མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་ཧོང་ཀོང་གི་ནང་སྲིད་ལ་ཐེ་གཏོགས་མ་བྱེད།

བོད་ཀྱི་དུས་བབ།
༢༠༡༥/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྙན་ཐོ་བཏོན་པའི་ནང་ཧོང་ཀོང་གི་འོས་བསྡུ་དྲང་བདེན་ཡོང་གི་མེད་སྐོར་བརྗོད་པར་ཧོང་ཀོང་གཞུང་གིས་ཨ་རིའི་ཧོང་ཀོང་ནང་སྲིད་ལ་ཐེ་གཏོགས་བྱས་ཚུལ་ལན་འདེབས་བྱས་འདུག

ཟླ་སྔོན་མའི་ཚེས་ ༢༦ ཉིན། ཧོང་ཀོང་རང་དབང་གསར་ལམ་ (HKFP)ཞེས་པའི་ཐོག་གནས་ཚུལ་སྤེལ་བའི་ནང་། ཚེས་ ༢༥ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལོ་འཁོར་སྙན་ཐོའི་ནང་། ད་ལོའི་ཧོང་ཀོང་གི་འོས་བསྡུ་དེ་དྲང་བདེན་དང་རང་དབང་ཡོང་གི་མེད་པ་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་རྙོག་གཙོ་བོ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད་སྐོར་བཀོད་འདུག

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྙན་ཐོ་དེའི་ནང་། ༢༠༡༤ ལོར་ཧོང་ཀོང་གྲོང་ཁྱེར་ནང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལག་བསྟར་བྱེད་ཕྱོགས་སྐོར་འདི་ལྟར་བཀོད་འདུག ཀོང་ཧོང་གྲོང་ཁྱེར་དུ་གསར་འགོད་རང་དབང་ལྟ་ཞོག ཐ་ན་གསར་འགོད་པའི་སྟེང་ལ་དྲག་སྤྱོད་ཀྱི་སྦྱོར་བ་བརྩམས་པ་དང་། མངའ་སྡེའི་གྲོས་ཚོགས་འཐུས་མིའི་ཐོབ་དབང་ལ་ཚོད་འཛིན་བྱས་པ་དེས། རང་དབང་དམངས་གཙོའི་ཚོགས་སྡེ་ཁག་ཡོངས་ལ་ཚད་མི་འདྲ་བའི་ཆབ་སྲིད་ཀྱི་གནོན་ཤུགས་སྤྲོད་ཀྱི་ཡོད་ལུགས་དང་། ལོ་སྔོན་མའི་ (ཆར་གདུགས་འོག་གི་གསར་བརྗེ་ལས་འགུལ)ཡོངས་ཁྱབ་འོས་བསྡུ་ལག་བསྟར་བྱེད་པའི་ཐད་ལའང་རྒྱ་ནག་གཞུང་གི་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་འོག་ཏུ་འཆར་ཅན་ལྟར་འགོག་རྐྱེན་བཟོས་ཏེ་སྤྱི་དམངས་ཀྱི་འོས་གཞིར་ཚོད་འཛིན་བྱེད་ཀྱི་ཡོད་པ་དང་། སྲིད་གཞུང་ལ་བཅོས་བསྒྱུར་ཐེབས་པར་དོགས་ཏེ་རེབ་དེའི་འོས་བསྡུ་དྲང་བདེན་དང་རང་དབང་ཡོང་འཇུག་གི་མེད་པ་དེས། ས་བསྡུའི་སྡེ་ཁག་གི་བྱེད་ལས་ལ་གཞན་ལས་ལྷག་པའི་དབང་ཤེད་སྤྲད་དེ་ཧོང་ཀོང་ཡུལ་མི་ཚོའི་ཁེ་དབང་ལ་དམ་དྲག་བྱས་ཡོད་སྐོར་གསལ་འདོན་བྱས་འདུག

ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལོ་འཁོར་སྙན་ཐོ་དེའི་ནང་མུ་མཐུད་བརྗོད་དོན། ཧོང་ཀོང་གྲོང་ཁྱེར་གྱི་སྔ་ཕྱིའི་འོས་བསྡུའི་སྐབས་སུ། སྤྱི་བདེ་ཉེན་རྟོག་པས་ཚད་ལས་འདས་པའི་དྲག་ཤུགས་ཀྱི་སྦྱོར་བ་བརྩམས་པ་དེས། ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་འདུ་འཛོམས་རང་དབང་ལ་རྡོག་རོལ་བཏང་བ་རེད། ཅེས་དང་། ཡང་གསར་འགོད་རང་དབང་གི་ཐད་ནས། ཕྱི་ལོ་ ༢༠༡༤ ལོར་མེན་པོ་ (Ming Pao) གསར་ཤོག་གི་རྩོམ་སྒྲིག་པ་ལོའུ་ཅིན་ཐོའུ་ (Kevin Lau Chun-to) ལ་སྐྱོན་བརྗོད་བྱས་པ་ལྟ་བུའི་ཚབས་ཆེའི་གནས་ཚུལ་མང་པོར་དཔྱད་ཞིབ་བྱས་ཏེ། ཧོང་ཀོང་གྲོང་ཁྱེར་དང་རྒྱ་ནག་སྐམ་ས་ཆེན་མོའི་སྤྱི་བདེ་ཉེན་རྟོག་པས་དོགས་ཡོད་མི་སྣ་མང་པོ་འཛིན་བཟུང་བྱེད་པ་ཙམ་ལས་ཁོ་ཚོའི་འཐབ་རྩོད་དང་དེའི་ཀུན་སློང་ལ་དཔྱོད་ཤེས་བྱེད་ཀྱི་མེད་པ་མ་ཟད། རྒྱ་ནག་གཞུང་ངོས་ནས་ཀྱང་ཕྱི་ལོ་ ༢༠༡༣ ལོར་གློག་བརྙན་འཁྲབ་སྟོན་པ་ལྕམ་ཁྲིན་ཕེན་ (Chen Ping) གྱིས་གཙོ་གཉེར་བྱས་པའི་ (Next Media) དང་ (Sun Affair) སོགས་ལ་ཞིབ་དཔྱོད་དང་སྐྱོན་བརྗོད་བྱས་པའི་གནས་ཚུལ་དེའི་སྐོར་གསལ་ཁ་གང་ཡང་བཏོན་ཡོད་པ་མ་རེད། ཅེས་སོགས་བཀོད་འདུག

ཟླ་སྔོན་མའི་ཚེས་ ༢༦ ཉིན།  ཧོང་ཀོང་གཞུང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ། ཨ་རིའི་གཞུང་གིས་ཧོང་ཀོང་གི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་དགོས་ཚུལ་བརྗོད་པའི་ནང་། རྒྱ་ནག་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གཞུང་གི་འོས་བསྡུའི་བསྒྱུར་བཅོས་ལས་འཆར་དེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་ནའང་། སྟབས་མ་ལེགས་པར་གྲོས་ཚོགས་ལྷན་ཁང་ནས་རྩ་ཁྲིམས་དེ་བརྒྱུད་སྤྲོད་མ་བྱས་པ་རེད། ཅེས་དང་། ཡང་ང་ཚོས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་པའི་འཕོ་འགྱུར་དེ། རྒྱ་ནག་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གཞུང་ཐེ་བའི་མེས་རྒྱལ་ནང་ཁུལ་གྱི་དོན་དག་ཅིག་ཡིན་སྟབས། ཕྱིའི་རྒྱལ་ཁབ་ཁག་གིས་ཅི་ནས་ཀྱང་རྩ་འཛིན་དེ་ལ་བརྩི་བཀུར་བྱེད་དགོས་པ་ལས་གནད་དོན་གཞན་ལ་ཐེ་གཏོགས་མི་ཆོག་ཚུལ་བརྗོད་འདུག

གོང་སྨྲས་སྤྱི་བདེ་ཉེན་རྟོག་པས་དྲག་ཤུགས་སྤྱད་པའི་ཐད་བསྒྲགས་གཏམ་དེའི་ནང་། སྤྱི་དམངས་ཀྱི་ཁྲིམས་བཤིག་ལུགས་ལྡོག་གི་ངོ་རྒོལ་ཟིང་ཆ་ཞི་འཇགས་སུ་བཏང་བ་ཡིན་ལུགས་ནན་བཤད་བྱས་ཡོད་པ་མ་ཟད། ཧོང་ཀོང་གཞུང་གིས། གསར་འགོད་རང་དབང་དང་གཏམ་བརྗོད་རང་དབང་ནི་ཧོང་ཀོང་གྲོང་ཁྱེར་གྱི་རིན་ཐང་གི་སྲོག་ཤིང་ཡིན་སྟབས། དེའི་བདེ་འཇགས་འགན་སྲུང་ཐད་ལ་མུ་མཐུད་ཁག་ཐག་བྱེད་ཀྱི་ཡོད་ཚུལ་བརྗོད་འདུག

པེ་ཅིན་གཞུང་གིས་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་སྙན་ཐོའི་ནང་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད་པ་དེར་རྒོལ་ལན་སློག་ཡོད་པ་མ་ཟད། ཉིན་དེར་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྱང་གསལ་བསྒྲགས་ཤིག་སྤེལ་ཏེ། དེང་གི་ཨ་རི་གཞུང་གི་དྲག་པོའི་ཟིང་འཁྲུག་དང་སྤྱི་བདེ་ཉེན་རྟོག་པའི་གདུག་རྩུབ། རིགས་རྒྱུད་རིང་ལུགས་དང་དངུལ་དངོས་ཀྱི་ཆབ་སྲིད་བཅས་ལ་ཐེར་འདོན་དང་། དེ་བཞིན། ཝ་ཞིན་ཊོན་སྲིད་གཞུང་གིས་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་དང་མི་མང་ལ་གསང་བའི་སྒོ་ནས་མྱུལ་ཞིབ་བྱེད་ཀྱི་ཡོད་སྐོར་སོགས་ཀྱི་བསྐྱོན་འཛུགས་བྱས་ཡོད་པ་མ་ཟད། ད་དུང་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལམ་བརྒྱུད་ནས། ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལོ་འཁོར་སྙན་ཐོ་དེ་ལ་དགག་ལེན་ཞིག་ཀྱང་འགྲེམ་བསྒྲགས་བྱས་ཡོད་འདུག

ཨ་རིའི་གཞུང་གིས་ཁྱབ་བསྒྲགས་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་དེའི་འོག་ཏུ་གསར་འགོད་པའི་དཔྱད་གཏམ་སྤེལ་བའི་ནང་། འདས་པའི་ལོ་ངོ་འདི་དག་རིང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཅན་གྱི་རྒྱལ་ཁབ་ཨ་རྒྱ་གཉིས་བར། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་རྙོག་དང་དེའི་རྩོད་གླེང་ཐད་ནས་ཕན་ཚུན་ལ་དངངས་འཚབ་ཆེན་པོ་སློང་གི་ཡོད་ཅིང་། དམིགས་བསལ་གྱིས་ ༡༩༨༩ ལོར་པེ་ཅིན་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དམངས་གཙོའི་ལས་འགུལ་བ་ཚོར་དྲག་གནོན་བྱས་པའི་རྗེས་སུ། ཨ་རིའི་གཞུང་གིས་རྒྱ་ནག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བའི་སྐྱོན་འཛུགས་ཡང་ཡང་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ཆེས་མཐོའི་དཔོན་རིགས་ཚོས་སྤྱི་དམངས་ཡོངས་ལ་རང་དབང་དམངས་གཙོ་དང་གཞི་རྩའི་འགྲོ་བའི་ཐོབ་ཐོང་སྤྲོད་ངེས་ཡིན་པའི་ཁས་ལེན་མང་པོ་བྱས་ཡོད་རེད། ཡིན་ནའང་། འདས་པའི་ལོ་ངོ་གཉིས་རིང་གི་སྲིད་འཛིན་ཞི་ཅེན་ཕེན་གྱི་སྲིད་དབང་ལམ་ལུགས་འོག རང་དབང་དམངས་གཙོ་རྩོད་ལེན་པ་དང་དམར་ཤོག་ཚོགས་པ་ནང་ཁུལ་གྱི་ཕྱོགས་འགལ་བ་ཚོར་ལྐོག་ཟ་རུལ་སུངས་དང་ངོ་ལོག་ཟིང་འཁྲུག་སོགས་ཀྱི་ཉེས་འཛུགས་བྱས་ཏེ། ཁོ་ཚོར་ཡ་ང་བའི་དྲག་གནོན་ཞིབ་བཤེར་དང་འཛིན་བཟུང་བཙོན་འཇུག་མུ་མཐུད་བྱེད་ཀྱིན་ཡོད་པ་སོགས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༠ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese