ་ཡུལ་ཁུངས་དེད་བྱས་ན། སྐྱབས་རྗེ་ཕ་བོང་ཁ་པའི་དོལ་རྒྱལ་གྱི་བསྐང་ཆོག་རྒྱས་པ་དེར་ཐུག་གི་ཡོད། སྐྱབས་རྗེ་ཕ་བོང་ཁས་བསྐང་ཆོག་རྒྱས་པའི་ནང་འདི་ལྟར་གསུངས་ཏེ། “འགའ་ཞིག་གིས། ལྷ་མཆོག་སྤྲུལ་པའི་རྒྱལ་པོ་ཆེན་པོ་འདི་ཉིད་ལ་ཐན་བོན་ཤི་སྟེ་ལས་ངན་གྱིས་ཡིད་ལུས་བཟུང་བའི་རྒྱལ་བཙན་པ་དག་དང་ཁྱད་པར་མ་མཆིས་པར་ལྟ་ཞིང་། གཞན་ལའང་སྐད་གསང་ཐོན་པོས་སྒྲོག་པར་བྱེད་པ་ལ་རང་ཉིད་ལྟ་ཅི་གཞན་བསྟེན་པར་བྱེད་པ་དག་ལའང་འཕྱ་བར་བྱེད་པ་མང་དུ་སྣང་ཞིང་། གཞན་དག་ཀྱང་དེའི་རྗེས་སུ་འབྲངས་ཏེ་ལོག་རྟོག་དམ་དུ་བཟུང་བ་ཆེས་མང་བ་དེ་དག་ནི།” ཞེས་སོགས་འཁོད་པར་གཞིགས་ན་དུས་སྐབས་དེའི་ནང་དོལ་རྒྱལ་དམ་སྲིར་ངོས་འཛིན་བྱེད་མཁན་གྱི་སྐྱེ་བོ་མང་དག་ཅིག་བྱུང་དང་འབྱུང་བཞིན་ཡོད་པར་མངོན་ཞིང་། དེས་སྐྱབས་རྗེ་ཕ་བོང་ཁ་པ་དཔོན་སློབ་ཉུང་ཤས་ལ་ཐུགས་ཕོག་ཆེན་པོ་བྱུང་ཚོད་དེ་དག་སུན་འབྱིན་ཆེད་འདི་ལྟར་གསུངས་ཏེ། “བསྟན་སྲུང་རྒྱལ་པོ་ཆེན་པོ་འདི་ཉིད་ནི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་རྣམ་རོལ་འཕྲུལ་མེད་དུ་གྲགས་པ་ལ།” ཞེས་དང་། “དེར་མ་ཟད་རྗེ་འདུལ་བ་འཛིན་པ་ནི་བུ་སྟོན་ཐམས་ཅད་མཁྱེན་པའི་རྣམ་དོལ་དུ་གྲུབ་ལ། བུ་སྟོན་རྗེ་ནི་འཇམ་དབྱངས་དང་བིར་ཝ་པ། ས་པཎ་སོགས་ཀྱི་སྐྱེ་མཐར་དེབ་ཐེར་ཁུངས་ལྡན་དུ་མར་རྩོད་མེད་དུ་ཡོངས་སུ་གྲགས། དེས་ན་བསྟན་སྲུང་ཆེན་པོ་འདི་ཉིད་ནི་རྗེ་བཙུན་འཇམ་དབྱངས་ཞི་ཁྲོ་ཉིད་རང་བསྟན་སྲུང་ཕྱིར་འཇིགས་བྱེད་དྲེག་པའི་སྐུར་བཞེངས་པ་ཡིན་པ་གདོན་མི་ཟ་བར་གྲུབ་ཅིང་།” ཞེས་སོགས་གསུངས་འདུག

སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་འཚོ་བཞུགས་སྐབས་སུའང་དོལ་རྒྱལ་དམ་སྲིར་ངོས་འཛིན་བྱེད་མཁན་མང་པོ་ཡོད་པར་མ་ཟད། དུས་སྐབས་དེའི་ནང་གི་དགེ་ལྡན་བསྟན་པའི་སྲོག་འཛིན་གྱི་སྐྱེ་བོ་དམ་པ་དུ་མ་ཡོད་པ་དཔོག་ཐུབ། དེ་ཡང་དུས་སྐབས་དེའི་ནང་༸གོང་ས་བཅུ་གསུམ་པ་ཆེན་པོས་དགའ་ལྡན་ཁྲི་པ་དག་ཐེར་མཛད་པའི་རྗེས་ཀྱི་ཁྲི་པ་དང་པོ་ཡེ་ཤེས་དབང་ལྡན་ནམ་མི་ཉག་ཨ་པས་ཞུ་བ་དང་སྐྱབས་རྗེ་ཕ་བོང་ཁ་པའི་བར་ཐུགས་སྣང་མི་གཤིན་པ་བྱུང་བ་ཡང་དོལ་རྒྱལ་གྱི་གནད་དོན་འདི་ཡིན་པ་དང་། དེ་རྗེས་ཁྲི་ལྷུན་འགྲུབ་བརྩོན་འགྲུས་རིན་པོ་ཆེས་ཀྱང་རྨེ་རུ་དཔྱིད་ཆོས་ཤིག་ཏུ་ལམ་རིམ་ལྷག་མཐོང་རྩལ་དམིགས་ཀྱིས་བཀའ་ཆོས་གནང་མཚམས་དེང་སང་འགའ་ཞིག་གིས་མན་ངག་ཡིན་ཟེར་བའི་དཔེ་ཐུང་དེ་འདྲ་འཁྱེར་ནས་གང་སར་རྒྱུགས་པ་དེ་གང་ཡིན་ངས་མི་ཤེས་གསུངས་པར། ཞབས་གྲས་ཚོས་དེ་ལྟར་བཀའ་གནང་ན་སྐྱབས་རྗེ་ཕ་བོང་ཁ་པ་དཔོན་སློབ་ལ་ཐུགས་ཕོག་ཡོང་ཉེན་ལ་སོང་བཀའ་གནང་མི་དགོས་པའི་གསོལ་འདེབས་ཞུས་ཚུལ་དང་། སྐྱབས་རྗེ་ཕ་བོང་ཁ་པ་དང་ཕན་ཚུན་བླ་སློབ་ཡིན་པ་ཁང་སར་རྡོ་རྗེ་འཆང་ཆེན་པོས་ཀྱང་དེང་སང་སྐྱབས་རྗེ་ཕ་བོང་ཁས་དོལ་རྒྱལ་བསྟེན་གསོལ་དར་སྤེལ་ཤུགས་ཆེན་གནང་བ་དེ་གང་འདྲ་ཡིན་ནམ་དེ་ལྟར་གནང་ན་དགའ་ལྡན་ཕོ་བྲང་ལ་ཡག་པོ་མེད། ཅེས་སློབ་མ་འགའ་ཤས་ལ་བཀའ་ཕེབས་པ་སོགས་ལས་ཤེས་ཐུབ། དེས་ན་གོང་གསལ་སྐྱེ་བོ་དམ་པ་དེ་དག་གིས་དོལ་རྒྱལ་དེ་བཞིན་དྲེག་པ་རྩོད་གཞི་ཅན་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་པ་གསལ་པོ་རེད། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་དོལ་རྒྱལ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་སྐྱེ་རྒྱུད་ཡིན་པ་དང་། གྲགས་རྒྱན་པཎ་ཆེན་བསོད་གྲགས་དང་། འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་སྐྱེ་རྒྱུད་ཡིན་པ། འདུལ་འཛིན་བུ་སྟོན་ཐམས་ཅད་མཁྱེན་པའི་སྐྱེ་རྒྱུད་ཡིན་པ། བུ་སྟོན་རྗེ་ནི་ས་པཎ་དང་། བིར་ཝ་པ། འཇམ་པའི་དབྱངས་ཀྱི་སྐྱེ་རྒྱུད་ཡིན་པ་ཁུངས་སུ་མཛད་ནས་དོལ་རྒྱལ་འཇམ་དབྱངས་ཀྱི་རྣམ་སྤྲུལ་ཡིན་པ་གསུངས་ཡོད། པཎ་ཆེན་བསོད་ནམས་གྲགས་པ་འདུལ་འཛིན་གྲགས་པ་རྒྱལ་མཚན་དང་། བུ་སྟོན་ཐམས་ཅད་མཁྱེན་པ་སོགས་ཀྱི་སྐྱེ་རྒྱུད་ཡིན་པ་ཁུངས་ལྡན་གྱི་རྣམ་ཐར་དེབ་ཐེར་སོགས་ཡོད་ངེས་ཀྱང་། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་འཕྲུལ་མེད་ཡིན་པའི་ཚད་ཐུབ་ཀྱི་ནམ་ཐར་དེབ་ཐེར་མཇལ་ཞུ་མེད། ད་དུང་དེ་ལས་ལྡོག་སྟེ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་སྤྲུལ་སྐུ་དགེ་ལེགས་དཔལ་བཟང་གི་ཡང་སྲིད་རྫུན་མ་ལམ་དུ་ལྷོང་བ་སྨོན་ལམ་ལོག་པའི་དམ་སྲིར་གྱུར་པ་ཚད་ཐུབ་ཀྱི་དམ་པའི་རྣམ་མཐར་ནང་གསལ་ཡོད། ཡ་མཚན་པ་ཞིག་ལ་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་ལོ་རྒྱུས་འདི་མ་གཟིགས་པ་ཡོང་ཤེས་ཐབས་མེད་ཀྱང་གང་གི་གསུང་ནང་འདི་འདྲ་ཞིག་མ་གཟིགས་པ་ལྟར་མཛད་འདུག་པ་ནི་གང་ཡིན་ཞུ་ཚོད་དཀའ་བར་མཐོང་།

སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་དོལ་རྒྱལ་གྱི་བསྟོད་འབྲེལ་ནང་དོལ་རྒྱལ་ངོ་བོ་རྗེ་བཙུན་འཇམ་པའི་དབྱངས་རྣམ་པ་དྲེག་པའི་སྐུར་བཞེངས་པ་ཡིན་ཚུལ་གསུངས་པའི་ཁུངས་སུ་གོང་གསལ་སྐྱབས་རྗེ་བདེ་ཆེན་སྙིང་པོས་དོལ་རྒྱལ་གྱི་བསྐང་ཆོག་ཏུ་གསུངས་པ་དེ་རང་ཚིག་སྤྲོས་ཅུང་ཟད་གནང་བ་ཙམ་རེད་འདུག དོལ་རྒྱལ་གྱི་སྟོད་པ་དེ་འགྲེལ་དང་བཅས་པའི་ནང་པཎ་ཆེན་བསོད་ནམས་གྲགས་པ་དང་། འདུལ་འཛིན་གྲགས་པ་རྒྱལ་མཚན། བུ་སྟོན་ཐམས་ཅད་མཁྱེན་པ། ཆོས་རྗེ་ས་པཎ་སོགས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་བརྗོད་དེ་སྐྱེས་ཆེན་དམ་པ་དེ་དག་གི་མཛད་པ་དོལ་རྒྱལ་གྱི་ཆེ་བར་ཁ་བསྒྱུར་གནང་བ་ལྟར་མཐོང་། ལར་ནས་དོལ་རྒྱལ་གྱི་བསྟོད་པ་དང་འགྲེལ་བ་གཉིས་ཀར་སྐབས་འགར་རྗེ་བཙུན་འཇམ་པའི་དབྱངས་རྗེའི་བསྟན་པ་སྲུང་ཕྱིར་དྲེག་པའི་སྐུར་བཞེངས་པར་གསུངས་པ་དང་། ཡང་སྐབས་འགར་གཟིམ་ཁང་འོག་ལ་འཁོན་འཛིན་དབང་གིས་དྲེག་པའི་སྐུར་བཞེངས་པ་འདྲ་ཞིག་ཀྱང་གསུངས་འདུག་ན་ཡིད་གཉིས་བཅོས་དཀའི་གནས་སུ་མཆིས། དེས་ན་ཟུར་གནས་སྐྱེ་བོ་རྣམ་པས་ལེགས་པར་དཔྱད་དེ་དེང་གི་ལོག་སྨྲའི་ཝ་ཚོགས་དཔུང་དང་བཅས་པའི་མུན་སྤྲུལ་གྱི་དམིགས་གཏད་ཐམས་ཅད་བཤིག་དགོས་པར་མཐོང་ངོ་།།

ཡོངས་འཛིན་གླིང་རིན་པོ་ཆེ་དོལ་རྒྱལ་དང་འབྲེལ་བ་མེད་པ་ཡོངས་གྲགས་ཡིན་ན་ཡང་། དེང་སྐབས་དོལ་རྒྱལ་རྗེས་འབྲང་པ་ཚོས་དེ་སྔ་ཡོངས་འཛིན་རིན་པོ་ཆེར་ཝཱ་ཎ་མཐོ་སློབ་དགེ་ལུགས་སྤྱི་ནས་བསྐུལ་ངོར་༼བླ་མ་ཡི་དམ་བསྟན་སྲུང་བཅས་ལ་མཆོད་གཏོར་འབུལ་ཚུལ།༽ ཞེས་པ་དེ་ཉིད་ཁ་འཕྱར་བྱེད་ཀྱི་འདུག འོན་ཀྱང་འཕྲིན་བསྐུལ་དེ་ནི་ཝཱ་ཎ་དགེ་ལུགས་སྤྱི་ནས་དགེ་ལུགས་དང་འབྲེལ་བའི་སྲུང་མ་འདི་དང་འདིའི་འཕྲིན་བསྐུལ་དགོས་ཞེས་དམིགས་འཛུགས་ཀྱིས་ཞུ་བསྐུལ་བྱས་པ་ཞིག་རེད་འདུག དེ་ལྟར་ཡིན་པ་དེ་ཡང་འཕྲིན་བསྐུལ་དེའི་མཇུག་བྱང་ཡིག་ཆུང་དུ། “འདི་ཉིད་ཝཱ་ཎ་མཐོ་སློབ་དགེ་ལུགས་སྤྱི་ཚོགས་ནས་རྒྱུན་ལྡན་ཞབས་རིམ་སྐབས་གསུང་རྒྱུའི་མགོན་ཆོས་ལྷ་མོ་རྣམ་སྲས་རྒྱལ་ཆེན་ཤུགས་ལྡན་བཅས་ཀྱི་བསྐང་བཤགས་འཕྲིན་བཅོལ་གསེར་སྐྱེམས་བཅས་སྟབས་བདེ་ཞིག་དགོས་གསུང་པ་ལྟར། སྐུ་བཅར་ཕན་བདེ་ལེགས་བཤད་གླིང་གི་གསུང་རྒྱུན་གསེར་ཞུན་མ་དང་། གསེར་སྐྱེམས་བཅས་གཞིར་བཞག་ཐོག་ཆོས་སྲུང་གི་མཚན་དང་། བསྟོད་པ་བཅས་ལ་འབྱིན་འཇུག་ཕྲན་བུ་བགྱིས་ཏེ་ཡོངས་འཛིན་དགའ་ཁྲི་གླིང་སྐྱེ་མིང་པས་བྲིས་པ་དགེ་ལེགས་འཕེལ།།” ཞེས་གསུངས་འདུག དེ་དང་དེས་མཚོན་དེང་སྐབས་དོལ་རྒྱལ་རྗེས་འབྲངས་པས་དོན་གནད་འགའ་ཤས་ལ་འུར་སྒྲོག་བྱས་ཏེ་ཡིག་ཆ་འདྲ་མིན་གང་སར་འགྲེམས་སྤེལ་བྱེད་བཞིན་འདུག་པས་འདིར་གསལ་བཤད་ཅུང་ཟད་ཅིག་མི་བྱེད་ཐབས་མེད་དུ་མཐོང་ནས་སྤེལ་བའོ།། །།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

མཆན། 1

  1. འཁྱམས་པོ་ says:
    ལོ་ 11 སྔོན།

    སྐྱབས་རྗེ་ཕ་བོང་ཁ་པ་དང་ཕན་ཚུན་བླ་སློབ་ཡིན་པ་ཁང་སར་རྡོ་རྗེ་འཆང་ཆེན་པོས་ཀྱང་དེང་སང་སྐྱབས་རྗེ་ཕ་བོང་ཁས་དོལ་རྒྱལ་བསྟེན་གསོལ་དར་སྤེལ་ཤུགས་ཆེན་གནང་བ་དེ་གང་འདྲ་ཡིན་ནམ་དེ་ལྟར་གནང་ན་དགའ་ལྡན་ཕོ་བྲང་ལ་ཡག་པོ་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese