མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞལ་ནས་གང་གསུངས་པ་དེ་ལྷག་བསམ་ཟོལ་མེད་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ཟུར་པ་བྷུ་ཤིས་༧གོང་ས་མཆོག་གནད་འདྲེན་ཞུས་ཏེ་ཁོང་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ཕེབས་པའི་འཁྲུངས་སྐར་གསོལ་སྟོན་གཤམ་ཡོད་འདུག  

ཨ་རིའི་སྲིད་འཛིན་ཟུར་པ་ཇོར་ཇི་བྷུ་ཤི་( George W. Bush) མཆོག་གིས་གདན་འདྲེན་ཞུས་པ་ལྟར། ༧གོང་ས་མཆོག་གི་དབྱིན་ཡུལ་གྱི་མཛད་འཕྲིན་གྲུབ་རྗེས། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཨ་རིའི་ལྷོ་ཕྱོགས་མངའ་སྡེ་ཊེག་སེ་སི་(Taxas)ནང་ཆིབས་བསྒྱུར་བསྐྱངས་ཏེ། སྲིད་འཛིན་ཟུར་པ་བྷུ་ཤི་མཆོག་གི་དཔེ་མཛོད་ཁང་དུ་གཟིགས་ཞིབ་མཛད་རྗེས། དཔེ་མཛོད་ཁང་དེར་རང་དབང་དང་མགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་སྐོར་གྱི་ཟབ་སྦྱོང་ནང་ཞུགས་མཁན་འབར་མའི་སློབ་ཕྲུག་ཁག་ཅིག་ལ་བཀའ་སློབ་བསྩལ་སྐབས།  དེ་རིང་འདིར་ངོས་ཀྱི་གྲོགས་པོ་རྙིང་པ་དང་སླར་ཡང་མཇལ་འཕྲད་བྱུང་བ་མ་ཟད། ཁོང་གི་བསྟི་གནས་ཁང་གསར་པ་འདིར་དམངས་གཙོ་དང་རང་དབང་གོང་སྤེལ་གཏོང་བར་ལས་འཆར་ཟབ་སྦྱོང་གོ་སྒྲིག་གནང་བཞིན་པ་མཐོང་སྐབས་ངོས་རང་ཧ་ཅང་དགའ་པོ་ བྱུང་། ཨ་རིའི་དམག་གི་སྟོབས་ཤུགས་ལ་ངོས་ཀྱིས་ཡིད་སྨོན་བྱེད་ཀྱི་མེད་ཀྱང་། དམངས་གཙོ་དང་རང་དབང་གི་ལྟ་གྲུབ་ལ་གཙིགས་ཆེན་བྱེད་པ་དེར་ཡིད་སྨོན་བྱེད་བཞིན་ཡོད། འཛམ་གླིང་ནང་རང་དབང་གོང་སྤེལ་གཏོང་བའི་འགན་གཙོ་བོ་དེ་ཨ་རིས་འཁྱེར་བཞིན་ཡོད། སྤྱིར་སྐུ་ཉིད་མཆོག་ད་ཆ་རྒས་ཡོལ་དུ་ཕེབས་ཟིན་ཡོད་ཀྱང་། མུ་མཐུད་ནས་དམངས་གཙོ་དང་རང་དབང་གོང་སྤེལ་གཏོང་ཆེད་འབད་བརྩོན་གནང་བཞིན་པ་དེར་ངོས་རང་ཧ་ཅང་དགའ་པོ་བྱུང་། ཞེས་གསུངས་འདུག  

འབར་མའི་སློབ་ཕྲུག་ཚོར་བཀའ་སློབ་གནང་དོན། སྤྱིར་ཐོབ་ཐང་རྩོད་རྒྱུར་ངེས་པར་དུ་ཤེས་ཡོན་དགོས་ལ། འབར་མའི་གཞུང་དེ་གཞི་རྩའི་དབང་ཆ་གཅིག་སྡུད་ཀྱི་གཞུང་ཞིག་ཡིན་སྟབས། ཁྱེད་ཚོས་འདིར་སློབ་སྦྱོང་གི་གོ་སྐབས་ཆ་ཚང་བླངས་ནས་ཧུར་ཐག་བྱེད་དགོས་པ་ལས། ཕྱི་དངོས་པོའི་ཁྲ་ཁྲ་ཟང་ཟིང་ཙམ་ལ་མགོ་འཁོར་ནས་སྡོད་ཀྱི་ཡོད་པ་མ་རེད། དམངས་གཙོ་དང་རང་དབང་གི་ལྟ་གྲུབ་དག་ལ་ཞིབ་ཚགས་པོས་སློབ་སྦྱོང་གནང་རྒྱུ་གལ་ ཆེན་པོ་རེད། སློབ་སྦྱོང་བྱས་ནས་དེང་རབས་ཀྱི་ལྟ་གྲུབ་དང་སྲོལ་རྒྱུན་གྱི་རིན་ཐང་ལྟ་བ་གཉིས་ཀྱི་ཐོག་ནས་གོམ་པ་མདུན་སྤོས་བྱེད་ཐུབ་དགོས། ང་ཚོའི་འཐབ་རྩོད་ནི་མེ་མདའ་དང་བདེན་པའི་བར་གྱི་འཐབ་རྩོད་རེད། འཕྲལ་དུ་མེ་མདའི་ནུས་པ་ཆེ་བ་ལྟ་བུར་མངོན་ཡང་། ཕུགས་སུ་དྲང་བདེན་གྱི་ནུས་པ་ཆེ་བ་ཡོང་རྒྱུ་ཡིན་པས་ཆོད་སེམས་བརྟན་པོ་དགོས། དབང་ཆ་ཡོད་མཁན་ཚོས་དྲག་ཤུགས་ཁོ་ནར་སྐྱབས་བཅོལ་ནས་བསྡད་ཡོད་ཀྱང་། དེ་འདྲ་བྱས་ནས་ཁུངས་འཁྱོལ་ཐབས་མེད། སྔ་ཕྱི་མ་གཏོགས་དྲང་བདེན་ལ་རྒྱལ་ཁ་འཐོབ་རྒྱུ་ཡིན་སྟབས།  བོད་པའི་གཏམ་དཔེར་ལན་དགུ་ཆད་མཐུད་ཅེས་པ་ལྟར་འབད་བརྩོན་མུ་མཐུད་བྱེད་དགོས་ལ། སྙིང་སྟོབས་ནམ་ཡང་ཞུམ་རྒྱུ་ཡོད་པ་མ་རེད། ཅེས་གསུངས་ཡོད་འདུག

༧གོང་ས་མཆོག་དང་སྲིད་འཛིན་བྷུ་ཤི་མཆོག་རྣམ་གཉིས་ཀྱི་འཁྲུངས་སྐར་ཉིན་གཅིག་ཏུ་ཁེལ་ཡོད་པ་མ་ཟད། ༧གོང་ས་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༨༠ ཕེབས་པའི་འཁྲུངས་སྐར་བསླེབ་ལ་ཉེ་སྟབས། ཉིན་དེའི་ཉིན་གུང་གི་ལྗགས་སྨིན་ཐོག་གནད་ཡོད་མི་སྣ་ ༡༠༠ ལྷག་འདུ་འཛོམས་ཀྱིས་མངར་ཟས(Cake)འདེགས་འབུལ་ཞུས་ཏེ་འཁྲུངས་སྐར་གྱི་སྨོན་ཚིག་ཕུལ་ཡོད་འདུག སྐབས་དེར་སྲིད་འཛིན་ཟུར་པ་བྷུ་ཤི་མཆོག་གིས། དེ་རིང་འདིར་རྣམ་པ་ཚོ་ཚང་འཛོམས་གནང་ནས་འཁྲུངས་སྐར་གྱི་མངར་ཟས་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཆབ་སྲིད་པ་འགའ་རེས་མི་སྣར་ཐུག་སྐབས་ཁ་ཞེ་གཉིས་མེད་ཀྱི་སྐད་ཆ་ཤོད་ཀྱི་མེད་ཀྱང་། ཏཱ་ལའི་བླ་མ་མཆོག་གིས་ཁྱེད་ཀྱི་མིག་ལ་ཐད་ཀར་གཟིགས་ཏེ་ཞལ་ནས་གང་གསུང་བ་དེ་ལྷག་བསམ་ཟོལ་མེད་ཡིན་པ་རེད། རྒྱ་ནག་གིས་ཁོང་ལ་ཁག་པོ་བཟོ་ཡི་ཡོད་ཀྱང་། ཁོང་ནི་དུས་རྟག་ཏུ་ཐུགས་དགའ་ཚོར་ཆེན་པོའི་ངང་བཞུགས་ཡོད་པ་རེད། དེ་ནི་ཁོང་གི་ཐུགས་བརྒྱུད་བཟང་ཞིང་བྱམས་སེམས་ཀྱིས་ཁེངས་ཡོད་པས་རེད། ཅེས་གསུངས་འདུག

དེའི་རྗེས་༸གོང་ས་མཆོག་གིས་ངོས་ཀྱི་སྙིང་ཉེ་བའི་གྲོགས་པོ་སྐུ་ཞབས་བྷུ་ཤི་མཆོག་དང་ལྕམ་སྐུ་མཆོག་བཅས་ཐེངས་འདིར་ང་ཚོ་སླར་ཡང་འདུ་འཛོམས་བྱུང་བ་ནི་ངོས་ལ་དགའ་སྤྲོའི་མཇལ་འཛོམས་ཤིག་ཆགས་ཡོད། ངོས་རང་བོད་བྱང་ཤར་གྱི་ས་ཁུག་ཅིག་ཏུ་སྐྱེས་ཤིང་སྐུ་ཉིད་མཆོག་འཛམ་གླིང་གི་ས་ཕྱོགས་གཞན་ཞིག་ཏུ་འཁྲུངས་ཡོད། འོན་ཀྱང་འཁྲུངས་པའི་ཟླ་ཚེས་གཅིག་པ་ཁེལ་ཡོད། ངོས་རང་ནང་པའི་ཡུལ་གྲུ་ཞིག་དང་སྐུ་ཉིད་ཡེ་ཤུའི་རྒྱལ་ཁབ་གཅིག་ནང་འཁྲུངས་ཡོད་ཀྱང་། འགྲོ་བ་མི་ཞིག་ཡིན་པའི་ངོས་ནས་ངོས་གཉིས་གཅིག་པ་ཡིན། འདི་ཧ་ཅང་གལ་ཆེན་པོ་ཡིན། གང་ཡིན་ཞེ་ན། དེང་སྐབས་འཛམ་གླིང་ནང་གི་རྙོག་གྲ་མང་ཆེ་བ་རིགས་རུས་དང་ཆོས་ལུགས་སོགས་མི་འདྲ་བའི་ཁྱད་པར་ལ་བརྟེན་ནས་ཡོང་བཞིན་ཡོད། དེ་ནི་གནད་དོན་གལ་ཆེ་ཤོས་གཉིས་པ་དེ་རེད། དང་པོ་དེ་ང་ཚོ་ཚང་མ་གཞི་རྩའི་ཆ་ནས་འགྲོ་བ་མིའི་རིགས་ཡིན་ལ།  ལུས་དང་སེམས་ཚོར་སོགས་གང་གི་ཆ་ནས་ཀྱང་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་གྱུར་ཡིན། ཐོག་མར་མ་ལས་སྐྱེས་སྟངས་དང་མཐར་འཆི་སྟངས་སོགས་གཅིག་མཚུངས་ཡིན། ཞེས་སོགས་གསུངས་ཡོད་འདུག

ཉིན་གུང་གི་ལྗགས་སྨིན་གྲུབ་རྗེས། ཉེ་འགྲམ་དུ་རྟེན་གཞི་བྱས་པའི་གཙུག་ལག་སློབ་ཆེན་(Southern Methodist University) ནང་ཆིབས་སྒྱུར་བསྐྱངས་ཏེ། སློབ་ཆེན་དེའི་དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༥༠༠༠ བརྒལ་བར་འགྲོ་བ་མིའི་རིན་ཐང་གོང་སྤེལ་དང་ཆོས་ལུགས་མཐུན་སྒྲོལ་སོགས་ཀྱི་སྐོར་ལ་བཀའ་སློབ་བསྩལ་ཡོད་པ་དང་། སྐབས་དེར་ཨ་རིའི་ཨེ་བྷི་སི་གསར་ཁང་ (ABC News) གི་ཆབ་སྲིད་ལས་རིམ་གཙོ་སྐྱོང་བ་གྲགས་ཅན་ལྕམ་ཀུ་ཀི་རོ་བྷ་ཌི་ (Cokie Roberts )ལགས་ཀྱིས། བུད་མེད་ཚོས་སྤྱི་ཚོགས་ཞི་བདེ་ལྡན་པ་ཞིག་ཡོང་རྒྱུར་ཞབས་འདེགས་ག་འདྲ་བསྒྲུབ་ཐུབ་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ཐོག་མ་མིའི་འགྲོ་བ་ཆགས་སྐབས་རྗེས་འབངས་ཀྱི་སྲོལ་མེད་པར་སྤྱི་ཚོགས་ནང་རུབ་རུབ་བྱས་ནས་འཚོ་བ་བསྐྱལ་ཡོད་ཀྱང་། རིམ་བཞིན་མིའི་རྣམ་དཔྱོད་ཀྱི་ནུས་པ་རྒྱས་ནས་དམངས་ཀྱི་མགོ་ཁྲིད་འདེམས་རྒྱུའི་སྲོལ་དར་བ་དང་། སྐབས་དེར་ཤེས་བྱ་ཡོན་ཏན་ལ་གཞི་བཅོལ་ནས་མགོ་ཁྲིད་འདེམས་སྲོལ་མེད་སྟབས། གཙོ་བོ་ལུས་ཀྱི་སྟོབས་ཤུགས་ཆེ་ཆུང་གཞི་རྩར་བཟུང་ནས་སྐྱེས་པ་ཕོ་རྣམས་རང་བཞིན་གྱིས་ལུས་སྟོབས་ཆེ་བ་ཡོད་སྟབས། སྐྱེས་པ་ཕོ་རྣམས་སྤྱི་ཚོགས་ནང་མགོ་ཁྲིད་ལྟ་བུ་ཆགས་ནས་སྤྱི་ཚོགས་ཀྱི་དཔལ་ཡོན་དར་མགོ་བཙུགས་ཡོད། དེང་སྐབས་ལུས་སྟོབས་ཆེ་ཆུང་དང་ཤེས་བྱ་ཡོན་ཏན་ཁོ་ནས་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་ཀྱི་མེད་སྟབས། ཚན་རིག་པ་ཚོས་བརྟག་དཔྱད་ཀྱི་ལམ་ནས་བུད་མེད་ལ་རང་བཞིན་ལྷན་སྐྱེས་སུ་བྱམས་བརྩེའི་ནུས་པ་དེ་སྐྱེས་པ་ཕོ་ལས་ཆེ་བ་དང་། གཞན་གྱི་བདེ་སྡུག་ལ་ཚོར་ཤུགས་ཆེ་བ་ཡོད་པར་བརྟེན། གལ་ཏེ་བུད་མེད་ཚོས་འཛམ་གླིང་གི་ལམ་སྣེ་འདྲེན་པ་ཡིན་ན། ཕལ་ཆེར་སྤྱི་ཚོགས་ནང་དེང་སྐབས་ལས་ཀྱང་ཞི་བདེ་བརྟན་ལྷིང་ཆེ་བ་ཞིག་ཡོང་ཐུབ་པའི་ཐུགས་རེ་མཛད་བཞིན་ཡོད་སྐོར་བཀའ་ལན་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༥ ནས་ ༧ བར་༧གོང་ས་མཆོག་གིས་བྱམས་བརྩེའི་ཉམས་ལེན་སྐོར་ལ་བཀའ་སློབ་གནང་རྒྱུ་ དང་། སྒྱུ་རྩལ་པ་ཁག་ཅིག་དང་ལྷན་དུ་གསར་གཏོད་དང་སྒྱུ་རྩལ་གྱི་ཕན་ནུས་སྐོར་ལ་བགྲོ་གླེང་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༩ དང་ ༡༠ ལ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་སློབ་དཔོན་ཀརྨ་ལ་ཤི་ཡིས་མཛད་པའི་སྒོམ་རིམ་བར་མའི་བཀའ་ཆོས་དང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གནང་རྒྱུ་ཡིན་འདུག 

གསར་འགོད་པ། པདྨ་མཚོས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༤ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese