མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡེ་ཤུའི་ཆོས་དཔོན་ཌེ་སི་མོན་ཀྲའུ་ཀྲའུ་མཆོག་དྷ་རམ་ས་ལར་ཕེབས།

བོད་ཀྱི་དུས་བབ།
༢༠༡༥/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཡེ་ཤུའི་ཆོས་དཔོན་ཌེ་སི་མོན་ཀྲའུ་ཀྲའུ་མཆོག་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཡོད་ཅིང་། ༧གོང་ས་མཆོག་དང་ལྷན་དུ་ཉིན་ལྔའི་རིང་བདེ་སྐྱིད་སྐོར་གྱི་ཕྱག་དེབ་ཅིག་རྩོམ་སྒྲིག་གནང་ཕྱོགས་སྐོར་ལ་ཕྱག་ལས་གནང་རྒྱུ་ཡིན་འདུག

༧གོང་ས་མཆོག་དང་ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེ་སི་མོན་ཀྲའུ་ཀྲའུ་ (Archbishop Desmond Tutu) མཆོག་རྣམ་གཉིས་ཀྱིས་དགའ་སྐྱིད་(JOY)ཅེས་པའི་དཔེ་དེབ་ཅིག་ལྗགས་རྩོམ་གནང་འཆར་ཡོད་སྟབས། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༤༥ ཐོག་ཆོས་དཔོན་ཌེ་སི་མོན་ཀྲའུ་ཀྲའུ་མཆོག་གྷ་གྷལ་གནམ་ཐང་དུ་འབྱོར་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ཆེད་དུ་བཞུགས་སྒར་ཕོ་བྲང་ནས་གྷ་གྷལ་གནམ་ཐང་དུ་ཞབས་སོར་བཀོད་དེ། ཁོང་གི་ཆོས་གྲོགས་ཌེ་སི་མོན་ཀྲའུ་ཀྲའུ་མཆོག་ལ་ཕེབས་བསུ་ཞུས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བདེ་སྲུང་བཀའ་བློན་མཆོག དེ་མིན་བཞུགས་སྒར་ཁུལ་གྱི་མང་ཚོགས་བཅས་ཀྱིས་ཀྱང་ཕེབས་བསུ་ཞུས་སོང་།

ལྷོ་ཨ་ཧྥི་རི་ཀའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཆོས་དཔོན་ཌེ་སི་མོན་ཀྲའུ་ཀྲའུ་མཆོག་གྷ་གྷལ་གནམ་ཐང་དུ་འབྱོར་མ་ཐག རྒྱ་གར་དང་བོད་པའི་གསར་འགོད་པ་ཚོས་ཁོང་ལ། དུས་ཡུན་གང་འཚམ་རྗེས་སླར་ཡང་རྒྱ་གར་དྷ་རམ་ས་ལར་ཕེབས་པར་ཚོར་བ་གང་འདྲ་བྱུང་བ་དྲིས་པའི་ལན་དུ་ཁོང་གིས། ད་རེབ་ངའི་བརྩེ་བའི་ཆོས་གྲོགས་དང་ལྷན་དུ་མཉམ་འཛོམས་བྱུང་བར་དགའ་ཚོར་ཆེན་པོ་ཞེ་དྲགས་བྱུང་། མི་འགའ་ཤས་ཀྱི་བྱ་སྤྱོད་དང་ཕྱིའི་གནོན་ཤུགས་དབང་གིས་ཆོས་གྲོགས་ངེད་གཉིས་ཁ་བྲལ་གཏོང་ཐབས་བྱེད་བཞིན་ཡོད་ཀྱང་། ངེད་གཉིས་བར་ཕན་ཚུན་བརྩེ་བ་ཟབ་མོ་ཡོད་པ་མ་ཟད། འཛམ་གླིང་ཀུན་ཁྱབ་ལ་མཁོ་བའི་རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས་ད་ལྟ་དང་མ་འོངས་པར་མཇལ་རྒྱུའི་གོ་སྐབས་ཡོང་གི་རེད། དེ་སྔོན་ང་རང་ལོ་ ༨༠ ལ་སོན་པའི་སྐྱེས་སྐར་སྐབས་ངས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལྷོ་ཨ་ཧྥི་རི་ཀར་གདན་འདྲེན་ཞུས་ཀྱང་། ཁོང་ལ་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་ཐོངས་མཆན་ཕུལ་མེད་སྟབས། ངེད་གཉིས་ཀྱིས་དྲ་ཐོག་བརྒྱུད་སྐད་ཆ་བཤད་ནས་རྒྱལ་ཡོངས་ལ་ཐད་གཏོང་བྱས་ཡོད་པ་མ་ཟད། སྐབས་དེར་ངས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཕུགས་བསམ་ག་ཚོད་ཡོད་མེད་དང་རྒྱ་ནག་གཞུང་ཁོང་ལ་ཞེད་དགོས་དོན་གང་ཡིན་དྲིས་པ་ཡིན།

ངས་ཁོ་ཚོས་བཤད་པ་དེ་བདེན་པ་ཡིན་སྲིད་པ་ཞིག་རེད། རྒྱ་ནག་གཞུང་གིས་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་མཛད་འཕྲིན་ཁག་ལ་དུས་དང་རྣམ་པ་ཀུན་ཏུ་དོ་ནན་ཆེན་པོས་འགོག་རྐྱེན་བཟོ་བཞིན་ཡོད། དེ་སྔོན་༧གོང་ས་མཆོག་ནེལ་སན་མན་ཌ་ལཱ་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་གནང་སྐབས་ལྷོ་ཨ་ཧྥི་རི་ཀའི་ནང་ཆིབས་བསྐྱུར་བསྐྱངས་ཡོད་ཀྱང་། སྐབས་དེར་གཞུང་དམངས་གཉིས་ལ་སྡུག་ཕྱོགས་ནས་ཤུགས་རྐྱེན་གང་ཡང་ཐེབས་མེད་པ་ལྟར། མ་འོངས་པ་ལའང་ཕྱོགས་གཉིས་བར་ཕན་ཚུན་འཆམ་མཐུན་དང་བྱམས་བརྩེ། བསམ་ཤེས་དང་མཉམ་གནས་བྱེད་ཐུབ་པ་ཡིན་ན། ད་ལྟ་དཀྱིལ་ཤར་ཡུལ་གྲུའི་ནང་སི་རི་ཡ་དང་ཨི་རག་གི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ (ISI) གིས་ཁེན་ཡཱ་སོགས་ནང་དྲག་སྤྱོད་བྱ་འགུལ་སྤེལ་ཏེ། དཀོན་མཆོག་ངུ་ཤོར་བ་བཟོ་བཞིན་པ་དག་འབྱུང་གི་མ་རེད། ད་ཐེངས་ང་འདིར་ཡོང་དགོས་དོན་ནི་༧གོང་ས་མཆོག་དང་མཉམ་འཛོམས་བྱས་ནས་མཛའ་གྲོགས་ཀྱི་དཔལ་ལ་རོལ་རྒྱུ་དང་འབྲེལ་བདེ་སྐྱིད་དང་དགའ་བ་སྐོར་ལ་བཀའ་མོལ་གནང་རྒྱུ་ཡིན། ཞེས་གསུངས་སོང་།

༧གོང་ས་མཆོག་གྷ་གྷལ་གནམ་ཐང་དུ་ཆོས་དཔོན་ཌེ་སི་མོན་ཀྲའུ་ཀྲའུ་མཆོག་གི་ཕེབས་བསུར་བཅར་སྐབས་གསར་འགོད་པར། དེ་རིང་ངའི་བརྩེ་བའི་ཆོས་གྲོགས་འདིར་ཕེབས་ཀྱི་ཡོད་སྟབས་དགའ་ཚོར་ཆེན་པོ་འདུག གང་ཡིན་ཟེར་ན་གཅིག་ནས་ཁོང་འགྲོ་བ་མིའི་རིགས་ཤིག་ཡིན་པའི་ཆ་ནས་བཤད་ན། མི་ངོ་མཚར་ཅན་ཞིག་ཡིན་པ་དང་། གཉིས་ནས་ཆོས་ཕྱོགས་ཐོག་ནས་བཤད་ན་ཆོས་ཉམས་ལེན་བྱེད་མཁན་གྱི་ཆོས་པ་རྣམ་དག་ཅིག་ཡིན། གསུམ་ནས་ཁོང་ནི་ངོས་ཀྱི་མཛའ་མཐུན་གྱི་ཆོས་གྲོགས་ཡག་པོ་ཞིག་ཡིན་པ་མ་ཟད། དུས་རྒྱུན་ཁོང་གིས་ངོས་ཀྱི་སྐོར་འགྲེལ་བཤད་གནང་སྐབས་ངོས་ནི་འཚུབ་ཆ་ཅན་གྱི་ཏཱ་ལའི་བླ་མ་རེད་རྗོད་ཀྱི་ཡོད་པ་ལྟར། ངོས་ཀྱིས་ཀྱང་ཁོང་འཚུབ་ཆ་ཅན་གྱི་མི་ཞིག་རེད་ཅེས་ཁོང་ལ་ཀུ་རེ་བྱས་ནས་ཞུ་གི་ཡོད། ཁོང་ནི་སྙན་གྲགས་ཅན་གྱི་མི་སྣ་ཞིག་ཡིན་པ་མ་ཟད་མི་བཟང་པོ་ཞིག་ཀྱང་ཡིན། ཁོང་ཡེ་ཤུའི་ཆོས་པ་ཡིན་པ་གང་ཞིག་ཆོས་ལུགས་ཚང་མར་གུས་བརྩི་གནང་མཁན་གྱི་སྐྱེ་བུ་ཞིག་ཡིན། དེ་རིང་ཞོགས་པར་ཁོང་གིས་ཨཱ་མེར་སར་གསེར་གྱི་ལྷ་ཁང་ (Golden Temple) མཇལ་གནང་ཡོད་པ་རེད། ཅེས་གསུངས་སོང་།

གསར་འགོད་པས་སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས་སུ། ད་རེབ་ཌེ་སི་མོན་ཀྲའུ་ཀྲའུ་མཆོག་བཞུགས་སྒར་དྷ་རམ་ས་ལར་ཕེབས་དོན་གང་ཡིན་སྐོར་དྲིས་པར་ཁོང་གིས། དེ་སྔོན་༧གོང་ས་མཆོག་དང་ཌེ་སི་མོན་ཀྲའུ་ཀྲའུ་མཆོག་རྣམ་གཉིས་ཀྱིས་དགའ་སྐྱིད་ཅེས་པའི་དཔེ་དེབ་ཅིག་ལྗགས་རྩོམ་གནང་རྒྱུའི་བཀའ་མོལ་བྱུང་ཡོད་སྟབས། ད་ཐེངས་ཁོང་འདིར་ཕེབས་ནས་༧གོང་ས་མཆོག་དང་དེབ་དེའི་སྐོར་ལ་བཀའ་བསྡུར་དང་དྲི་བ་དྲིས་ལན་གནང་རྒྱུ་མ་ཟད། དཔེ་དེབ་རྩོམ་སྒྲིག་གནང་མཁན་གྱི་ཕྱི་རྒྱལ་བ་དང་༧གོང་ས་མཆོག་གི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྤྱིན་པ་ལགས་ཀྱང་ཕེབས་ཡོད་པ་རེད། ཅེས་བརྗོད་བྱུང་།

ཁོང་ལ་ཆོས་དཔོན་ཌེ་སི་མོན་ཀྲའུ་ཀྲའུ་མཆོག་དྷ་རམ་ས་ལར་ཉིན་གྲངས་ག་ཚོད་བཞུགས་མིན་དང་མཛད་འཆར་གང་དག་ཡོད་མེད་དྲིས་པར་ཁོང་གིས། ཌེ་སི་མོན་ཀྲའུ་ཀྲའུ་མཆོག་བཞུགས་སྒར་དུ་ཉིན་ ༥ རིང་བཞུགས་རྒྱུ་ཡིན་ཡང་། དུས་ཚོད་མང་ཆེ་བ་དཔེ་དེབ་རྩོམ་སྒྲིག་སྐོར་ལ་གཏོང་རྒྱུ་ཡིན་སྟབས། ད་ལྟའི་ཆར་མཛད་འཆར་གང་ཡང་གཏན་འཁེལ་བྱས་མེད་ཀྱང་། ད་ལྟ་ང་ཚོས་ཐབས་ཤེས་བྱེད་བཞིན་པ་ཞིག་ལ་ཉིན་གཅིག་༧གོང་ས་མཆོག་དང་ཌེ་སི་མོན་ཀྲའུ་ཀྲའུ་མཆོག་རྣམ་གཉིས་དྷ་སྟེང་བོད་ཁྱིམ་ལ་བཅར་ནས་སློབ་ཕྲུག་ཚོ་དང་་བཀའ་མོལ་གནང་རྒྱུའི་གོ་སྐབས་ཤིག་བསྐྲུན་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

ཆུ་ཚོད་ ༣ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་གི་འདྲ་འབག

ཆུ་ཚོད་ ༤ སྔོན་ལ།
Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

ཆུ་ཚོད་ ༢༠ སྔོན་ལ།
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༢༣ སྔོན་ལ།
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

༢༠༢༦/༠༣/༢༣

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་་ ད་ལྟ་ང་ཚོས་ཐབས་ཤེས་བྱེད་བཞིན་པ་ཞིག་ལ་ཉིན་གཅིག་༧གོང་ས་མཆོག་དང་ཌེ་སི་མོན་ཀྲའུ་ཀྲའུ་མཆོག་རྣམ་གཉིས་དྷ་སྟེང་བོད་ཁྱིམ་ལ་བཅར་ནས་སློབ་ཕྲུག་ཚོར་ནམ་རྒྱུན་བཀའ་མོལ་གནང་བ་ལྟར་མིན་པར།
    གུ་ཡངས་པོའི་ཐོག་ནས་ཕྲུ་གུ་ཚོ་དང་མཉམ་དུ་རྩེད་མོ་རྩེད་རྒྱུའི་གོ་སྐབས་ཤིག་བསྐྲུན་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། ་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese