མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་ཐག་ནན་པོ་བཅད་དེ་སློབ་གསོ་ཐོངས།

བོད་ཀྱི་དུས་བབ།
༢༠༡༥/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་སིག་ནེའི་རྒྱ་ནག་གཞུང་ཚབ་ཁང་གི་ནང་དྲག་སྤྱོད་སྤེལ་མཁན་གྱི་བོད་མི་ཚོར་ཁྲིམས་ཐག་ནན་པོ་བཅད་དེ་སློབ་གསོ་ཐེབས་ཏུ་འཇུག་དགོས་སྐོར་བརྗོད་འདུག

ཁ་སང་རྒྱ་ནག་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༢༣ ཉིན་ཨོ་སི་ཊོ་ལི་ཡའི་སིག་ནེ་གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་གསར་འགོད་ལྷན་ཚོགས་ཤིག་བསྡུས་ཏེ། ཕྱི་ཚེས་ ༢༢ ཉིན་གྱི་ཕྱི་དྲོར་བོད་རང་བཙན་པ་ ༦༠ ལྷག་ཁྲིམས་འགལ་གྱིས་གཞུང་ཚབ་ཁང་ནང་འཛུལ་ཏེ་རྒྱ་ནག་གི་རྒྱལ་དར་རྩབ་ཧྲལ་བཏང་བ་མ་ཟད། གཞུང་ཚབ་ཁང་གི་ལས་བྱེད་ཅིག་ལ་རྨས་སྐྱོན་ཅུང་ཙམ་ཡང་བཟོས་སྐོར་བསྒྲགས་ཡོད་པ་དང་། གནས་ཚུལ་བྱུང་རྗེས་ཨོ་སི་ཊོ་ལི་ཡའི་ཉེན་རྟོག་ཕྱོགས་ནས་རྒྱ་ནག་ལ་དགོངས་དག་ཞུས་ཡོད་པ་མ་ཟད། མ་འོངས་པར་རྒྱལ་ཕྱིའི་གཞུང་ཚབ་ཁང་རྣམས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་བར་བསྐྱར་ཞིབ་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་སྐོར་བཀོད་འདུག

ཁ་སང་ཕྱི་ཚེས་ ༢༣ ཉིན་རྒྱ་ནག་གཞུང་འབྲེལ་དྲ་བ་གོ་ལའི་དུས་བབ་ཐོག་དེའི་སྐོར་ལ་དཔྱད་བརྗོད་ཅིག་སྤེལ་བའི་ནང་། རྒྱ་ནག་གཞུང་ཚབ་ཁང་གི་ནང་བཙན་འཛུལ་བྱས་པའི་དྲག་སྤྱོད་དེར་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད། ཨོ་སི་ཊོ་ལི་ཡའི་ཉེན་རྟོག་ཕྱོགས་ནས་གནས་ཚུལ་བྱུང་རྗེས་བོད་རང་བཙན་པ་ཁག་ཅིག་འཛིན་བཟུང་བྱས་ཡོད་ཀྱང་། ངོ་རྒོལ་བཀག་འགོག་བྱེད་མ་ཐུབ་པར་ལས་འགན་ལ་འཐུས་ཤོར་ཚབས་ཆེན་བྱུང་བ་དང་། རྒྱ་ནག་གཞུང་ཚབ་ཁང་ལ་གནོད་སྐྱོན་བཟོས་ཡོད་སྟབས། ཨོ་སི་ཊོ་ལི་ཡ་གཞུང་ལ་འོས་འགན་ཡོད་པ་ལྟར་ངེས་པར་དུ་རྒྱ་ནག་ལ་དགོངས་དག་ཞུ་དགོས། ཞེས་བརྗོད་འདུག

ཡང་དཔྱད་བརྗོད་ནང་། ཨོ་སི་ཊོ་ལི་ཡ་ཕྱོགས་ནས་ད་རེས་ཁྲིམས་ལྟར་བོད་རང་བཙན་པ་མི་ངན་གདུག་རྩུབ་ཅན་དེ་ཚོར་ཁྲིམས་ཆད་ནན་པོ་བཅད་པ་ཡིན་ན། ད་གཟོད་བོད་རང་བཙན་པ་དེ་ཚོར་སློབ་གསོ་ངོ་མ་ཞིག་སྤྲོད་ཐུབ་ལ། མ་འོངས་པར་ས་གནས་དང་བྱེད་ཐབས་ཙམ་བརྗེས་ཏེ། ཡང་བསྐྱར་ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ལ་འཇབ་རྒོལ་བྱེད་པའི་བསམ་བློ་མེད་པ་བཟོ་ཐུབ། གལ་སྲིད་ཨོ་སི་ཊོ་ལི་ཡ་ཕྱོགས་ནས་འཇབ་རྒོལ་བ་དེ་ཚོ་ལས་སླ་བོ་བྱས་ནས་ཀློད་པ་ཡིན་ན། མ་འོངས་པར་ཁོ་ཚོས་སྔར་ལྟར་རྒྱ་ནག་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱེད་པའི་དམིགས་ཡུལ་རྒྱ་ཡན་དུ་བཏང་བ་རེད། ཅེས་དང་།

གལ་སྲིད་ཨོ་སི་ཊོ་ལི་ཡ་དཔལ་ཡོན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ན། ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་རྒྱ་ནག་གི་ལས་ཁུངས་ལ་རྒྱ་ནག་ནང་གི་ཨོ་སི་ཊོ་ལི་ཡའི་ལས་ཁུངས་ལ་ཡོད་པའི་བདེ་འཇགས་དེ་ལྟ་བུ་གཅིག་མཚུངས་སུ་ཡོད་པར་ངེས་པར་དུ་འགན་ལེན་དགོས། ཨོ་སི་ཊོ་ལི་ཡས་དེ་ངེས་པར་དུ་བསྒྲུབ་ཐུབ་དགོས་ལ། འདི་འདྲའི་དགོས་འདུན་དེ་ཅུང་ཙམ་ཡང་ཚད་ལས་བརྒལ་མེད་པར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

དཔྱད་བརྗོད་ཀྱི་མཇུག་ཏུ། ཉེ་བའི་ལོ་ཤས་ནང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་བོད་རང་བཙན་པའི་སྟོབས་ཤུགས་ཀྱིས། ས་གནས་ཁག་གི་རྒྱ་ནག་གཞུང་ཚབ་ཁང་ནང་བཙན་འཛུལ་ཐེངས་མང་བྱས་ཡོད་པ་དང་། ཨོ་སི་ཊོ་ལི་ཡའི་ནང་བོད་མི་ཐལ་སྤྱོད་པ་ཚོས་བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པས། ཨོ་སི་ཊི་ལི་ཡའི་ཉེན་རྟོག་ཕྱོགས་ནས་ངེས་པར་དུ་དོགས་ཟོན་བྱ་དགོས། ཕྱི་ཚེས་ ༢༢ ཉིན་གྱི་གནད་དོན་དེ་བཀག་འགོག་བྱེད་པར་ཉེན་རྟོག་པས་ནུས་པ་ལྡན་པའི་འབད་བརྩོན་བྱས་མེད་པ་མངོན་གསལ་དོད་པོ་ཡིན་སྐོར་བརྗོད་འདུག

ཕྱི་ཚེས་ ༢༢ ཉིན་ཨོ་སི་ཊོ་ལི་ཡའི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་བོད་མི་རྣམས་ཀློད་གྲོལ་བཏང་ཚར་ཡོད་སྟབས། དེ་རིང་འདི་གའི་གསར་འགོད་པས་ཞི་རྒོལ་ནང་ཞུགས་པའི་བོད་མི་ཞིག་ལ། ཨོ་སི་ཊོ་ལི་ཡ་གཞུང་ཕྱོགས་ནས་མ་འོངས་པར་གནད་དོན་ཐག་གཅོད་ག་འདྲ་བྱ་རྒྱུ་ཡིན་པའི་སྐོར་ལ་སྐད་ཆ་བྱུང་ཡོད་མེད་དྲིས་པར་ཁོང་གིས། ཉེན་རྟོག་པས་འཛིན་བཟུང་བྱས་པ་རྣམས་ཆུ་ཚོད་ ༩ རིང་བཀག་ཉར་བྱས་རྗེས་ཚང་མ་བཏང་ཚར་བ་རེད། ཉེན་རྟོག་ཕྱོགས་ནས་མ་འོངས་པར་གནད་དོན་ག་འདྲ་ཐག་གཅོད་བྱ་རྒྱུ་ཡིན་མིན་དེ་ཨོ་སི་ཊོ་ལི་ཡ་ཁྲིམས་ཁང་གིས་བལྟ་དགོས་སྐོར་ལབ་ཀྱི་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

ཆུ་ཚོད་ ༣ སྔོན་ལ།
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese