མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞུ་གཏུག་བྱས་ན་ཁྲིམས་ཐག་གཅོད་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་རུ་ཆེན་གཉིས་པའི་འབྲོག་པ་མང་ཚོགས་ཀྱིས་རྫོང་སྲིད་གཞུང་ལ་དགོས་འདུན་དོན་ཚན་གསུམ་ཅན་གྱི་ཞུ་ཡིག་ཅིག་སྤྲད་ཡོད་འདུག

འདི་གར་སྟོང་སྐོར་ཐུབ་བསྟན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༨ ཉིན་ཏེ་སི་ཁྲོན་ཞིང་ཆེན་གྱི་མི་མང་འཐུས་མིའི་ཚོགས་ཆེན་ཐེངས་ ༣ པ་ཚོགས་བཞིན་པའི་སྐབས་དང་བསྟུན་ཏེ། མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་འབྲོག་པ་ ༡༠ གྲངས་ཤིག་གིས་ཚོགས་ཁང་གི་ཕྱི་ལོགས་ནས་ཞི་རྒོལ་སྐད་འབོད་གནང་ཡོད་ཀྱང་། རྒྱ་གཞུང་གིས་བཟང་ཕྱོགས་ཀྱི་བརྡ་ལན་གང་ཡང་སྤྲད་མེད་པ་མ་ཟད། ཞི་རྒོལ་བ་འགའ་འཛིན་བཟུང་བཀག་ཉར་བྱས་པ་སོགས་དོན་འབྲས་གང་ཡང་སོན་མེད་སྟབས། ཉེ་སྔོན་ཡང་འབྲོག་པ་མང་ཚོས་ཀྱིས་མཛོད་དགེ་རྫོང་སྲིད་གཞུང་གི་མགོ་ཁྲིད་ཚོར་ཞུ་ཡིག་ཅིག་སྤྲད་དེ། ཁོང་ཚོའི་བྱ་སྤྱོད་ཀྱིས་འབྲོག་མང་ལ་བརྗོད་ཐབས་བྲལ་བའི་དཀའ་ངལ་བཟོས་ཡོད་པ་དང་། ད་ལྟ་ས་ཆ་མེད་ལ་ཁང་པའང་མེད་པས་འཚོ་བ་འཁྱོལ་དཀའ་བའི་གནས་སུ་ལྷུང་ཡོད་སྐོར་བརྗོད་ཡོད་པ་མ་ཟད། ས་གནས་སྲིད་གཞུང་གིས་ས་ཆ་བཙན་འཕྲོག་བྱས་པའི་འབྲོག་པ་ཁག་ཅིག་གིས། བརྙན་ཐུང་བརྒྱུད་མིག་ཆུ་ཤོར་བཞིན་དུ་མགོ་ཁྲིད་ཚོས་མི་མང་གི་དཀའ་སྡུག་ལ་བསམ་ཤེས་དགོས་པའི་རེ་སྐུལ་བྱས་འདུག

ཞུ་གཏུག་ཡི་གེ་དེའི་ནང་དུ། ཕྱི་ལོ་ ༢༠༡༠ ལོར་ཐང་སྐོར་ཡུལ་ཚོའི་ས་གནས་སྲིད་གཞུང་གིས་གྲོང་ཁྱེར་ལྗང་མདོག་ཅན་དུ་བསྒྱུར་བར་ཁ་གཡར་ཏེ། ཐང་སྐོར་ཡུལ་ཚོ་སྐ་བར་མ་སྡེ་བའི་རྩྭ་ས་དང་འབྲོག་མང་སྡོད་ཁུལ་གྱི་ཧ་ལམ་མུའུ་ ༤༠༠ ལྷག་བཙན་གྱིས་བླངས་སོང་བ་དང་། ས་དེར་ཡོད་པའི་དུད་ཁྱིམ་ཉི་ཤུ་ལྷག་གནས་སྤོར་མི་བྱེད་ཐབས་མེད་བྱུང་ཞིང་། དེའི་ཁྲོད་ཀྱི་དུད་ཁྱིམ་བཅུ་ལྷག་ནི་དབུལ་ཕོངས་ཁྱིམ་ཚང་འབའ་ཞིག་ཡིན་ལ། མིག་སྔར་ཁྱིམ་ཚང་ཉི་ཤུ་ལྷག་དེར་སྡོད་གནས་སོགས་ཅི་ཡང་བཀོད་སྒྲིག་བྱས་མེད་ཀྱང་། སྲིད་གཞུང་གིས་བཤད་ན། བཙན་གྱིས་གནས་སྤར་བའི་ཁྱིམ་ཚང་ ༢༠ ལྷག་དེས་འབྲོག་པའི་སྡེ་གསར་དང་། འབྲོག་མང་གཏན་སྡོད་འཛུགས་སྐྲུན་ཁྲོད་ཁང་སའི་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་ཡོད་ཟེར་མོད། དོན་དངོས་སུ་འབྲོག་མང་གཏན་སྡོད་ནི་ ༢༠༡༤ ལོར་གསར་དུ་བསྐྲུན་པ་ཡིན་ལ། ཁྱིམ་ཚང་ཉི་ཤུ་ལྷག་དེ་ ༢༠༡༠ ལོར་རང་ལ་དབང་བའི་ཁང་ས་ནས་གནས་མི་སྤར་ཐབས་མེད་བྱུང་བ་རེད། གནས་སྤར་བའི་ལོ་ངོ་ ༤ རིང་སྲིད་གཞུང་གིས་གསལ་བཤད་ཅི་ཡང་བྱས་མེད། བཙན་གྱིས་བཤིག་པའི་ཁང་བ་དེ་དག་དང་བཙན་གྱིས་འཕྲོག་སོང་བའི་ཁང་ས་དེ་དག་ནི། འབྲོག་པ་རང་གིས་དངུལ་ཕུད་ནས་ཉོས་པ་རྐྱང་རྐྱང་ཡིན། འབྲོག་མང་གཏན་སྡོད་ཁང་བ་ནི་ཁང་བ་དང་ཁང་ས་འཕྲོག་སོང་བའི་ཁྱིམ་ཚང་དག་ལ་དམིགས་བསལ་གྱིས་ཐོབ་པ་མ་ཡིན་པར་སྡེ་བ་ཡོངས་ལ་ཡོད་པ་རེད། དེའི་ཕྱིར་འབྲོག་མང་གཏན་སྡོད་ནི་ཁང་ས་སྤར་དང་མ་སྤར་ལ་འབྲེལ་བ་མི་འདུག ཅེས་དང་།

མུ་མཐུད་དུ་བཀོད་དོན། འབྲོག་མང་གཏན་སྡོད་ཁང་བ་ཟེར་བ་འདིར་སྤུས་ཀ་ཧ་ཅང་ཞན་ལ། རླུང་གཡུག་པ་ཙམ་གྱིས་ཁང་བའི་ཀླད་ཚང་མ་ཁུར་འགྲོ་བས། གཏན་སྡོད་ཁང་བ་གསར་པ་དེ་ཚོ་ཉེན་ཁ་ཅན་ཞིག་མ་ཡིན་ནམ། བྱ་བ་འདི་རིགས་ནི་རྒྱལ་ཁབ་ཀྱི་མ་དངུལ་འཕྲོ་བརླག་ཏུ་བཏང་བ་མ་ཟད། ལྷག་པར་དུ་ཁང་བའི་ནང་འདུག་མཁན་གྱི་བདེ་འཇགས་ལ་འདང་གཏན་ནས་བརྒྱབ་མེད་པའི་ལས་ཀ་ཞིག་རེད། བསམ་ཡུལ་ལས་འདས་བ་ཞིག་ལ་འཁོས་ཆུང་དབང་ཆུང་གི་དབུལ་ཕོངས་ཁྱིམ་ཚང་སྐོར་ཞིག་རུ་སྤོར་དུ་བཅུག་པ་ལས། དབང་ཆ་ལྡན་པའི་ཁྱིམ་ཚང་རྣམས་སྔར་བཞིན་གཞི་སྡོད་གཏན་འཇགས་བྱས་འདུག དེ་ལས་ཀྱང་ཐལ་དྲགས་པའི་གནས་ཚུལ་ཞིག་ནི། སྲིད་གཞུང་གིས་གྲོང་ཁྱེར་ལྗང་མདོག་ཅན་དུ་བསྒྱུར་བའི་དར་ཆ་མཐོན་པོར་བསྒྲེངས་བཞིན་རྒྱལ་ཁབ་ཀྱི་མིང་བྱང་གཡར་ཏེ། རྩྭ་ས་ཕལ་ཆེར་མི་སྒེར་ལ་བཙོང་སྟེ་ལྗོངས་རྒྱུ་ལྟེ་གནས་བཙུགས་ཡོད་པ་མ་ཟད། ཐ་ན་ཕྱུགས་ཟོག་གིས་ཆུ་འཐུང་སའི་གནས་ཡུལ་དག་ཀྱང་ལས་ཁུངས་གང་ཡང་རུང་བ་ཞིག་གིས་སྒེར་གཅོད་བྱས་ནས་གྲུ་ཁ་འཛུགས་སྐྲུན་བྱེད་བཞིན་འདུག དེ་སྔོན་སྲིད་གཞུང་གིས་མགྲིན་པ་གཟེངས་སུ་བཏེགས་ཏེ། གྲོང་ཁྱེར་ལྗང་མདོག་ཅན་དུ་བསྒྱུར་བའི་ཁ་གཡང་དེ་ད་ནི་སྒེར་གྱི་ཧམ་སེམས་འགང་བྱེད་ཀྱི་འདུ་བཀོད་ལས་མ་འདས་སོ། དེ་བས་འབྲེལ་ཡོད་སྡེ་ཁག་གིས་ཐུགས་ཁུར་ཟབ་བཞེས་གནང་སྟེ། རྒྱལ་ཁབ་ཀྱི་རྩྭ་ཁྲིམས་ལྟར་མི་མང་མང་ཚོགས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་མཁྱེན་མཁྱེན། ཞེས་བཀོད་འདུག

ཡང་ཞུ་ཡིག་ནང་། ཕྱི་ལོ་ ༢༠༡༤ ལོར་རྩྭ་ས་དང་སྡོད་གནས་ཤོར་བའི་གནོད་འཚེ་ཐེབས་མཁན་དག་གིས་འཐུས་ཚབ་མི་སྣ་སྐོར་ཞིག་བདམགས་ཏེ་སྡེ་མང་ཨུ་ཡོན་ལྷན་ཁང་དང་གྲོང་རྡལ་སྲིད་གཞུང་། རྫོང་སྲིད་གཞུང་སོགས་ལ་གནད་དོན་ཐག་གཅོད་ཐད་ཀྱི་སྙན་གསེང་རབས་དང་རིམ་པ་ཐེངས་མང་ཞུས་མྱོང་ལ། རྫོང་སྲིད་གཞུང་གིས་ཀྱང་ཟླ་གཉིས་ཀྱི་ནང་གནད་དོན་མཐའ་དག་ཐག་གཅོད་བྱེད་རྒྱུ་ཡིན་པར་དམ་བཅས་ཡོད། ཡིན་ནའང་རྫོང་སྲིད་གཞུང་གིས་ཁ་བཤད་ཆུ་ཡི་ལྦུ་བ་ཟེར་བའི་དཔེ་ནང་བཞིན་མང་ཚོགས་ཀྱི་རེ་འབོད་རྩྭ་བཞིན་དོར་ཏེ་དང་དུ་བླངས་མ་བྱུང་། ཐེངས་སྔོན་མར་སྙན་གསང་ཞུས་པའི་དུས་ཚོད་ནི་ ༢༠༡༤ ཟླ་ ༡༡ པའི་ཚེས་ ༡༧ ཡིན་ལ། ཟླ་གཉིས་ཀྱི་དབང་དུ་བྱས་ནས་ ༢༠༡༥ ལོའི་ཟླ་ ༡ ཚེས་ ༡༧ ཉིན་ནི་དུས་བཅད་ཀྱི་ཉིན་མོར་བསླེབས་འདུག་ཀྱང་། ད་ལྟའང་གནད་དོན་ཐག་གཅོད་བྱས་མ་བྱུང་། དེའི་རྗེས་འཐུས་ཚབ་མི་སྣ་རྣམས་ཡང་བསྐྱར་རྫོང་སྲིད་གཞུང་གི་སྒོ་ཐེམ་བསྙེགས་ཏེ་མྱུར་མོར་གནད་དོན་ཐག་གཅོད་བྱེད་དགོས་ཚུལ་གྱི་བླང་བྱ་བཏོན་ཡང་། སྔར་བཞིན་ངལ་བ་འབྲས་མེད་དུ་གྱུར་སོང་སྟབས། གནོད་འཚེ་ཐེབས་མཁན་གྱི་མང་ཚོགས་རྣམས་ཐབས་ཟད་དེ་ཁྲིན་ཏུའུ་གྲོང་ཁྱེར་ལ་གཏུག་བཤེར་བྱེད་པར་མི་འགྲོ་ཀ་མེད་བྱུང་། ཞེས་དང་།

འདི་ལྟར་བགྱིས་པའི་དམིགས་ཡུལ་ཕྲ་མོ་ཡང་ངེས་པ་དོན་གྱིས་མང་ཚོགས་རྣམས་ཀྱི་གནད་དོན་ཐག་གཅོད་དང་། གནད་དོན་ལ་ཐུགས་འཁུར་བྱེད་མཁན་གྱི་མགོ་ཁྲིད་དམ་འབྲེལ་ཡོད་སྡེ་ཁག་ཅིག་འཚོལ་དུ་ཕྱིན་པ་ཡིན། ཐེངས་འདིའི་གཏུག་བཤེར་ཁྲོད་རྔ་བ་ཁུལ་མི་མང་སྲིད་གཞུང་གིས་གནད་དོན་འདི་དག་ཐག་གཅོད་ཕྱིར་ཆེད་དུ་ལས་བྱེད་མི་སྣ་སྐོར་ཞིག་མངགས་པར་དམ་བཅས་སོང་། ཡིན་ནའང་། འདི་ཐམས་ཅད་ཀྱང་བྱིས་པ་བསམ་མེད་ལ་མགོ་སྐོར་གཏོང་བྱེད་ཀྱི་གནའ་གཏམ་ལས་མ་འདས་སོ། དེ་ལས་ཀྱང་མི་སེམས་ལ་ཟུག་གཟེར་སློང་བྱེད་ཀྱི་དོན་དག་ཅིག་ནི། མཛོད་དགེ་རྫོང་མི་མང་སྲིད་གཞུང་གིས་བཙན་ཤེད་ཀྱིས་གཏུག་བཤེར་མི་སྣའི་ཁྲོད། རྒྱ་སྐད་བཤད་མཁན་གཉིས་ཡོད་པའང་འཛིན་བཟུང་བྱས་ཏེ་མཛོད་དགེ་རྫོང་དུ་བཙན་ཁྲིད་བྱས་པ་མ་ཟད། མི་གཅིག་ཉིན་བདུན་དང་མི་གཞན་གཅིག་ཉིན་བཅུའི་རིང་བཀག་སྐྱིལ་བྱས་ཡོད་པ་དང་། བཀག་སྐྱིལ་སྐབས་མི་སུ་དང་གང་ལའང་འཕྲད་དུ་མ་བཅུག་ཅིང་ཟས་རིགས་སོགས་ཀྱང་མཁོ་སྤྲོད་བྱེད་པར་བཀག་སྡོམ་བྱས། དེ་ལས་ཀྱང་ཚབས་ཆེ་བ་ཞིག་ནི་ཉེན་རྟོག་ཕྱོགས་ཀྱིས་བཟའ་མི་ལའང་བརྡ་ཙམ་མ་བཏང་བས། བཟའ་མི་རྣམས་ཀྱིས་ཕྱོགས་ཡར་མར་ལ་རྩད་བཅད་རྗེས་ད་གཟོད་ཉེན་རྟོག་ཕྱོགས་ཀྱིས་བཀག་སྐྱིལ་བྱས་ཡོད་པ་ཤེས་རྟོགས་བྱུང་། ཞེས་བཀོད་འདུག

ཡང་ཞུ་ཡིག་ནང་། ཚོགས་ཆེན་སྐབས་གཏུག་བཤེར་བྱས་རྗེས་ཁུལ་སྲིད་གཞུང་གིས་གནད་དོན་ཐག་གཅོད་ཀྱི་ལས་བྱེད་མི་སྣ་མངགས་མ་བྱུང་བས། ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༥ ཉིན་རྫོང་སྲིད་གཞུང་གིས་དྲང་བདེན་མིན་པའི་བསམ་འཆར་ཡི་གེ་ཞིག་བརྒྱུད་སྒྲོག་བྱས་བྱུང་། ཡིན་ནའང་། ང་ཚོས་སྔར་བཞིན་ཁ་ཞེ་གཉིས་མེད་དང་བློ་ཐག་རྦད་ཆོད་ཀྱིས་ས་གནས་སྲིད་གཞུང་ལ་ཡིད་ཆེས་བརྟན་པོ་བཅངས་ཡོད་པས། བརྒྱུད་རིམ་ལྡན་པའི་སྒོ་ནས་ཡང་བསྐྱར་གནད་དོན་ཐག་གཅོད་པར་རེ་ཞུ་བྱས་པ་ཡིན་ལ། མཛོད་དགེ་རྫོང་མི་མང་སྲིད་གཞུང་གིས་ཀྱང་ཉིན་ ༡༥ ནང་གནད་དོན་མཐའ་དག་ཐག་གཅོད་བྱེད་རྒྱུར་དམ་བཅས་པ་མ་ཟད། གལ་ཏེ་ཐག་གཅོད་ཀྱི་མཇུག་འབྲས་མང་ཚོགས་ཀྱི་འདོད་བློ་དང་མི་མཐུན་ན། རྔ་བ་ཁུལ་སྲིད་གཞུང་ལ་རེ་ཞུ་བྱས་ཆོག་ཟེར། འོན་ཀྱང་རྫོང་སྲིད་གཞུང་གིས་ཡང་བསྐྱར་མི་མང་མང་ཚོགས་ཀྱི་རེ་འབོད་རྣ་རྒྱབ་ཀྱི་ལྷག་པ་བཞིན་རྒྱང་དུ་དོར་ཏེ་ཨ་ལན་སྤྲད་མེད་པ་མ་ཟད། ད་ལྟ་ས་གནས་སྲིད་གཞུང་གིས་ནམ་རྒྱུན་ང་ཚོའི་གནད་དོན་འཚོལ་བཞིན་ཡོད་པ་མ་ཟད། ང་ཚོའི་བྱ་བ་སྤྱོད་པ་ནི་ཁྲིམས་འགལ་ཡིན་པའི་འཇིགས་སྐུལ་གནང་གི་འདུག ཁོ་ཚོའི་དམིགས་ཡུལ་ནི་ང་ཚོ་འགོག་པ་ལས་དོན་དག་དངོས་ལ་གཟིགས་ཏེ། ང་ཚོའི་གནད་དོན་ཐག་གཅོད་ལ་འབད་ཀྱི་མེད་པ་མ་ཟད། སྐབས་རེར་ཁྱོད་ཚོས་མུ་མཐུད་ས་དོན་བཤད་ན་ལོ་གསུམ་ནས་བཞི་བར་གྱི་ཁྲིམས་ཐག་གཅོད་ཀྱི་ཡིན་ཞེས་འཇིགས་སྐུལ་གནང་བ་དང་། མཚམས་རེར་འབྲོག་ཁྱིམ་དུ་ཡོང་ནས་གང་འདོད་ཀྱིས་པར་དུ་ལེན་པ། ཡང་མཚམས་རེར་ཁྱོད་ཚོའི་རྩོད་ལེན་ནི་འབྲས་བུ་མེད་པའི་བྱ་བ་ཞིག་ཡིན་སྐོར་བརྗོད་པ་སོགས་ཀྱིས། ང་ཚོའི་ལུས་སེམས་ཀྱི་བདེ་འཇགས་ཐད་འཇིགས་སྣང་ཚབས་ཆེན་ཐེབས་ཀྱི་འདུག ཅེས་དང་།

ཞུ་ཡིག་གི་མཇུག་ཏུ། བཀུར་འོས་པའི་མགོ་ཁྲིད་ལགས། ང་ཚོ་འབྲོག་པ་དག་གིས་རྒྱ་སྐད་མི་འཇོན་ལ། ཁྲིམས་ལུགས་ལའང་རྨོངས། ཡིན་ནའང་། ང་ཚོ་ལ་མཚོན་ན། རྩྭ་ས་ནི་འཚོ་བ་བརྟེན་ས་ཉག་གཅིག་ཡིན། གལ་ཏེ་རྩྭ་ས་མེད་སོང་བ་དང་། ཁང་ས་མེད་སོང་ན། ང་ཚོ་ལ་ཅི་ཡང་མེད་སོང་བ་རེད། ཡིན་ནའང་། ང་ཚོ་རྒྱལ་ཁབ་དང་ཀྲུའུ་ཞི་ཞི་ཅིན་ཕིན་ལ་ཡིད་ཆེས་ཡོད། འབྲེལ་ཡོད་གོང་རིམ་མགོ་ཁྲིད་ཀྱིས་ང་ཚོའི་ས་དོན་ཐག་གཅོད་དྲང་མོ་བྱེད་པར་རེ་སྒུག་བྱས་ཡོད། ང་ཚོ་ལ་རེ་བ་གསུམ་མ་གཏོགས་མེད། གཅིག་ང་ཚོའི་ཁང་བ་གཞུང་བཞེས་བྱས་པའི་ལོ་འདི་དག་ལ་གསབ་དངུལ་མི་དགོས། ཡིན་ནའང་། ས་གནས་སྲིད་གཞུང་གིས་བླངས་སོང་བའི་ང་ཚོའི་ཁང་ས་ཕྱིར་གནང་རོགས། གཉིས། ང་ཚོར་ས་གནས་སྲིད་གཞུང་གིས་དངོས་གནས་བདེ་འཇགས་ངང་གནས་སྡོད་ཆོག་པའི་འབྲོག་མང་གཏན་སྡོད་ཀྱི་ཁང་པ་ཞིག་སྤྲོད་རོགས། གསུམ། ང་ཚོར་ས་གནས་སྲིད་གཞུང་གི་མགོ་ཁྲིད་ཚོས་འཇིགས་སྐུལ་ཚབས་ཆེན་བྱས་སོང་བས། རྫོང་སྲིད་གཞུང་གི་མགོ་ཁྲིད་ཚོས་ང་ཚོའི་ཁེ་དབང་དང་བདེ་འཇགས་ལ་སྲུང་སྐྱོབ་གནང་རོགས། ཞེས་འབོད་སྐུལ་བྱས་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༢ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese