མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་གི་ཚོང་འབྲེལ།

བོད་ཀྱི་དུས་བབ།
༢༠༡༥/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེས་རྒྱ་ནག་གི་ཁེ་ལས་མཁས་ཅན་ ༢༠ ལྷག་ཐུག་སྟེ་ཨ་སྒོར་ཐེར་འབུམ་ ༢༢ ཀྱི་ཚོང་དོན་གྲོས་མཐུན་བཞག་ཡོད་འདུག

ཉིན་འདི་འགར་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་རྒྱ་ནག་ནང་གཟིགས་སྐོར་གནང་གི་ཡོད་པ་ལྟར། དེ་རིང་སྔ་དྲོ་ཧྲང་ཧེ་གྲོང་ཁྱེར་རྒྱ་དཀར་ནག་གཉིས་ཀྱི་ཚོང་དོན་གླེང་སྟེགས་ཐོག་བཞུགས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཕན་ཚུན་བར་མཉམ་ལས་གོང་འཕེལ་གཏོང་ཐབས་ཐོག་གཏམ་བཤད་སྤེལ་ཡོད་པ་མ་ཟད། རྒྱ་ནག་གི་དྲ་ཐོག་ཚོང་གཉེར་ཁེ་ལས་ཨ་ལེ་བྷ་བྷ་དང་ཞའོ་མེ་ (Xiaomi)། ཧཱ་བྷེ་(Huwei) སོགས་ཀྱི་ཁེ་ལས་ཁག་གི་སྤྱི་ཁྱབ་འགན་འཛིན་ ༢༢ དང་ཐུག་འཕྲད་བྱས་ཏེ། རྒྱ་གར་གྱི་ཝོལ་སེ་པུང་གློག་ཤུགས་ཁེ་ལས་ (Welspung Energy PVT.Ltd) དང་རྒྱ་ནག་གི་ཉི་འོད་བཀོལ་སྤྱོད་ཁེ་ལས་(Trina Solar) བར་ཚོང་འབྲེལ་བྱ་རྒྱུ་དང་། རྒྱ་གར་གྱི་གློག་འདོན་ཁེ་ལས་དང་རྒྱ་ནག་གི་མེན་ཡན་དང་རྒྱལ་སྤྱིའི་རླུང་བཀོལ་ནུས་ཤུགས་ཁེ་ལས་བར་མཉམ་ལས་ཁེ་ལས་འཛུགས་རྒྱུ། རྒྱ་གར་གྱི་ཇིན་ཌལ་དྭངས་ལྕགས་དང་གློག་ཤུགས་ཁེ་ལས་དང་རྒྱ་ནག་གི་བཟོ་ཚོང་དངུལ་ཁང་བར་མཉམ་ལས། རྒྱ་གར་གྱི་ཨ་ཌ་ཎེ་གྲུ་ཁ་དང་གོང་ཀྲུའུ་གྲུ་ཁ་གཉིས་སྤུན་ཟླའི་གྲུ་ཁར་འགྱུར་རྒྱུ་སོགས་ཨ་སྒོར་ཐེར་འབུམ་ ༢༢ ཀྱི་ཚོང་དོན་གྲོས་མཐུན་ཁག་ ༢༡ བཞག་ཡོད་འདུག

ནཱ་རེན་ཌ་མུ་དྷེས་རྒྱ་གར་གྱི་དུས་བབ་དང་བརྙན་འཕྲིན་བརྒྱུད་ལམ་ (NDTV) ཐོག་བརྗོད་དོན། “ད་ལྟ་རྒྱ་གར་ལ་ཚོང་འབྲེལ་གྱི་སྒོ་མོ་ཕྱེ་ཡོད་པ་མ་ཟད། ཁྱེད་ཚོས་ཀྱང་ཤེས་ཀྱི་ཡོད་སྟབས། ངས་ཁྱེད་ཚོས་རྒྱ་གར་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་བཟོ་རྒྱུར་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་རྒྱག་གི་ཡོད། ཁྱེད་ཅག་ནི་འཛམ་གླིང་གི་བཟོ་གྲྭ་ཞིག་ཡིན་པ་དང་། ངེད་ཅག་ནི་འཛམ་གླིང་ཐོག་རིག་རྩལ་གྱི་ཞབས་ཞུ་སྒྲུབ་མཁན་ཞིག་ཡིན་སྟབས། ང་ཚོས་ཐུན་མོང་གི་ཁེ་ཕན་དང་འཕེལ་རྒྱས་ཆེད་མཉམ་ལས་བྱེད་དགོས། རྒྱ་ནག་དང་རྒྱ་དཀར་ནི་སྟོབས་ཆེན་རྒྱལ་ཁབ་ཡིན་པ་མ་ཟད་ལོ་རྒྱུས་ཐོག་དཔལ་ཡོན་རྙིང་ཤོས་གྲས་ཡིན་པའི་ཡུལ་གྲུ་ཞིག་ཀྱང་ཡིན་སྟབས། ངས་དུས་རབས་འདི་ནི་ཨེ་ཤ་ཡའི་དུས་རབས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། ནང་ཆོས་ནི་ཨེ་ཤ་ཡའི་རྒྱལ་ཁབ་བར་ནུས་སྤུངས་གཅིག་སྒྲིལ་བྱེད་མཁན་གྱི་རྒྱུ་ཆ་གཙོ་བོ་དེ་ཡིན།

རྒྱ་ནག་དང་རྒྱ་དཀར་ལ་མཐུན་པའི་ཆ་མང་པོ་ཡོད་སྟབས་མཉམ་ལས་གང་མང་བྱེད་ཐུབ་ཀྱི་རེད། རྒྱ་གར་ནི་ཤེས་ཡོན་གྱིས་ཕྱུག་པའི་སྤྱི་ཚོགས་ཤིག་ཡིན་པ་དང་། རྒྱ་ནག་ནི་གསར་གཏོད་ཀྱི་རྣམ་དཔྱོད་ལྡན་པའི་སྤྱི་ཚོགས་ཤིག་ཡིན། རྒྱ་གར་བས་གསར་གཏོད་བྱས་པའི་རྣམ་གྲངས་ཀླད་ཀོར་དང་། ཚན་རིག་པས་གཏོད་པའི་གོ་ལའི་རྒྱུ་སྐར་དགུ་པོས་རྒྱ་ནག་གིས་ཕུགས་བསམ་མངོན་འགྱུར་བྱེད་ཐུབ་ཡོད་སྟབས། ད་ལྟ་ང་ཚོས་བསམ་རྒྱ་དང་ཆོས་ཕྱོགས་ཐོག་ཕན་ཚུན་རོགས་ཕན་བྱེད་བཞིན་པ་ལྟར། དཔལ་འབྱོར་འཕེལ་རྒྱས་ཐད་ལའང་རོགས་རམ་བྱེད་དགོས་པ་ཆགས་ཡོད་སྟབས། ངས་ཁྱེད་ཚོར་རྒྱ་གར་བསྐྲུན་པར་ཕེབས་ཤོག་ཞུ་གི་ཡོད། དེ་ཡང་ཞིང་ཁ་ནས་རྒྱུ་ཆ་དང་། རྒྱུ་ཆ་ནས་དཔེ་གསར་གྱོན་གོས། དཔེ་གསར་གྱོན་གོས་ནས་ཕྱི་རྒྱལ་ལ་ཕྱིར་ཚོང་བྱ་རྒྱུ་བཅས་(5F’ formula)ཞེས་པའི་ཐབས་ལམ་འོག་ཕེབས་ཤོག་ཞུ་གི་ཡོད།”ཅེས་བརྗོད་འདུག

རྒྱ་ནག་གི་དྲ་ཐོག་ཚོང་གཉེར་ཁེ་ལས་ཨ་ལི་བྷ་བྷ་ཡི་སྤྱི་ཁྱབ་འགན་འཛིན་ཇག་མཱ་ (Jack Ma) ཡིས་ཧིན་རྡུ་སི་ཐན་དུས་བབ་ཐོག “ང་ཚོས་རྒྱ་གར་ལ་སྤྲོ་བ་ཚད་མེད་སྐྱེས་ཀྱི་འདུག་ལ། ང་ཚོས་དེ་བས་རྒྱ་གར་བསྐྲུན་པ་དང་རྒྱ་གར་ཚན་རྩལ་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུར་འདོད་པ་ཡོད།”ཅེས་དང་། ཞའོ་མེ་ཁེ་ལས་ཀྱི་སྤྱི་ཁྱབ་འགན་འཛིན་ལིན་བན་ (Lin Bin) གྱིས། “ང་ཚོས་རྒྱ་གར་གཞུང་གིས་ང་ཚོའི་ཁེ་ལས་ཁག་ལ་ཁྲོམ་རྭ་དང་ངལ་རྩོལ་བ་གང་མང་བསྐྲུན་རྒྱུའི་ཡིད་ཆེད་བྱེད་ཀྱི་ཡོད།” ཅེས་བརྗོད་འདུག

དེ་རིང་རྒྱ་གར་གྱི་བང་ཆེན་ (Indian Express) དང་ཧིན་རྡུ་སི་ཐན་དུས་བབ་(Hindustan Times)། དབྱིན་ཡུལ་གྱི་ཆ་འཕྲིན་དང་ཨ་རིའི་ནེའུ་ཡོག་དུས་བབ་བཅས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ༢༠༠༡ ནས་ ༢༠༠༢ ལོའི་བར་རྒྱ་ནག་དང་རྒྱ་གར་བར་གྱི་ཚོང་འབྲེལ་ཐོག་རྒྱ་གར་ལ་ཨ་སྒོར་ཐེར་འབུམ་གཅིག་ཙམ་ལས་ཚོང་འབྲེལ་ཐོག་གྱོང་རག་གི་མེད། ༢༠༡༤ ལོར་རྒྱལ་ཁབ་གཉིས་བར་ཨ་སྒོར་ཐེར་འབུམ་ ༧༠ ཙམ་གྱི་ཚོང་འབྲེལ་བྱས་ཡོད་ཀྱང་། རྒྱ་གར་ལ་ཨ་སྒོར་ཐེར་འབུམ་ ༣༨ ཙམ་གྱི་ཚོང་འབྲེལ་གྱོང་རག་ཡོད་སྟབས། ཁ་སང་དང་ཁ་ཉིན་བཅས་ཉིན་གཉིས་རིང་སྲིད་བློན་མུ་དྷེས་རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་ཐུག་སྐབས་རྒྱལ་ཁབ་གཉིས་བར་ཚོང་དོན་མཉམ་ལས་དང་ས་མཚམས་རྩོད་ཉོག རྒྱ་གར་ལ་ཚོང་དོན་ཐོག་གྱོང་རག་བཞིན་པ་དག་ལ་གྲོས་མོལ་བྱས་ཡོད་པ་མ་ཟད། ལྷག་པར་དུ་རྒྱལ་ཁབ་གཉིས་ཀྱིས་ཞི་མོལ་བརྒྱུད་ས་མཚམས་རྩོད་ཉོག་ཞི་འགྲིག་བྱ་ རྒྱུ་ཐག་གཅོད་བྱས་ཡོད་ཀྱང་། མ་འོངས་པར་ས་མཚམས་རྩོད་ཉོག་གསལ་རྒྱུ་ཁག་པོ་ཡིན་པ་མ་ཟད་རྒྱ་གར་གྱི་ཁྲོམ་རྭ་མང་ཆེ་བ་རྒྱ་ནག་ནང་བཟོས་པ་ (Made in China) རེད་ཅེས་སོགས་ཀྱི་དངོས་ཟོག་གིས་ཁེངས་རྒྱུ་ཡིན་སྐོར་སོགས་བཀོད་འདུག

ད་ཐེངས་ཧྲང་ཧེ་ཚོང་དོན་ལྷན་ཚོགས་སྐབས་བཅར་བའི་རྒྱ་གར་ཨིན་ཕོ་སི་ (Infosys) ཁེ་ལས་འགན་འཛིན་ཝུ་ཤལ་སེག་ཀཱ་ (Vishal Sikka) ཡིས་རྒྱ་གར་དུས་བབ་ཐོག “སྲིད་བློན་མུ་དྷེས་རྒྱལ་ཁབ་གཉིས་བར་གྱི་དཀའ་རྙོག་དང་ཚོང་དོན་ཐོག་མཉམ་ལས་བྱེད་ཕྱོགས་གཙོས། རྒྱལ་ཁབ་གཉིས་བར་གྱི་ལོ་རྒྱུས་འབྲེལ་ལམ་དང་མ་འོངས་ཁ་ཕྱོགས་འཛིན་སྟངས་ཐད་གསལ་ཁ་ཡག་པོ་བསྟན་སོང་བས། མ་འོངས་རྒྱལ་ཁབ་གཉིས་བར་ཆབ་དཔལ་གཉིས་ཀའི་འབྲེལ་ལམ་ཡག་པོ་ཡོང་བའི་རེ་བ་རྒྱག་གི་ཡོད།”ཅེས་དང་། བྷར་ཌི་ཁེ་ལས་(Bharti Enterprises) ཀྱི་སྤྱི་ཁྱབ་འགན་འཛིན་ར་ཇན་མེ་ཌལ་ (Rajan Mittal) གྱིས། “རྒྱ་གར་ལ་ཚོང་འབྲེལ་ཐོག་གྱོང་ཆེན་པོ་རག་བཞིན་ཡོད་སྟབས། དཀའ་ངལ་དེ་མ་སེལ་ཚེ་ད་དུང་དེ་ལས་མང་བའི་གྱོང་རག་རྒྱུ་རེད།”ཅེས་བརྗོད་འདུག

དེ་རིང་ཉིན་རྒྱབ་ནཱ་རེན་ཌ་མུ་དྷེས་ཧྲང་ཧེ་ཕུའུ་ཏན་སློབ་ཆེན་ (Fudan) ནང་གྷན་དྷེའི་ལྟ་གྲུབ་སྦྱོང་ས་དང་རྒྱ་གར་གྱི་ཤེས་ཡོན་ཚན་ཁག་དབུ་འབྱེད་བྱས་ཡོད་ཅིང་། སྐབས་དེར་རྒྱ་ནག་གི་སློབ་མ་ཚོས་བྷག་བྷ་ཌ་གྷེ་ཌ་ ( Bhagwad Gita) སྐྱོར་རྗེས། མུ་དྷེས་ད་ལྟ་ཁོར་ཡུག་གཏོར་སྐྱོན་རྐྱེན་པས་འཛམ་གླིང་གི་ཚ་དྲོད་འཕེལ་བཞིན་ ཡོད་པ་མ་ཟད། འཇིགས་སྐུལ་རིང་ལུགས་པའི་དཀའ་ངལ་ཡང་ཡོད་སྟབས། གྷན་དྷེའི་ལྟ་གྲུབ་ནི་དཀའ་རྙོག་དེ་དག་སེལ་བའི་ལྡེ་མིག་ལྟ་བུ་ཆགས་ཡོད་སྐོར་སོགས་གཏམ་བཤད་བྱས་འདུག སང་ཉིན་ནཱ་རེན་ཌ་མུ་དྷེ་སོག་ཡུལ་དང་དེའི་རྗེས་ལྷོ་ཀོ་རི་ཡར་ཕྱིར་བསྐྱོད་བྱ་རྒྱུ་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese