མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ནས་འབྲེལ་བ་བྱེད་མི་ཐུབ་པ་བཟོས་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གཉེན་འབྲེལ་ཚོར་ཕྱི་ཕྱོགས་ནས་འབྲེལ་བ་བྱེད་མི་ཐུབ་པ་བཟོས་འདུག་ཟེར།

རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྲིང་མོ་དང་ཚ་མོ་གཉིས་ཀློད་གྲོལ་བཏང་ཏེ་ཕ་ཡུལ་དུ་འབྱོར་ཡོད་ཀྱང་། རྒྱ་གཞུང་གིས་ཁོང་གི་ཁྱིམ་མི་གཉེན་འབྲེལ་ཚོའི་ཁ་པར་ཨང་གྲངས་ཚང་མ་བསྡུས་ཏེ། ནང་ཁུལ་དུ་ཕན་ཚུན་འབྲེལ་བ་བྱེད་ཐུབ་པ་མ་གཏོགས་ཕྱི་ཕྱོགས་ནས་འབྲེལ་བ་བྱེད་མི་ཐུབ་པ་ཞིག་བཟོས་ཡོད་པ་མ་ཟད། ཁྱིམ་མི་གཉེན་འབྲེལ་ཚོར་ཚོགས་འདུ་བསྡུས་ཏེ་སྐད་ཆ་གང་བྱུང་བཤད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་རིན་པོ་ཆེའི་ཚ་བོ་དགེ་བཤེས་ཉི་མ་ལགས་སུ། རིན་པོ་ཆེའི་སྲིང་མོ་དང་ཚ་མོ་གཉིས་ཀྱི་གཙོས་ཁྱིམ་མི་གཉེན་འབྲེལ་ཚོའི་གནས་སྟངས་ག་འདྲ་ཆགས་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། ཕྱི་ཟླ་ ༧ ཚེས་ ༡༣ ཉིན་རིན་པོ་ཆེའི་སྲིང་མོ་དང་ཚ་མོ་གཉིས་ཁྲིན་ཏུའུ་ནས་གར་སོང་ཆ་མེད་དུ་གྱུར་ཏེ་ཉིན་གྲངས་བཅུ་གསུམ་བཅུ་བཞི་ཞིག་ཕྱིན་པ་རེད། ཕྱི་ཟླ་ ༧ ཚེས་ ༣༠ ཉིན་ཁོང་གཉིས་ཀློད་གྲོལ་བཏང་སྟེ་ཁྱིམ་དུ་བསླེབས་འདུགཡིན་ནའང་། ང་ཚོས་ཁོང་གཉིས་ལ་ཐད་ཀར་འབྲེལ་བ་བྱེད་ཐུབ་ཀྱི་མི་འདུག་ཅེས་དང་།

ཁོང་གིས་མུ་མཐུད། ནང་དང་སྤུན་སྤུན་མཆེད་ཡོངས་རྫོགས་ཀྱི་ཁ་པར་ཨང་གྲངས་འཁུར་ཕྱིན་ཏེ་ཚང་མ་བཀག་ཚར་འདུག ཁོ་རང་ཚོ་ནང་ཁུལ་ནས་ཕར་ཚུར་ཁ་པར་བཏང་ན་འགྲོ་ཡི་འདུག་ཟེར་མ་གཏོགས་ང་ཚོས་ཕྱི་ལོགས་ནས་ཁ་པར་བཏང་ཡང་གཅིག་ཀྱང་འགྲོ་ཡི་མི་འདུག ཉེ་སྔོན་རིན་པོ་ཆེ་ཡི་སྤུན་སྤུན་མཆེད་ཚང་མར་ཚོགས་འདུ་བསྡུས་ཏེ་སྐད་ཆ་གང་བྱུང་བཤད་ཆོག་གི་མ་རེད་ཟེར་བ་འདྲ་བོ་དང་། སྡིགས་ར་སྐུལ་བའི་གནས་ཚུལ་བྱུང་འདུག་ཅེས་གསུངས་བྱུང་།

རིན་པོ་ཆེའི་གདུང་ཐལ་བཙན་འཕྲོད་བྱས་ཏེ་ཕ་ཡུལ་དུ་གདན་འདྲེན་ཞུ་བཅུག་མེད་པའི་སྐོར་ལ་ཁོང་གིས། ཕྱི་ཟླ་ ༧ ཚེས་ ༡༦ ཉིན་གྱི་ཞོགས་པར་ཁྲིན་ཏུའུ་བཙོན་ཁང་ནས་སྐུ་ཕུང་ཞུགས་འབུལ་བྱེད་དུ་བཅུག་ཡོད་པ་དང་། གདུང་ཐལ་ཕ་ཡུལ་དུ་འཁུར་མཁན་མི་བཞི་མ་གཏོགས་བཞག་ཡོད་པ་མ་རེད། ཉིན་དེའི་ཕྱི་དྲོར་ཉེན་རྟོག་པའི་ལྟ་རྟོག་འོག་མི་བཞི་དེས་གདུང་ཐལ་འཁུར་ནས་དགོང་མོར་ལྕགས་ཟམ་རྫོང་དུ་བསླེབས་སྐབས། ཉེན་རྟོག་པ་མང་པོ་ཡོང་སྟེ་གདུང་ཐལ་ཕ་ཡུལ་དུ་འཁུར་ཆོག་གི་མ་རེད། དེ་རྒྱ་ནག་དབུས་གཞུང་གི་བཀའ་རེད་ཅེས་གདུང་ཐལ་བཙན་འཕྲོག་བྱས་ཡོད་པ་དང་། མི་བཞི་དེས་ང་ཚོས་ཞུ་བ་མང་པོ་བརྒྱབ་སྟེ་གདུང་ཐལ་སྤྲོད་རྒྱུ་བྱས་པ་རེད། མ་འཕྲོག་རོགས་ཞེས་ཞུ་བ་བརྒྱབ་ཡོད་ཀྱང་། མ་ཕན་པར་བཙན་པོ་དབང་ཡོད་ཀྱིས་འཕྲོག་སྟེ་ལྕགས་ཟམ་ཁའི་ཆུ་ནང་དུ་འདེབས་ཀྱི་ཡིན་ལབ་འདུག ཡིན་ནའང་། ཕྱིས་སུ་བཏབ་ཡོད་མེད་ཧ་གོ་མ་སོང་གང་ལྟར་ཕ་ཡུལ་དུ་འཁུར་བཅུག་ཡོད་པ་མ་རེད། ཅེས་དང་། རིན་པོ་ཆེ་བཙོན་ཁང་ནས་སྐུ་གྲོངས་རྗེས། ཁྱིམ་མི་གཉེན་འབྲེལ་ཚོར་ཁོང་གི་སྐུ་ཆས་རྣམས་རྩིས་སྤྲད་ཡོད་མེད་དྲིས་པར། སྐུ་ཆས་གང་ཡོད་པ་ཐམས་ཅད་མེར་བསྲེགས་བཏང་སྟེ་གཅིག་ཀྱང་སྤྲད་ཡོད་པ་མ་རེད། སྤྲད་ཆོག་གི་མ་རེད་ལབ་སོང་ཟེར། ཞེས་གསུངས་བྱུང་།

ད་ལྟ་རིན་པོ་ཆེའི་དགོན་པ་རྣམས་ཀྱི་གནས་སྟངས་ག་འདྲ་ཆགས་ཀྱི་ཡོད་དྲིས་པར་ཁོང་གིས། ཉིན་མ་ཁ་ཤས་ཀྱི་སྔོན་དུ་རིན་པོ་ཆེ་མཆོག་གི་དགོན་པའི་ནང་དམག་མི་རང་འཇགས་བསྡད་འདུག་ལབ་སོང་། སྤྱིར་བཏང་རིན་པོ་ཆེ་དགོངས་པ་རྫོགས་པའི་ཉིན་མོ་ནས་བཟུང་སེར་སྐྱ་ཡོངས་སུ་རྫོགས་པ་དགོན་པའི་ནང་འདུས་ཏེ་མཆོད་འབུལ་སྨོན་ལམ་ཞུས་ནས་བསྡད་ཡོད་ཀྱང་། ཕྱི་ཚེས་ ༡༧ ཉིན་གྱི་ཞོགས་པ་ནས་བཟུང་མི་མང་རྣམས་དགོན་པའི་ནང་འགྲོ་རུ་མ་བཅུག་པར་སོ་སོའི་ཁྱིམ་དུ་སྡོད་དགོས་པའི་བཙན་བཀའ་བཏང་ཡོད་སྟབས། མི་མང་དགོན་པའི་ནང་འགྲོ་བར་དཀའ་ངལ་ཡོད་ས་རེད་མ་གཏོགས། དགོན་པའི་ནང་དུ་ཡོད་པའི་གྲྭ་བ་ཚོས་མཆོད་འབུལ་བྱེད་པར་དམིགས་བསལ་གྱི་དཀའ་ངལ་ཡོད་ས་མ་རེད། ཅེས་དང་།

རིན་པོ་ཆེ་ལ་ཁྱོན་དགོན་པ་ ༨ ཡོད་པ་དང་། དགོན་པ་ཆེ་ཤོས་དེ་ཨོ་ཐོག་དགོན་པ་ཡིན་ཞིང་། གྲྭ་བ་༤༠༠ ཙམ་ཡོད་པ་དང་། དེ་ནས་བདེ་ཆེན་ཆོས་གླིང་ཟེར་བའི་ཨ་ནེ་དགོན་པ་ཆེན་པོ་ཞིག་ཡོད་པའི་ནང་ཨ་ནེ་༨༠ ཙམ་ཡོད་ལ། དགོན་པ་མང་ཆེ་བ་ཉག་ཆུ་རྫོང་ཁོངས་སུ་ཡོད་སྐོར་གསུངས་བྱུང་།

རིན་པོ་ཆེས་ཆེད་འཛུགས་གནང་བའི་ས་གནས་ཀྱི་སློབ་གྲྭ་ཞིག་རྒྱ་གཞུང་གིས་སྒོ་བརྒྱབ་ཚར་བའི་སྐོར་ལ་ཁོང་གིས། ནག་ཆུ་ཁོངས་སུ་རིན་པོ་ཆེས་སློབ་གྲྭ་ཞིག་བརྒྱབ་ཡོད་པ་རེད། བརྒྱབ་ནས་ཞེ་དྲགས་མ་སོང་བར་ཉག་ཆུ་རྫོང་དང་སི་ཁྲོན་ཞིང་ཆེན་གྱི་མི་སྣ་ཡོང་སྟེ། གཞུང་ལ་རྩིས་སྤྲོད་དགོས་པའི་བཙན་བཀའ་བཏང་ནས་བླངས་སོང་བ་དང་། རྗེས་སུ་ཁོ་རང་ཚོས་སློབ་གྲྭ་དེ་རྦད་དེ་སྒོ་བརྒྱབ་བཞག་པ་རེད། དང་ཐོག་སློབ་གྲྭ་དེ་བཙུགས་སྐབས་སློབ་ཕྲུག་ ༢༠༠ མ་ཟིན་ཙམ་ཡོད་ཀྱང་། ཕྱིས་སུ་སློབ་ཕྲུག་ཚང་མ་ཁ་འཐོར་དུ་ཕྱིན་ཏེ་ཁ་ཤས་སློབ་སྦྱོང་གི་གོ་སྐབས་མ་རག་པར་ལྷག་པ་དང་། ཁ་ཤས་བཙན་བྱོལ་དུ་ཡོང་སྟེ་ད་ལྟ་ཨ་རི་དང་ཡུ་རུབ་སོགས་ཀྱི་ནང་ཡོད་པ་རེད། ཅེས་གསུངས་བྱུང་།

ད་ལྟ་བར་དུ་ཐད་ཀར་རྒྱ་ནག་དབུས་གཞུང་ལ་རིན་པོ་ཆེའི་སྐུ་གྲོངས་རྐྱེན་སྐོར་ཞུ་གཏུག་བརྒྱབ་ཡོད་མེད་དྲིས་པར། ཁྲིན་ཏུའུ་བཙོན་ཁང་དུ་སྐུ་ཕུང་རྩིས་སྤྲོད་དགོས་པའི་འབོད་སྐུལ་བྱེད་དུ་འགྲོ་སྐབས། རིན་པོ་ཆེའི་སྲིང་མོའི་མིང་ཐོག་ནས་སྙན་ཞུ་དོན་ཚན་ལྔ་ཅན་ཞིག་འཛམ་གླིང་གི་ས་ཕྱོགས་གང་སར་བཀྲམ་ཡོད་པ་དང་། སྙན་ཞུ་དེའི་ནང་གལ་ཏེ་རིན་པོ་ཆེའི་སྐུ་ཕུང་ང་ཚོར་རྩིས་སྤྲོད་མ་བྱས་ན། རྒྱལ་སྤྱིའི་ཐོག་ནས་གནད་དོན་འདིར་ཞིབ་འཇུག་བྱེད་རོགས་ཞེས་འབོད་སྐུལ་བྱ་རྒྱུ་ཡིན་སྐོར་བཤད་ཡོད་པ་རེད། རྒྱ་ནག་དབུས་གཞུང་ལ་ཐད་ཀར་ཞུ་གཏུག་བྱས་མེད་ཀྱང་། དོན་ཚན་ལྔ་ཅན་གྱི་སྙན་ཞུ་དེ་ཁྲིན་ཏུའུ་བཙོན་ཁང་གི་མགོ་ཁྲིད་ཚོར་སྤྲད་ཡོད་པ་མ་ཟད། སྐབས་དེར་སི་ཁྲོན་ཞིང་ཆེན་དང་དཀར་མཛེས་ཁུལ། ལི་ཐང་རྫོང་། ཉག་ཆུ་རྫོང་བཅས་ཀྱི་མགོ་ཁྲིད་མང་པོ་བསླེབས་ཡོད་སྟབས། ཁོ་ཚོ་ཚང་མར་སྤྲད་ཡོད་ས་རེད། ཅེས་གསུངས་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese