མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིན་པོ་ཆེའི་གྲོངས་རྐྱེན་གསལ་བཤད་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དྷ་རམ་ས་ལའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་སྐད་འབོད་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཏེ། རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གྲོངས་རྐྱེན་གསལ་བཤད་དང་ཁོང་ལ་ནག་ཉེས་གང་ཡང་མེད་པ་དག་འབུལ་བྱེད་དགོས་ཞེས་བརྗོད་སོང་།

དེ་རིང་ཞོགས་པའི་དུས་ཚོད་ ༡༠ སྟེང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག དྷ་རམ་ས་ལའི་གཙུག་ལག་ཁང་ནས་དྷ་ཤོད་ཀ་ཅ་རིལ་ཁྲིམས་ཁང་བར་གོམ་བགྲོད་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་ཅིང་། དེ་ནི་ཟླ་འདིའི་ཚེས་ ༡༢ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཁྲིན་ཏུའུ་བཙོན་ཁང་ཞིག་ཏུ་སྐུ་བཀྲོངས་པར་མྱ་ངན་དང་ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་དགོས་པ། ཁོང་གི་ཡུལ་མི་ཚོ་འཛིན་བཟུང་བཀག་བསྐྱེལ་བྱས་པ་མྱུར་དུ་གློད་གྲོལ་གཏོང་དགོས་པ་བཅས་ཀྱི་ཆེད་ཡིན་འདུག

ལས་འགུལ་དེའི་ནང་མི་མང་ ༣༠༠ ཡས་མས་ཤིག་མཉམ་ཞུགས་གནང་ཡོད་པ་དང་། དྷ་ཤོད་ཀ་ཅ་རིའི་མི་མང་འདུ་འཛོམས་ཐང་ཆེན་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་བོ་དགེ་བཤེས་ཉི་མ་ལགས་ཀྱིས། ༢༠༠༢ ལོའི་ཕྱི་ཟླ་ ༤ ཚེས་༧ ཉིན་རྒྱ་ནག་གཞུང་གིས་རིན་པོ་ཆེ་ཁོང་རྒྱལ་ཁབ་ཁ་བྲལ་དང་འཇིགས་སྐུལ་རིང་ལུགས་སོགས་མ་ཉེས་ཁ་གཡོག་འོག་འཛིན་བཟུང་བྱས་ཏེ། འདས་པའི་མི་ལོ་ ༡༣ ལྷག་རིང་ཁྲི་མུན་བཙོན་དུ་བཅུག་པ་དང་། ཟླ་འདིའི་ཚེས་ ༡༢ ཉིན་ཁོང་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཁྲང་ཏུང་བཙོན་ཁང་དུ་སྐུ་བཀྲོངས་པ་བཅས་ཀྱི་སྐོར་མང་ཚོགས་ལ་གཏམ་བཤད་དང་། ཡང་བོད་མི་མང་སྤྱི་འཐུས་ཨ་ཅརྱཱ་ཡི་ཤེས་ཕུན་ཚོགས་ལགས་ཀྱིས་ཧིན་སྐད་ཐོག་གཏམ་བཤད་གནང་སོང་།

གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་བསྒྲགས་གཏམ་ནང་། ང་ཚོས་བོད་ཀྱི་ཆབ་སྲིད་བཙོན་པ་དང་བོད་རྒྱུད་ནང་བསྟན་གྱི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཁྲིན་ཏུའུ་བཙོན་ཁང་དུ་ ༢༠༡༥ ལོའི་ཟླ་ ༧ ཚེས་ ༡༢ ཉིན་སྐུ་བཀྲོངས་པ་ཤེས་རྟོགས་བྱུང་། ད་ལྟ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆོའི་ནང་མི་སྐུ་འཁོར་ནས་རིན་པོའི་སྐུ་ཕུང་ནང་མིར་རྩིས་སྤྲོད་དགོས་པའི་རེ་འདུན་ཞུ་བཞིན་འདུག མི་ལོ་ ༡༣ རིང་རིན་པོ་ཆེ་མཆོག་ལ་མ་ཉེས་ཁ་གཡོག་གི་བཙོན་འཇུག་འོག ཁོང་གི་སྐུ་གཟུགས་གི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་ནའང་། ཁོང་ལ་སྨན་བཅོས་ཀྱི་མཐུན་རྐྱེན་གང་ཡང་སྤྲད་མེད། ༢༠༠༤ ལོར་ཁོང་གི་ནང་མིས་རྒྱ་ནག་གཞུང་ལ་ཁོང་སྨན་བཅོས་ཀྱི་མིང་ཐོག་ནས་གློད་གྲོལ་དགོས་པའི་སྙན་ཞུ་ཕུལ་ཡང་། རྒྱ་གཞུང་གིས་དང་ལེན་བྱས་མེད།

༢༠༠༢ ལོའི་ཟླ་ ༤ ཚེས་ ༧ ཉིན་རྒྱ་ནག་གཞུང་གིས་རིན་པོ་ཆེ་ཁོང་འཛིན་བཟུང་བྱས་པ་དང་། ༢༠༠༢ ལོའི་ཟླ ༡༢ ནང་ཁོང་ལ་རྒྱལ་ཁབ་ཁ་བྲལ་དང་འཇིགས་སྐུལ་རིང་ལུགས་པའི་ནག་ཉེས་བཀལ་ཏེ་སྲོག་ཐོག་ཁྲིམས་ཆད་བཅད་པ་རེད། དེིའི་རིང་ཁོང་ལ་ནང་མི་ཚོས་འདམ་ག་བྱས་པའི་ཁྲིམས་རྩོད་པ་མ་རེག་པ་མ་ཟད། ཁོང་གི་གྱོད་དོན་དང་འབྲེལ་བའི་ཡིག་ཆ་ད་བར་ཕྱི་ལ་ཁྱབ་བསྒྲགས་བྱས་མེད། རྗེས་སུ་རྒྱལ་སྤྱིའི་སྟེང་ཁོང་ལ་རྣམ་པ་འདྲ་མིན་གྱི་ལས་འགུལ་སྣ་ཚོགས་སྤེལ་བའི་དབང་གིས། ༢༠༠༤ ལོའི་ ༡ པོར་ཁོང་ལ་སྲོག་ཁྲིམས་ནས་ཚེ་བཙོན་དུ་འགྱུར་བ་བཏང་བ་རེད། ད་བར་ཁོང་གིས་བཙོན་ཁང་ནང་རང་ཉིད་ལ་ནག་ཉེས་གང་ཡང་མེད་པ་དག་འབུད་བྱས་ཡོད།

བོད་མི་རྒྱ་ཕྲག་མང་པོས་རིན་པོ་ཆེ་མཆོག་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་དགོས་པའི་འབོད་སྐུལ་རིམ་པར་ཞུས་ཏེ། ནང་པའི་ཆོལ་ལུགས་ཀྱི་འགྲོ་ལུགས་ལྟར་ཆོ་ག་སྒྲུབ་རྒྱུའི་རེ་འདུན་བཏོན་ཡང་། རྒྱ་ནག་གཞུང་གིས་ཁས་མ་བླངས་པ་རེད། དེ་ལས་ལྡོག་སྟེ་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཁྲང་ཏུང་བཙོན་ཁང་ནས་ལེ་དབར་ ༥ ཡི་སར་ཡོད་པའི་རྒྱ་གཞུང་གི་བཙོན་ཁང་ཞིག་ནང་ཁོ་ཚོར་བཙན་ཤེད་ཀྱིས་འཇིགས་སྣང་བསླངས་ཡོད།  

ས་གནས་ས་ཐོག་གི་བོད་མི་བརྒྱ་ཕྲག་མང་པོས་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གི་བཙོན་ཁང་ནང་སྐུ་བཀྲོངས་པའི་རྒྱུ་རྐྱེན་གང་ཡིན་ལན་འདེབས་ཁ་གསལ་དགོས་ཞེས་ཞི་རྒོལ་ཤུགས་ཆེར་བྱས་པར། རྒྱ་ནག་གཞུང་གིས་ཡང་དག་པའི་བརྡ་ལན་སྤྲོད་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་མི་མང་གི་ཁྲོད་དུ་གང་བྱུང་མེ་མདའ་བརྒྱབ་པ་དང་། འབར་མདེལ་སོགས་འཕངས་ནས་དྲག་གནོན་བྱས་ཤིང་། གནས་སྟངས་དེ་འདྲའི་འོག་མི་མང་པོར་རྨས་སྐྱོན་ཕོག་སྟེ་སྨན་ཁང་ནང་ལུས་ཡོད།

ནག་ཉེས་མེད་པའི་བོད་ཀྱི་སྤྲུལ་སྐུ་ཞིག་འདི་ལྟར་སྐུ་བཀྲོངས་པ་དེའི་ཐོག་ནས་བོད་ནང་གི་གནས་སྟངས་དེ་གདུག་རྩུབ་དང་སྔར་བཞིན་དྲག་གནོན་འོག་གནས་ཡོད་པ་མཚོན་པ་མ་ཟད། བོད་མིའི་རང་དབང་དང་དྲང་བདེན། ཐོབ་ཐང་བཅས་ཀྱི་དོན་དུ་འཐབ་རྩོད་བྱེད་མཁན་ཚོའི་མཐའ་མའི་ལས་དབང་ཇི་འདྲ་ཡོང་གི་ཡོད་པའི་མཚོན་རྟགས་ཀྱང་རེད། ཅེས་སོགས་བརྗོད་འདུག

ཚོགས་པ་ལྔས་དགོས་འདུན་དོན་ཚན་ ༣ བཏོན་ཡོད་པ་ནི། ༡། འཛམ་གླིང་ས་གནས་གང་སར་སྡོད་པའི་བོད་མི་ཚོས་རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྐུ་དཀྲོངས་པར་ལན་འདེབས་ཁ་གསལ་ཞིག་བྱེད་དུ་འཇུག་དགོས། ༢། བོད་མི་ཞི་རྒོལ་བ་ཚོར་དྲག་གནོན་བྱ་རྒྱུ་འཕྲལ་དུ་མཚམས་འཇོག་དགོས། ༣། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་གནད་དོན་ཐད་འགན་འཁུར་ལེན་དགོས། ང་ཚོའི་རེ་འདུན་འདི་ནི་འཛམ་གླིང་མི་མང་གིས་ད་ལྟའི་བོད་ནང་གི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་དེ་དག་ལ་རྒོལ་གཏམ་གཏོང་དགོས་པ་མ་ཟད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྐུ་དཀྲོངས་པའི་གནད་དོན་རང་དབང་གི་ཐོག་ནས་ཞིབ་འཇུག་བྱེད་དགོས་ཡོད། ཅེས་སོགས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༤ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

ཆུ་ཚོད་ ༥ སྔོན་ལ།
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧

མཆན། 2

  1. མི་རྒོད། says:
    ལོ་ 11 སྔོན།

    གལ་ཏེ་ཁོང་ཞལ་བཞུགས་སྐབས་ཁ་ལ་མཛུབ་མོ་བཅུག་ནས་བསྡད་པ་དང་། ད་ཁོང་དཀའ་སྡུག་འོག་བོད་མིའི་ལ་རྒྱའི་ཆེད་ཚེ་སྲོག་ལེགས་སྐྱེས་སུ་ཕུལ་ནས་སོང་ཟིན་པ་དང་། སྐད་སྐམ་པོས་བདུད་དམར་པོའི་རྣ་བར་སྒྲ་འུར་འུར་ཚག་ཚག་གང་བྱས་ཀྱང་སྟོང་པ་རེད། དེ་ལེ་བོད་མི་གནས་ཡུལ་ཡོད་དོ་ཅོག་ནས་ཉིན་གཅིག་དུས་གཅིག་གི་འདས་མཆོད་དང་། དཔའ་བོའི་ཉིན་མོར་བསྲུང་རྩི་དགོས་པ་མ་ཟད་ ཁོང་གི་དྲན་རྟེན་རྡོ་རིང་བཞེངས་དགོས་པ་དང། སྐེར་བཏགས དྲན་རྟེན་ནག་པོ་གཅིག་བཟོས་ནས་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང། མཉམ་འབྲེལ་རྒྱལ་ཚོགས་འགོ་། བོད་དོན་ཚོགས་པ་སོགས་ཚང་མར་འགྲེམས་སྤེལ་གྱིས་ལས་དོན་མིང་སྐམ་འཁུར་བའི་རང་དབང་ཅན་ཚོགས་པ་ནས་སྤེལ་དགོས།།།

    Reply
  2. བོད་དགའ། says:
    ལོ་ 11 སྔོན།

    ཚོགས་པ་ལྔ་ཡིས་ལས་འགུལ་སྤེལ་བར་བཀའ་དྲིན་ཆེ། འོན་ཀྱང་རིན་པོ་ཆེའི་སྐུ་ཕུང་ཕྱིར་བརྩིས་སྤྲོད་བྱ་དགོས་ཟེར་བ་འདི་ཚོ་དགོས་འདུན་ཕྱི་དྲགས་པ་དང་། རིན་པོ་ཆེའི་སྐུ་གྲོང་རྗེས་ཀྱི་གནས་ཚུལ་ཞིབ་དཔྱད་མ་བྱས་པའི་སྐྱོན་རེད།
    དུས་བབ་ཀྱིས་སྐབས་དེའི་གནས་ཚུལ་དུས་ཐོག་ཏུ་སྤེལ་བ་ནི། ”འདོན་སྤེལ། ༢༠༡༥/༠༧/༡༧ དེ་རིང་ཞོགས་པའི་བོད་ནང་གི་ཆུ་ཚོད་ ༧ སྟེང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐུ་ཕུང་རྒྱའི་བཙོན་ཁང་ནས་ཞུགས་འབུལ་ཞུ་དགོས་བྱུང་འདུག” ཅེས་པ་འདི་རེད།
    ཚོགས་པ་ལྔས་ལས་འགུལ་ནི་ཕྱི་ཚེས་ ༡༨ ཉིན་སྤེལ་འདུག དེས་ན་ཚོགས་པ་ལྔས་རིན་པོ་ཆེའི་སྐུ་ཕུང་རྒྱ་ནག་གིས་གང་ཞིག་བྱས་མིན་ད་དུང་མ་ཤེས་པ་ནི་ཧ་ལས་དགོས་པ་ཞིག་རེད་དྲན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese