མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༦ ལོའི་སྲིད་སྐྱོང་གི་ཞབས་སྟེགས་སུ་ལ་འཐོབ་སྲིད་དམ།

བོད་ཀྱི་དུས་བབ།
༢༠༡༥/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

སྐལ་བཟང་སྤེན་པ།

དེ་སྔོན་དང་མི་འདྲ་བར་དེང་གི་དུས་འདིར་དྲ་བའི་མཐུན་རྐྱེན་མི་ཉུང་བ་ཞིག་ཡོད་སྟབས།  མཐུན་རྐྱེན་དེ་རིགས་སྤྱད་དེ་རང་རིགས་སྤུན་ཟླ་མི་ཉུང་བ་ཞིག་གིས་ ༢༠༡༦ ལོའི་སྲིད་སྐྱོང་གི་འགྲན་རྩོད་དང་། སྲིད་སྐྱོང་གི་འོས་མི་ཚོའི་སྐོར་ལ་གནས་ལུགས་ཡོད་མིན་སྣ་ཚོགས་ཀྱི་སྒོ་ནས་བསམ་ཚུལ་མང་པོ་སྤེལ་བཞིན་ཡོད།  དེའི་དབང་གིས་སྲིད་སྐྱོང་འོས་འདེམས་དེ་ཡང་རང་བཞིན་གྱིས་འཁྲུག་ཆ་དོད་པོ་ཞིག་ཆགས་ངེས་ཡིན། ལྷག་པར་དུ། སྐད་འཕྲིན་དང་ངོ་དེབ་གཉིས་ནི་ང་ཚོས་སྤྱོད་གོ་ཆོད་ཤོས་སུ་བརྩིས་ཏེ་དྲ་ལམ་དེ་གཉིས་ཐོག་རང་ཉིད་ཀྱི་དགའ་ཕྱོགས་འོས་མིར་བསྟོད་ར་དང་།  དེ་མིན་འོས་མི་བྱིངས་ལ་གཞི་མེད་སྙོན་འཛུགས་ཀྱང་བྱེད་བཞིན་འདུག  དེ་དག་ནི་འོས་མི་རྣམས་བཟང་ངན་ཅི་རིགས་ནས་དྲིལ་བསྒྲགས་བྱེད་སྟངས་ཙམ་ཞིག་རེད།

དེ་བས་གལ་ཆེ་ཤོས་ནི་ང་ཚོས་སྐབས་གོང་མའི་སྲིད་སྐྱོང་འོས་བསྡུའི་ཉམས་མྱོང་གཞི་རྩར་བཞག་སྟེ། འདི་ལོའི་སྲིད་སྐྱོང་གི་འོས་སྒམ་སུ་ལ་འཐོབ་མིན་གྱི་གནད་དོན་ལ་བལྟ་རྒྱུ་དེ་རེད། དེ་ཡང་སྐབས་གོང་མའི་སྲིད་སྐྱོང་འོས་མིའི་ཁོངས་སུ།  ཉམས་མྱོངས་སོགས་ཕྱོགས་མི་ཉུང་བ་ཞིག་ནས་བཀྲས་མཐོང་དེ་བློ་བཟང་སེང་གེ་མཆོག་ལས་ཕུན་སུམ་ཚོགས་པ་ཡོད་ཀྱང་།  རྒྱུ་མཚན་མི་ཉུང་བ་ཞིག་གི་ཐོག་ནས་སྲིད་སྐྱོང་གི་རྐུབ་སྟེགས་ཚ་པོ་དེ་བློ་བཟང་སེང་གེ་ལ་ཐོབ་པ་རེད། དེ་ཡང་རྒྱུ་མཚན་དང་པོ་ནི། སྲིད་སྐྱོང་འོས་མའི་ལོ་ནའི་ཁྱད་པར་རེད། ལོ་ནའི་བབ་ནས་བཤད་ན། སྲིད་སྐྱོང་བློ་སེང་མི་རབས་གསར་པའི་ཁོངས་སུ་གཏོགས་པར་བརྟེན།  མི་རབས་གསར་པའི་ཁྲོད་ནས་ཁོང་ལ་འོས་ཤོག་འཕེན་མཁན་མང་བ་བྱུང་ཡོད། རྒྱུ་མཚན་གཉིས་པ་ནི་སློབ་སྦྱོང་གི་རྒྱབ་ལྗོངས་དེ་རེད། སྤྱིར་བཀྲས་མཐོང་ལ་མཚོན་ན། ཤེས་མྱོང་གཉིས་ཐད་ནས་ཕུན་སུམ་ཚོགས་པོ་ཡོད་ཀྱང་། བློ་བཟང་སེང་གེ་ལགས་ཨ་རིའི་ནང་སྙན་གྲགས་ཡོད་པའི་སློབ་གྲྭ་ཞིག་ནས་ཐོན་པ་མ་ཟད་དེར་ཕྱག་ལས་ཀྱང་གནང་གི་ཡོད་པ་རེད།    ཁོང་གི་སློབ་སྦྱོང་གི་རྒྱབ་ལྗོངས་དེ་ཡང་ཁྲིམས་ལུགས་ཡིན་པ་སོགས་ཀྱིས་ཁོང་གི་འོས་གྲངས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་པ་ནི་སྨྲོས་མ་དགོས་པ་ཞིག་རེད། གང་ཡིན་ཟེར་ན། ཁོང་གི་ཁྲིམས་ལུགས་ཤེས་ཡོན་དེས་བོད་དོན་དེ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་སྔར་བས་ཚད་མཐོ་རུ་བསྐྱལ་རྒྱུའི་རེ་བ་འཆང་ཡོད།

རྒྱུ་མཚན་གསུམ་པ་ནི། བློ་སེང་སྲིད་སྐྱོང་དུ་བཞེངས་སྐབས་ཆབ་སྲིད་བསྒྲགས་གཏམ་གསུམ་སྤེལ་ཡོད། དེ་དག་ནི་གསར་གཏོད་དང་། གཅིག་སྒྲིལ། རང་ཁ་རང་གསོ་གསུམ་ཡིན། དེའི་དབང་གིས་ཀྱང་ཁོང་གི་འོས་གྲངས་འཕར་རྒྱུར་ནུས་པ་གང་འཚམ་ཐོན་ཡོད། གང་ལགས་ཤེ་ན། ཁོང་གིས་རང་ཉིད་སྲིད་སྐྱོང་གི་རྐུབ་སྟེགས་སྟེང་བཞུགས་སྐབས། ལས་དོན་ཅི་འདྲ་ཞིག་གནང་འཆར་ཡོད་མེད་ཀྱི་ས་ཁྲ་ཞིག་བྲིས་པ་རེད། འོན་ཀྱང་། བཀྲས་མཐོང་གིས་རང་ཉིད་ཀྱི་དེ་སྔོན་བྱས་པའི་ལས་མྱོང་ཙམ་ལས་མ་འོངས་པའི་ལས་འཆར་གང་ཡང་བཏོན་མེད། དེ་ཙམ་དུ་མ་ཟད། བཀྲས་མཐོང་མཆོག་དེ་སྔོན་བཀའ་བློན་གནང་ཟིན་སྟབས་མི་མང་གི་བསམ་བློའི་ནང་ཁོང་ལ་ནུས་པ་འདོན་རྒྱུ་ཡོད་ན་དེ་དུས་བཏོན་ཚར་ཡིན་སྟབས། དེ་བས་གཞོན་སྐྱེས་ཤིག་ལ་གོ་སྐབས་སྤྲད་ན་དགེ་མཚན་ཆེ་བ་ཡོད་པའི་ངོས་འཛིན་བྱས་ཡོད། རྒྱུ་མཚན་གཞན་ཞིག་ནི་བཀྲ་ཤིས་དབང་འདུས་ལགས་མཐར་སྲིད་སྐྱོང་གི་འོས་མིར་བཞེངས་པ་དེས་བཀྲས་མཐོང་གི་འོས་ཤོག་མི་ཉུང་བ་ཞིག་ཁོང་ལ་ཤོར་བ་རེད།  དེ་ཡང་བཀྲས་མཐོང་དང་བཀྲ་ཤིས་དབང་འདུས་གཉིས་ཀྱི་ཉམས་མྱོང་དང་ལོ་ནའི་བབ་སོགས་ཕྱོགས་མང་པོ་ཞིག་ནས་ཁོང་གཉིས་ཀྱི་རྒྱབ་ལྗོངས་འདྲ་པོ་ཡོད་སྟབས། མི་རབས་རྙིང་པའི་ཁྲོད་ཁོང་གཉིས་ལ་རྒྱབ་སྐྱོར་ཞུ་མཁན་གང་འཚམ་བྱུང་ཡོད་པ་རེད། དེར་བརྟེན། བློ་སེང་ལ་རྒྱབ་སྐྱོར་མེད་མཁན་ཚོའི་འོས་ཤོག་དེ་ཁོང་གཉིས་གང་རུང་ལ་སྤྲད་པ་རེད། དེས་ཀྱང་བློ་སེང་ལགས་ལ་རྒྱལ་ཁ་འཐོབ་རྒྱུའི་ལམ་བུ་བཏོད་པ་རེད།  གནད་དོན་དེ་དག་ནི་སྐབས་གོང་མའི་སྲིད་སྐྱོང་འོས་བསྡུའི་གྲུབ་འབྲས་ཇི་ལྟར་བྱུང་མིན་དེ་རེད།  
 
ད་ལྟའི་ཆར་ཡོངས་གྲགས་སུ་གྱུར་བའི་སྲིད་སྐྱོང་འོས་མི་གཅིག་ནི། ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་དང་བཀྲ་ཤིས་དབང་འདུས་ལགས་གཉིས་རེད། དེ་མིན་སྤྱི་འཐུས་ཚོགས་གཙོ་མཆོག་ཀྱང་སྲིད་སྐྱོང་ལ་བཞེངས་རྒྱུའི་ཁྱབ་བསྒྲགས་ཤིག་གང་མགྱོགས་གནང་འཆར་ཡོད་པ་མི་མང་གིས་གླེང་སློང་དང་ཚོད་དཔག་བྱེད་བཞིན་འདུག་ཀྱང་ད་སྔ་གསལ་བསྒྲགས་གནང་མེད་པ་འདྲ། བདེན་མིན་ཇི་ལྟར་ཡང་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཨ་ཚོགས་ཀླུ་མཁར་བྱམས་ཀྱང་སྲིད་སྐྱོང་གི་འོས་ཁོངས་སུ་འཛུལ་ཞུགས་བྱ་རྒྱུ་ཡིན་ཚུལ་ཞིག་གླེང་མཁན་འདུག་མོད་ད་སྔ་ཡིད་རྟོན་འཕེར་བའི་ཁྱབ་སྒྲགས་ཤིག་མཐོང་མ་སོང་།

དེས་ན་ངས་གོང་ཞུས་མི་སྣ་བཞི་སྲིད་སྐྱོང་གི་འོས་མིར་བརྩིས་ཏེ།   ཡང་སྙིང་སྲིད་སྐྱོང་གི་ཞབས་སྟེགས་ཚ་པོ་དེ་སུ་ལ་འཐོབ་མིན་ཚོད་དཔག་ཅིག་བྱ་བར་འདོད།   དེ་ཡང་ཨ་ཚོགས་ཀླུ་མཁར་བྱམས་ལགས་འཕུད་དེ་མིན་འོས་མི་གསུམ་ཀ་རང་རེའི་སྤྱི་ཚོགས་ཐོག་ཕྱོགས་ཡོངས་ནས་ཤེས་འཇོན་ཡོད་མཁན་ཞིག་དང་ལོ་ནའང་འདྲ་མཉམ།  ལས་ཀའི་ཉམས་མྱོང་ཡོད་པ་གཅིག་མཚུངས་ལྟ་བུ་རེད། འོན་ཀྱང་། རྒྱུ་མཚན་མི་ཉུང་བ་ཞིག་གི་ཐོག་ནས་ད་ལྟའི་ལས་ཐོག་སྲིད་སྐྱོང་བློ་སེང་ལགས་ལ་སྲིད་སྐྱོང་གི་རྐུབ་སྟེགས་དེ་མཐར་རེག་སྲིད་ཀྱང་ཁོང་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་སྲིད་པ་ནི། དང་པོ། དེ་སྔོན་སྲིད་སྐྱོང་འོས་མིར་ལངས་སྐབས་ཁོང་གི་དམ་བཅའ་གསུམ་པོ་དེ་ལག་ལེན་ལ་འཁྱོལ་ཡོད་མེད་ཐད་མི་མང་གིས་ཚ་འདྲི་གཏོང་གི་རེད་ལ། ཁ་གཏད་འོས་མི་ཚོས་ཀྱང་འཐེར་འདོན་གནང་གི་རེད། དེ་བཞིན། སྲིད་སྐྱོང་གིས་ཀྱང་རང་ཉིད་ཀྱི་གྲུབ་འབྲས་རྣམས་འབུར་འདོན་གནང་གི་རེད། དེ་ནི་སྤྱི་ཡོངས་ཀྱི་འོས་བསྡུའི་འགྲོ་སྟངས་ཤིག་རེད། གཉིས་པ་ནི། ལས་ཐོག་སྤྱི་འཐུས་ཚོགས་གཙོ་མཆོག་སྐབས་གོང་མའི་སྲིད་སྐྱོང་འོས་མི་བྱིངས་དང་མི་འདྲ་བར་མི་རབས་གསར་པའི་ཁོངས་སུ་གཏོགས་པ་དང་།  ཁོང་ལ་བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་འགྲོ་ལུགས་ཐད་ཧ་ཅང་གི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་དང་། རང་རེའི་སྤྱི་ཚོགས་ཁྲོད་མི་མང་གིས་འདེང་འཇོག་ཆེན་པོ་གནང་གི་ཡོད། དེའི་དབང་གིས་བློ་བཟང་སེང་གེ་ལགས་ཀྱིས་སྲིད་སྐྱོང་འོས་མི་བྱིངས་གསུམ་ལས་འཇིགས་སྣང་ཆེ་ཤོས་བྱེད་དགོས་ས་དེ་ལས་ཐོག་སྤྱི་འཐུས་ཚོགས་གཙོ་ཆགས་ངེས་རེད།

གསུམ་པ་ནི།  སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ལགས་སྲིད་སྐྱོང་དུ་བཞེངས་སྐབས་ཀྱི་འབོད་སྒྲ་རྩ་དོན་བཞི་བཏོན་ཡོད། དེ་ནི་ཁོང་གིས་འགྲེལ་བརྗོད་གནང་པ་ལྟར། ང་ཚོས་མཐོང་དགོས་པའི་གནད་དོན་བཞི་སྟེ། རྒྱུན་གནས། ཤེས་ཡོན། དཔལ་འབྱོར། ཞི་མོལ་བཅས་རེད། ཁོང་གི་འབོད་སྒྲ་བཞི་པོ་དེས་སྤྱི་ཚོགས་ཁྲོད་འགུལ་ཤུགས་གང་འཚམ་ཞིག་ཐེབས་རྒྱུ་ཡིན་པ་རང་བཞིན་ཆོས་ཉིད་ལྟ་བུ་ཞིག་རེད། ཁོང་གིས་བཏོན་པའི་འབོད་སྒྲ་དེ་དག་གིས་དེ་སྔའི་སྲིད་སྐྱོང་གི་འབོད་སྒྲ་དག་ལའང་དྲི་བ་མི་ཉུང་བ་ཞིག་བསླེབས་སྲིད་པ་རེད།

སྤྱི་འཐུས་ཚོགས་གཙོ་དང་ཀླུ་མཁར་བྱམས་གཉིས་ཀྱིས་ད་བར་རང་ཉིད་ཀྱི་བསྒྲུབ་བྱའི་རྩ་དོན་རྣམས་ཕྱིར་བསྒྲགས་བྱས་མེད་སྟབས། ད་ལྟ་གཞི་ནས་བལྟ་རྒྱུ་བསྡད་ཡོད། ཕྱོགས་ཡོངས་ཀྱི་གནས་བབ་ལ་གཞིགས་ནས་བལྟ་སྐབས། ངའི་བསམ་པར་མཐའ་མའི་རྒྱལ་ཁ་དེ་སྲིད་སྐྱོང་ལ་འཐོབ་ངེས་པ་ལྟ་བུ་རེད། དེའི་རྒྱུ་མཚན་ནི་བཀྲ་ཤིས་དབང་འདུས་ལགས་དང་ཀླུ་མཁར་བྱམས་ལགས་སྲིད་སྐྱོང་ལ་བཞེངས་ཚེ། སྤྱི་འཐུས་སྤེན་པ་ཚེ་རིང་ལགས་ཀྱི་འོས་ཤོག་མི་ཉུང་བ་ཞིག་ཁོང་གཉིས་ལ་ཤོར་ངེས་པ་ལྟ་བུ་རེད། དེ་ཡང་མདོ་སྟོད་ཕལ་མོ་ཆེས་ཧ་ལམ་སྲིད་སྐྱོང་ལ་འོས་ཤོག་འཕེན་ངེས་པ་དང་། མདོ་སྨད་པའི་ཁྲོད་ནས་འོས་ཤོག་དེ་ཧ་ལམ་དུམ་གཉིས་སུ་འགྲོ་ངེས་རེད། གང་ཡིན་ཟེར་ན། མང་ཉུང་ལ་མ་ལྟོས་པར་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བྱེད་མཁན་མདོ་སྨད་པ་གང་འཚམ་ཡོད་ལ། དེ་བཞིན་དུ་སྤྱི་འཐུས་ཚོགས་གཙོ་ལ་འཐོབ་སྲིད་པའི་དབུས་གཙང་མི་མང་གི་འོས་ཤོག་མི་ཉུང་བ་ཞིག་བཀྲ་ཤིས་དབང་འདུས་ལགས་ལ་འཐོབ་ངེས་ཡིན། དེའི་དཔང་རྟགས་གསལ་ཤོས་ཤིག་ནི། ཉེ་ཆར་མངའ་རིའི་སྐྱིད་སྡུག་གིས་བཀྲ་ཤིས་དབང་འདུས་ལགས་སྲིད་སྐྱོང་གི་འོས་མིར་བཏོན་པ་དེ་ཡིན། བཀྲ་ཤིས་དབང་འདུས་ལགས་ལ་མཚོན་ན། གཞིས་ཆགས་ཁག་ནས་ཁོང་ལ་འོས་ཤོག་གང་འཚམ་རག་སྲིད་པ་མ་ཟད། གཞོན་སྐྱེས་ཁྲོད་ནས་ཀྱང་གང་འཚམ་རག་སྲིད། འོན་ཀྱང་། ཁོང་གི་ཕ་རྒྱུད་ཁམས་རིགས་ཡིན་ཡང་། མདོ་སྟོད་མི་མང་ཁྲོད་ནས་ཁོང་ལ་འོས་ཤོག་རག་པའི་རེ་བ་དེ་ཙམ་མ་མཐོང་། དེའི་རྒྱུ་མཚན་ནི། མདོ་སྡོད་པ་མི་མང་པོ་ཞིག་གི་མིག་ནང་དུ་ལས་ཐོག་སྲིད་སྐྱོང་ནི་སྐབས་རྗེས་མའི་སྲིད་སྐྱོང་གི་འོས་མི་མཚམས་ཤོས་སུ་མཐོང་གི་ཡོད་ངེས་ཡིན།

ཕྱོགས་ཡོངས་ལ་གཞིགས་ན། སྲིད་སྐྱོང་བློ་སེང་ལ་མདོ་སྟོད་ཆོལ་ཁ་ནས་འོས་གྲངས་མང་ཤོས་དང་། དེ་ནས་གཞོན་སྐྱེས་ཁྲོད་ནས་ཀྱང་འོས་ཤོག་མི་ཉུང་བ་ཞིག་འཐོབ་སྲིད་པ་རེད། འོན་ཀྱང་། དེ་སྔོན་གྱི་འོས་བསྡུ་དང་མི་འདྲ་བར་ད་རེས་ཁོང་ལ་གཞོན་སྐྱེས་ཁྲོད་ནས་སྔོན་ལྟར་གྱི་འོས་ཤོག་མང་པོ་ཞིག་འཐོབ་མི་སྲིད། འོ་ན། དབུས་གཙང་ཆོལ་ཁའི་འོས་ཤོག་རྣམས་སུ་ལ་འཐོབ་ངེས་རེད་ཅེ་ན། མང་ཤོས་དེ་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སུ་འཐོབ་ངེས་རེད་ལ། དེའི་འཕྲོས་སྲིད་སྐྱོང་དང་བཀྲ་ཤིས་དབང་འདུས་ལགས་སུ་ཆ་སྙོམས་ལྟ་བུ་ཐོབ་ངེས་རེད། དེས་ན། སྐུ་ཞབས་ཀླུ་མཁར་བྱམས་ལགས་སུ་རང་བཙན་འཐབ་བརྩོད་པ་རེ་ཟུང་དང་། དེ་མིན་མདོ་སྨད་ཁྲོད་ནས་གང་འཚམ་འཐོབ་སྲིད་ཀྱང་། དེ་མིན་ཁོང་ལ་འོས་ཤོག་ཐོབ་རེ་བྲལ་བ་རེད། མདོར་ན། ད་རེས་བཀྲ་ཤིས་དབང་འདུས་ལགས་དང་ཀླུ་མཁར་བྱམས་( སྲིད་སྐྱོང་ལ་ལངས་མིན་གསལ་པོ་མི་ཤེས།)གཉིས་སྲིད་སྐྱོང་གི་འོས་མིར་ལངས་པ་དེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་ཕམ་ཉེས་ཀྱི་སྔོན་བརྡ་དང་སྲིད་སྐྱོང་གི་རྒྱལ་ཁའི་སྐྱ་རེངས་ལྟ་བུ་ཆགས་མེད་འགྲོ་སེམས་སོ།།

གོང་དུ་གུས་པས་ཕྱོགས་ལྷུང་སྤངས་ནས་རང་ཉིད་ཀྱི་སྔོན་དཔག་ཅི་ཡིན་གསལ་བརྗོད་བྱས་པ་ཙམ་ལས། རང་ཉིད་ཀྱི་འདོད་ཕྱོགས་དང་མཐུན་པའི་གནད་དོན་གང་ཡང་འབུར་བཏོན་བྱས་མེད་པ་མ་ཟད། ཞིབ་འཇུག་རང་བཞིན་གྱི་སྒོ་ནས་ཀྱང་བྲིས་མེད་སྟབས། ནོར་འཁྲུལ་མི་ཉུང་བ་ཞིག་མཆིས་པས་དགོངས་འགལ་མེད་པ་ཞུ།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༢༠ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 4

  1. མོན་གྱི་པདྨ། says:
    ལོ་ 11 སྔོན།

    ༄། དཔྱད་རྩོམ་འདི་ལྟ་བུ་བྲིས་པས་ཕན་པ་ལས་གནོད་ཆེ་བ་མཐོང་། སྲིད་སྐྱོང་གི་འོས་བསྡུའི་ལས་རིམ་དེ་ཆོལ་ཁ་ཆོས་ལུགས་དབྱེ་བ་མེད་པའི་ངང་ནས་འོས་མི་སུ་གང་ཞིག་ཤེས་འཇོན་གཉིས་ལྡན་ཐོག་ལྷག་བསམ་ལྡན་པ་ཞིག་ལ་རང་གི་འོས་ཤོག་འཕེན་རྒྱུ་ལས་ལུང་ཚན་དང་ཆོས་ལུགས་ཆོལ་ཁའི་ཁ་ཕྱོགས་སྒྲིལ་བའི་བསམ་ཚུལ་ཞིག་མི་མང་གི་སེམས་ནང་ལ་བཅུག་ན་དེ་ཡག་པོ་རྩ་བ་ནས་མ་རེད། འདས་པའི་བཀའ་བློན་ཁྲི་པ་དང་སྲིད་སྐྱོང་གི་འོས་འསྡུར་རྒྱ་ཆེ་མི་མང་ཡོངས་ནས་བློ་གཟུ་བོར་གནས་པའི་ཐོག་ནས་འོས་འཕེན་པ་དངོས་གསལ་དོད་པོ་རེད། མི་མང་གི་ཀླད་པའི་ནང་ཕྱོགས་རིས་འཐེན་འཁྱེར་གྱི་བསམ་བློ་གུ་དོག་ཅན་མ་བླུག་རོགས་གནང་ཞུ་རྒྱུ་ཡིན།

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 11 སྔོན།

    སྔོན་མ་ཡིན་ན་མདོ་སྟོད་ཀྱི་མགོ་ན་སྡོད་མཁན་རེ་ཟུང་ཞིག་གིས་གཞིས་ཆགས་ཁག་གི་མདོ་སྟོད་མི་མང་ལ་ངོ་ལོག་རང་བཞིན་གྱི་སྟངས་འཛིན་ཞིག་བྱེད་ཀྱི་ཡོད་པ་རེད་ལ། བྱེས་ནས་སྐྱེ་བ་དང་བོད་ནས་འབྱོར་བ་ཚོའི་ཀླད་པའི་ནང་ན་ཚ་སྡུག་ཅག་ཅིག་བླུགས་ནས། ད་ལྟའི་ཆར་སངས་དྲག་ཕྱིན་མེད། ཡིན་ནའང། དེང་སང་མདོ་སྟོད་མི་མང་ནང་དགེ་བཤེས་དང། རྩོམ་པ་པོ། སྤྱི་ཚོགས་ཞབས་ཞུ་བ་རྙོག་དྲའི་ནང་མགོ་མི་རྒྱག་ཅིང། སྤྱི་སེམས་ཅན་མང་པོ་ཞིག་གིས་སྲིད་སྐྱོང་བློ་བཟང་སེང་གེ་རིམ་པས་རིམ་པས་གྲོས་ཚོགས་ནང་མདོ་སྟོད་སྤྱི་འཐུས་ཕུ་དཀྲུགས་མདའ་དཀྲུགས་བྱེད་མཁན་ཁ་ཤས་ཡོད་པའི་ཕྱོགས་སུ་ཕེབས་བཞིན་པ། དེ་དག་ཁོང་གི་རྒྱབ་དཔུང་དུ་འདྲེན་བཞིན་པའི་གནས་བབ་གསལ་བོར་མཁྱེན་ཡོད་པ། མདོ་སྟོད་ཀྱི་གཟུར་གནས་སྤྱི་སེམས་ཅན་གཞུང་ཞབས་བགྲེས་གཞོན་དང། སེར་སྐྱ་ཤེས་ལྡན་པ་མང་པོ་ཞིག་གིས་ཚུར་གསུང་གི་འདུག་ན། མདོ་སྟོད་མི་མང་གི་འོས་ཤོག་ཆ་ཚང་ཁོང་ལ་ཐོབ་རྒྱུ་ཟེར་བ་ནི་བློ་ཕྱོགས་རིས་ཅན་གྱིས་ཡིན་ཤག་གིས་བཤད་པའི་བསམ་ཚུལ་ཞིག་ལས། དངོས་ཡོད་གནས་ཚུལ་ལ་ཉམས་ཞིབ་བྱས་ནས་གསུངས་པའི་སྐད་ཆ་ཞིག་མ་རེད། ངས་བསམས་ན་མདོ་སྟོད་སེར་སྐྱ་མི་མང་ལ་ཕྱོགས་རིས་ཡོད་ཤག སློབ་སྦྱོང་ལས་གླེན་ཚུགས་ཆེ་ཤག་བྱས་ན་ཏག་ཏག་ཅིག་རྩ་བ་ནས་བསྡད་ཡོད་པ་མ་རེད། དེ་འདྲ་མིན་པའི་གནས་སྟངས་ལྟོས་ན་གསལ་དུ་འགྲོ་གི་རེད་སྙམ། དཔེར་དོལ་འདྲེའི་རྒྱུགས་ཁྱི་ཚོགས་པའི་ཚོགས་མི་མང་པོ་ཞིག་ཁམས་པ་རེད་དེ། ཕྱོགས་གཞན་ཞིག་ནས་ཁམས་པའི་མི་རབས་གསར་པའི་ཤེས་ཡོན་ཅན་མཁར་འཕགས་དང། སྐལ་བཟང་ལྗི་ཏྲི་སོགས་མང་པོ་ཞིག་གིས་ཐད་ཀར་དེ་དག་ལ་བདེན་པའི་ལམ་སྟོན་དང། དམིགས་བསལ་རྙོག་དྲ་བཟོ་རྒྱུ་ལས་བོད་སྤྱིའི་རྩ་དོན་ལ་འབད་འབུངས་དམ་ཚིག་གཙང་མ་གནང་དགོས་པ་ཁ་རུ་ཁ་ཐུག་གིས་གསུང་གི་ཡོད་པ་རང་ཉིད་ཀྱིས་དངོས་སུ་གོ་མྱོང། ངས་མ་གོ་བ་དང་མ་ཤེས་སར་མཆོག་ཏུ་ཡོད་པས། དེ་སྔའི་འཇུ་ཆེན་སོགས་ཀྱི་ཆུ་སྒང་གསར་རྙིང་གི་རྙོག་གླེང་དང་འབྲེལ་ཏེ་མདོ་སྟོད་མི་མང་ལ་རང་ཁོངས་ནས་མགོ་སྐོར་ཐེབས་ཡོད་པ་དེ་འདྲ་ཞིག དེང་སང་དུས་རབས་ཉེར་གཅིག་པ་ཤེས་ཡོན་གྱི་དུས་རབས་ནང་རང་འཇགས་བསྡད་ཡོད་རེད་ཟེར་ན་སྣང་བ་མི་འགྲོ་བའི་སྐད་ཆ་རང་ཡིན་སྟབས། མདོ་སྟོད་གཟུར་གནས་སེར་སྐྱ་མི་མང་གིས་རང་རང་གི་རྣམ་དཔྱོད་བེད་སྤྱོད་བཏང་སྟེ། ༧གོང་ས་མཆོག་གི་དགོངས་གཞི་ལྟར་བོད་སྤྱི་སེམས་སྲོག་ལས་གཅེས་པའི་ཕུལ་བྱུང་དབུ་ཁྲིད་ཅིག་འདེམས་རྒྱུ་ཡིན་པ་ང་རང་ཡིད་ཆེས་བརྟན་པོ་ཡོད།

    Reply
  3. སྐལ་བཟང་རྣམ་རྒྱལ། says:
    ལོ་ 11 སྔོན།

    ངས་ཤེས་ཚོད་བྱས་ན་ད་བར་བཙན་བྱོལ་སྤྱི་ཚོགས་ནང་བཀའ་བློན་ཁྲི་པ་མ་གཏོགས་སྲིད་སྐྱོང་མི་མང་ནས་ཐད་ཀར་འོས་འདེམས་བྱས་པ་བྱུང་མྱོང་མེད་སྙམ།

    Reply
  4. ལྷག་བསམ། says:
    ལོ་ 11 སྔོན།

    ཞིབ་བསྡུར་ཧ་ཅང་དྲང་མོ་ཕྱོགས་ལྷུང་མེད་པ་གནང་འདུག
    སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་སྲིད་སྐྱོང་འོས་མིར་བཞེངས་པ་ཡོངས་བསྒྲགས་བྱས་ཡོད་པ་རེད། དེ་གསལ་བཤད་ཙམ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese