ཁ་སང་བོད་ཕྱི་ནང་གཉིས་ནས་་༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་པ་རེད།
འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁ་སང་དཀར་མཛེས་ཁུལ་རྟའུ་བྲག་དཀར་དགའ་ལྡན་ཆོས་གླིང་གི་བཙུན་མ་ཚོས། ༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་དང་བཅུ་གཅིག་པ་རྣམ་གཉིས་ཀྱི་སྐུ་པར་བཤམས་ཤིང་། ཁ་བའི་ནང་དུ་ ༼པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ༽ཞེས་པའི་ཡི་གེ་བྲིས་ཏེ། ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་འདུག
དེ་བཞིན་བཞུགས་སྒར་དྷ་རམ་ས་ལའི་གཙོས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ལྷོ་ཕྱོགས་སོགས་སུའང་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་པ་དང་འབྲེལ། རྒྱ་གཞུང་གིས་ཁོང་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་དང་ཞབས་བརྟན་གསོལ་འདེབས་གསུང་འདོན་གནང་ཡོད་པ་རེད།
གསར་འགོད་པ། པདྨ་མཚོ།
རྒྱ་གཞུང་།
རྒྱ་གཞུང་ཆེ་ཡང་ཆེ་དགོས་མ་ཆོད། །
པཎ་ཆེན་ཆུང་ཡང་ཆུང་དགོས་ཆོད་སོང་། །
པཎ་ཆུང་།
པཎ་ཆུང་ལོ་དྲུག་བཙན་འཁྱེར་བྱས་ཀྱང་། །
ཉི་ཤུའི་རྗེས་སུ་རྗེས་དྲན་བྱས་སོང་། །