མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤ་བོ་ཆོས་བསྟན་ཨང་དང་པོ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༢༥ ཉིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE) ཀྱི་འཛིན་རིམ་ ༡༢ ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་བའི་ཁྲོད། བོད་རིགས་སློབ་ཕྲུག་ཁག་ལས་ཨང་དང་པོ་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་མ་ཤ་བོ་ཆོས་བསྟན་ལ་བརྒྱ་ཆ་ ༩༣༌༢ ཡིན་པ་དང་། ཨང་གཉིས་པ་སེ་ལ་ཁུ་བོད་ཁྱིམ་སློབ་གྲྭའི་སློབ་མ་མཱི་ཆིས་ཀཱོ་ཡཱ་མཱ་སཱ་ཀཱི་ (Michiko Yamasaki) ལ་བརྒྱ་ཆ་ ༩༣། ཨང་གསུམ་པ་སེ་ལ་ཁུ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཀུན་བཟང་ལ་བརྒྱ་ཆ་ ༩༢་༦ བཅས་ཡིན་འདུག

ད་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བོད་པའི་སློབ་གྲྭ་ཁག་ ༡༧ ནས་སློབ་ཕྲུག་ ༡༤༣༡ འཛུལ་ཞུགས་བྱས་ཡོད་པའི་ཁོངས་ནས་སློབ་ཕྲུག་ ༡༣༠༦ ཡིག་རྒྱུགས་འཕྲོད་ཡོད་པ་དང་། བསྐྱར་རྒྱུགས་གཏོང་དགོས་མཁན་ ༡༠༠ དང་། ཡིག་རྒྱུགས་མ་འཕྲོད་པ་ ༢༥ བཅས་བྱུང་ཡོད་འདུག

འདི་ལོའི་བོད་སློབ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༡།༢༦ ཡིན་པ་དང་། དེའི་ནང་ནས་བུ་ཡིག་རྒྱུགས་གཏོང་མཁན་ ༦༩༡ ཡོད་ཁོངས་ནས་རྒྱུགས་འཕྲོད་མཁན་ ༦༠༣ བྱུང་ཡོད་པ་དང་། ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༨༧།༢༦ ཆགས་ཡོད་འདུག བུ་མོ་ཡིག་རྒྱུགས་གཏོང་མཁན་ ༧༤༠ ཡོད་ཁོངས་ནས་རྒྱུགས་འཕྲོད་མཁན་ ༧༠༣ བྱུང་བ་དང་། ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༥ ཆགས་ཡོད་སྟབས། ད་ལོ་སླར་ཡང་བུ་ལས་བུ་མོ་བརྒྱ་ཆ་མཐོ་བ་ཆགས་ཡོད་འདུག

༢༠༡༤ ལོར་བོད་སློབ་ཁག་གི་སློབ་ཕྲུག་ ༣༢༡ ཙམ་གྱིས་བརྒྱ་ཆ་ ༧༥ ཡན་ལོན་ཡོད་དང་། འདི་ལོར་བོད་རིགས་སློབ་མ་ ༤༤༣ བརྒྱ་ཆ་ ༧༥ ཡན་ལོན་ཡོད་སྟབས། སྔར་ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ལས་བརྒྱ་ཆ་ ༣༨ ཇེ་མཐོར་སོང་ཡོད་འདུག ཕྱི་ལོ་ ༢༠༡༤ ལོར་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ཀྱི་གྲུབ་འབྲས་ནང་བརྒྱ་ཆ་ ༩༠ ཡན་ལོན་མཁན་ ༡༠ བྱུང་ཡོད་ཀྱང་། འདི་ལོར་བརྒྱ་ཆ་ ༩༠ ཡན་ལོན་མཁན་ ༡༦ བྱུང་ཡོད་འདུག

 འདི་ལོའི་དགའ་ལྡན་ཕོ་བྲང་གི་བྱ་དགའ་ལེན་མཁན་ཚན་རིག་སྡེ་ཚན་གྱི་ཨང་དང་པོའི་ཁོངས་སུ། སེ་ལ་ཁུ་བོད་ཁྱིམ་སློབ་གྲྭའི་སློབ་མ་མཱི་ཆིས་ཀཱོ་ཡཱ་མཱ་སཱ་ཀཱི་ (Michiko Yamasaki) ལ་བརྒྱ་ཆ་ ༩༣། ཨང་གཉིས་པ་སེ་ལ་ཁུ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཀུན་བཟང་ལ་བརྒྱ་ཆ་ ༩༢་༦། ཨང་གསུམ་པ་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་སྒྲོལ་མ་ལ་བརྒྱ་ཆ་ ༩༡་༨། ཐོབ་ཡོད་པ་དང་། ཚོང་རིག་སྡེ་ཚན་ཁོངས་ནས་ཨང་དང་པོ་མོན་གྷོ་གཏན་སློབ་ཀྱི་སློབ་མ་བསྟན་ འཛིན་སེང་གེ་ལ་བརྒྱ་ཆ་ ༩༡་༤། ཨང་གཉིས་པ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་བདེ་ཆེན་ལ་བརྒྱ་ཆ་ ༩༡༌༢། ཨང་གསུམ་པ་མ་སུ་རི་གཏན་སློབ་ཀྱི་སློབ་མ་ཀརྨ་ཚེ་བརྟན་ལ་བརྒྱ་ཆ་ ༩༠་༤ ཐོབ་ཡོད་འདུག

སྒྱུ་རྩལ་སྡེ་ཚན་ཁོངས་ནས་ཨང་དང་པོ་སྦིར་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་མ་ཤ་བོ་ཆོས་བསྟན་ལ་བརྒྱ་ཆ་ ༩༣༌༢། ཨང་གཉིས་པ་སྦིར་སུ་ཇ་བོད་ཁྱིམ་སློབ་གྲྭའི་སློབ་མ་རིན་ཆེན་གཡུ་སྒྲོན་ལ་བརྒྱ་ཆ་ ༩༢། ཨང་གསུམ་པ་སྦིར་སུ་ཇ་བོད་ཁྱིམ་སློབ་གྲྭའི་སློབ་མ་སྒོམ་རྒྱལ་ལ་བརྒྱ་ཆ་ ༩༡་༢ བཅས་ཐོབ་ཡོད་འདུག

འདི་ལོའི་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE) ཀྱི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ནང་བོད་སློབ་ཁོངས་ནས་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༡༠༠ ནས་ ༡༠༠ ལེན་མཁན་སློབ་གྲྭ་ ༤ ཡོད་པ་ནི། སེ་ལ་ཁུ་བོད་ཁྱིམ་སློབ་གྲྭ་དང་། སྦིར་སུ་ཇཱ་བོད་ཁྱིམ། ཌལ་ཧོར་གཏན་སློབ། གྷོ་པལ་སྤུར་བོད་ཁྱིམ་བཅས་ཡིན།

འདི་ལོ་རྒྱ་གར་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་འོག་རྒྱ་གར་རྒྱལ་ཡོངས་སུ་ཁྱོན་བསྡོམས་སློབ་མ་ ༡༠༤༠༣༨༦ ཙམ་འཛུལ་བཞུགས་བྱས་ཡོད་པའི་ཁྲོད་ནས་བུ་ ༦༠༧༣༨༣ དང་བུ་མོ་ ༤༣༢༩༨༥ བྱུང་ཡོད་འདུག བུའི་ཆ་སྙོམ་ཡིག་རྒྱུགས་འཕྲོད་ཚད་ནི་བརྒྱ་ཆ་ ༧༧།༧༧ དང་བུ་མོའི་འཕྲོད་ཚད་བརྒྱ་ཆ་ ༨༧།༥༧ ཡིན་སྟབས་བུ་ལས་བུ་མོས་བརྒྱ་ཆ་མཐོ་བ་བླངས་ཡོད་འདུག

འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་ཨང་དང་པོ་ལེན་མཁན་ནི་ལྡི་ལིའི་ (New Green Fields school) ཞེས་པའི་སློབ་གྲྭའི་སློབ་མ་ཨེམ་གྷ་ཡཱ་ཌི་རེ་ (M Gayatri)ཞུ་བར་ཆ་སྙོམ་སྐར་གྲངས་ ༩༩།༢ ཐོབ་སྟེ་ཨང་དང་པོ་དང་། མེ་ཤེ་ར་(Mythili Mishra) དང་སུ་ར་བྷེ་རེ་(Saurabh Bhambri)། ཨར་ཇུན་ (B Arjun) བཅས་གསུམ་ལ་སྐར་གྲངས་ ༩༩ རེ་ཐོབ་སྟེ་ཨང་གཉིས་པ་ཐོབ་ཡོད་འདུག ༢༠༡༤ ལོའི་ཨང་རིམ་དང་པོ་ཐོབ་མཁན་ནི་སར་ཊག་ཨ་གྷར་ཝལ་ (Sarthak Aggarwal) ལགས་ཡིན་པ་དང་ཁོང་ལ་ཆ་སྙོམ་བརྒྱ་ཆ་ ༩༩།༦ ཐོབ་ཡོད་འདུག

འདི་ལོའི་ཆ་སྙོམ་ཡིག་རྒྱུགས་འཕྲོད་ཚད་ནི་བརྒྱ་ཆ་ ༨༢ ཆགས་ཡོད་སྟབས། ལོ་སྔོན་མ་དང་བསྡུར་ན་ཚེག་ ༧༠ ཆག་ཡོད་པ་དང་། འདི་ལོ་སློབ་གྲྭ་ཁག་ལས་ཡིག་རྒྱུགས་འཕྲོད་ཚད་ཨང་དང་པོ་ཐོབ་མཁན་ནི་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀེ་ར་ལའི་རྒྱལ་ས་ཏི་རུ་བྷ་ཎ་ཋམ་བྷུ་རམ་གྱི་སློབ་གྲྭ་ཁག་ཡིན་པ་དང་། སློབ་གྲྭ་དེ་དག་གི་ཆ་སྙོམ་ཡིག་རྒྱུགས་འཕྲོད་ཚད་ནི་བརྒྱ་ཆ་ ༩༥།༤༡ ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡༠ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧

མཆན། 1

  1. ཇོ་རུ་ཚེ་རིང་། says:
    ལོ་ 11 སྔོན།

    གསར་འགྱུར་ཡག་པོ་ཁ་གསལ་བོ་བྲིས་འདུག ཐུགས་རྗེ་ཆེ། བུ་མོ་རྣམས་ཀྱི་ངོ་སོ་བསྟོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese