མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་བྱང་ཀོ་རི་ཡའི་དམག་འཐབ།

བོད་ཀྱི་དུས་བབ།
༢༠༡༥/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ལྷོ་ཀོ་རི་ཡའི་བདེ་སྲུང་ལྷན་ཁང་གིས་བྱང་ཀོ་རི་ཡར་དྲག་ཤུགས་དཔྱད་ནས་འཁོན་ལན་བསློག་རྒྱུ་ཡིན་པ་ཕྱི་བསྒྲགས་བྱས་འདུག

དེ་རིང་ལྷོ་ཀོ་རི་ཡའི་བདེ་སྲུང་ལྷན་ཁང་གིས་བདུན་ཕྲག་སྔོན་མའི་ནང་བྱང་ཀོ་རི་ཡའི་དམག་མིས་ལྷོ་བྱང་ཀོ་རི་ཡའི་བར་གནས་ས་མཚམས་ཁུལ་དུ་ (Korean Demilitarized Zone) ས་འོག་འབར་རྫས་གས་གཏོར་བྱས་ཏེ། ལྷོ་ཀོ་རི་ཡའི་མཐའ་སྲུང་དམག་མི་ཁག་ཅིག་ལ་རྨས་སྐྱོན་བཟོས་ཡོད་པ་དེར། བྱང་ཀོ་རི་ཡར་སྐྱོན་བརྗོད་བྱས་ཡོད་པ་མ་ཟད་དྲག་ཤུགས་དཔྱད་ནས་འཁོན་ལན་བསློག་རྒྱུ་ཡིན་སྐོར་བསྒྲགས་འདུག

རོའུ་ཌར་དང་བྷི་བྷི་སི་གསར་ལམ་ཐོག་ལྷོ་ཀོ་རི་ཡ་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཀེམ་མིན་སུག་ (Kim Min-Seok) གིས། བདུན་ཕྲག་སྔོན་མའི་རེས་གཟའ་མིག་དམར་ཉིན་བྱང་ཀོ་རི་ཡའི་དམག་དཔུང་གིས་ལྷོ་བྱང་ཀོ་རི་ཡའི་བར་གནས་ས་མཚམས་ཁུལ་དུ་ས་འོག་འབར་རྫས་གསུམ་གས་གཏོར་བྱས་ཏེ། མཐའ་སྲུང་དམག་མི་གཉིས་ཀྱི་ཡན་ལག་གཅོད་འབྲེག་བྱེད་དགོས་ཐུག་ཡོད་པ་མ་ཟད། མ་འོངས་པར་དེ་ལས་མང་བ་དྲག་ཤུགས་བྱ་སྤྱོད་སྤེལ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་སྟབས། ད་ལྟ་ལྷོ་ཀོ་རི་ཡ་གཞུང་གིས་ས་མཚམས་ཁུལ་དུ་དམག་མི་འགྲེམས་འཇོག་བྱས་ཏེ་མཐའ་ཁུལ་བརྟན་སྲུང་བྱེད་བཞིན་ཡོད། ཅེས་དང་། ལྷོ་ཀོ་རི་ཡའི་དམག་སྤྱི་ཀུ་ཧུང་མཱོ་(Ku Hong-mo) ཡིས། ད་ཐེངས་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡར་འཁྲུག་རྐྱེན་སློང་གཞིའི་བྱ་འགུལ་སྤེལ་བ་འདི་ནི། དེ་སྔོན་རྒྱལ་ཁབ་གཉིས་བར་བཞག་པའི་དམག་མཚམས་འཇོག་རྒྱུ་དང་བཙན་འཛུལ་མི་བྱ་རྒྱུའི་གྲོས་མཐུན་དང་རྒྱབ་བརྒལ་ཆགས་ཡོད་སྟབས། ང་ཚོས་བྱང་ཀོ་རི་ཡར་དམག་དྲངས་ནས་འདས་གྲོངས་སུ་སོང་བའི་དམག་མི་ཚོའི་དགྲ་ཤ་ལེན་ཐུབ་པ་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

ནེའུ་ཡོག་དུས་བབ་ཀྱིས་དེ་སྔོན་ལྷོ་ཀོ་རི་ཡ་གཞུང་གིས་ཨ་རིར་རམ་འདེགས་བྱས་ཏེ་རྒྱལ་ས་སོལ་ནང་བྱང་ཀོ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་བྱ་ཆེད་ལས་ཁུངས་ཤིག་གསར་འཛུགས་བྱས་ཡོད་སྟབས། བྱང་ཀོ་རི་ཡའི་གཞུང་གིས་བཀག་བསྐྱིལ་འོག་ཡོད་པའི་ལྷོ་ཀོ་རི་ཡའི་མི་སེར་ཀློད་གྲོལ་བཏང་མེད་པ་མ་ཟད། བདུན་ཕྲག་རྗེས་མའི་ནང་ལྷོ་ཀོ་རི་ཡའི་ནང་ཨ་རི་དང་ལྷོ་ཀོ་རི་ཡ་བར་མཉམ་ལས་དམག་སྦྱོང་བྱ་རྒྱུ་ཡིན་པར། བྱང་ཀོ་རི་ཡས་དེ་ནི་བྱང་ཀོ་རི་ཡར་བཙན་འཛུལ་བྱ་རྒྱུའི་བསྐྱར་སྦྱོང་དམག་སྦྱོང་ཞིག་ཡིན་ཚུལ་སྐྱོན་འཛུགས་བྱས་ཡོད། ༢༠༡༠ ལོར་བྱང་ཀོ་རི་ཡས་ཆུ་འོག་འབར་མདེལ་བཞག་ནས་ལྷོ་ཀོ་རི་ཡའི་བྱིངས་གྲུ་ཞིག་གཏོར་ཏེ་དམག་མི་ ༤༦ བསད་ཡོད་པ་མ་ཟད། ད་ཐེངས་ས་མཚམས་ཁུལ་དུ་ས་འོག་འབར་རྫས་བཞག་ནས་ལྷོ་ཀོ་རི་ཡའི་དམག་མི་གཉིས་ལ་རྨས་སྐྱོན་ཚབས་ཆེན་བཏང་ཡོད་སྟབས། ལྷོ་ཀོ་རི་ཡ་གཞུང་གིས་བྱང་ཀོ་རི་ཡར་འཁོན་ལན་བསློག་སྲིད་པ་ཞིག་ཡིན་ཡང་། ད་ལྟ་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་ལ་ཉོབ་ཐུབ་པའི་སྒྱོགས་མདེལ་འཕེན་ཆོག་ཆོག་བྱས་ནས་བསྡད་ཡོད་སྟབས། ལྷོ་ཀོ་རི་ཡས་བྱང་ཀོ་རི་ཡར་དཔལ་འབྱོར་གྱི་ཉེས་ཆད་འགེལ་སྲིད་པ་ལས་དྲག་འཐབ་ བྱས་ནས་འཁོན་ལན་བསློག་རྒྱུ་ཁག་པོ་ཆགས་ཡོད། བདུན་ཕྲག་འདིའི་རེས་གཟའ་སྤེན་པ་ཉིན་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱིས་ཉི་ཧོང་གི་ བཙན་འཛུལ་ལས་བཅིངས་གྲོལ་ཐོབ་སྟེ། ལོ་ངོ་ ༧༠ འཁོར་བའི་དུས་སྟོན་སྲུང་བརྩི་ཞུ་བཞིན་ཡོད་སྟབས། རྒྱལ་ཁབ་གཉིས་བར་འབྲེལ་ལམ་བསྐྱར་གསོ་ཐུབ་རྒྱུའི་གོ་སྐབས་ལེགས་པོ་ཞིག་ཆགས་ ཡོད་ཀྱང་། ད་ལྟ་ལྷོ་ཀོ་རི་ཡས་ཨ་རི་དང་མཉམ་ལས་དམག་སྦྱོང་བྱ་རྒྱུ་མཚམས་འཇོག་མ་བྱས་པ་མ་ཟད། བྱང་ཀོ་རི་ཡས་ངོས་ནས་ཀྱང་ས་མཚམས་ཁུལ་དུ་བསྟུད་མར་ས་འོག་འབར་རྫས་གས་གཏོར་དང་། ཤུགས་ཚད་འབྲིང་བའི་སྒྱོགས་མདེལ་འདྲ་མིན་ཚོད་ལྟ་བྱས་ནས་ལྷོ་ཀོ་རི་ཡར་འཇིགས་སྣང་སྐུལ་བཞིན་ཡོད་སྟབས། མ་འོངས་པར་རྒྱལ་ཁབ་གཉིས་བར་འབྲེལ་ལམ་འཕེལ་རྒྱས་འགྲོ་རྒྱུ་ཁག་པོ་ཆགས་ཡོད་ཅེས་བཀོད་འདུག

རྒྱ་གར་ཧིན་རྡུ་དུས་བབ་ཐོག་ལྷོ་ཀོ་རི་ཡར་ཡོད་པའི་ཨ་རིའི་དམག་དོན་བཀོད་དོམ་ཁང་གིས། ད་ཐེངས་བྱང་ཀོ་རི་ཡས་ས་མཚམས་ཁུལ་དུ་ས་འོག་འབར་རྫས་གས་གཏོར་བྱས་ཏེ། ལྷོ་ཀོ་རི་ཡའི་དམག་མིར་རྨས་སྐྱོན་བཏང་ཡོད་སྟབས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་བྱང་ཀོ་རི་ཡར་ཆད་པ་གཅོད་དགོས་ཞེས་དང་། ལྷོ་ཀོ་རི་ཡའི་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཡཱང་མཱོ་ཇན་གྱིས། ད་ཐེངས་བྱང་ཀོ་རི་ཡས་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་བར་གནས་ས་མཚམས་ཁུལ་དུ་དམག་འཐབ་སློང་གཞིའི་བྱ་སྤྱོད་བརྩམས་ཡོད་སྟབས། ལྷོ་ཀོ་རི་ཡས་བྱང་ཀོ་རི་ཡར་དཔལ་འབྱོར་གྱི་ཉེས་ཆད་འགེལ་རྒྱུ་ལས་གདམ་ག་གཞན་ གང་ཡང་ཡོད་པ་མ་རེད་ཅེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

ཆུ་ཚོད་ ༩ སྔོན་ལ།
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

ཆུ་ཚོད་ ༩ སྔོན་ལ།
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

ཆུ་ཚོད་ ༡༢ སྔོན་ལ།
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦
དཀར་མཛེས་རྫོང་འབྲུང་རྔ་གྲོང་གི་དཀར་མཛེས་ད་དགོན་པའི་དགེ་རྒན་དཔལ་ལྡན་ཡེ་ཤེས་ལགས། ནོར་ཝེ་རླུང་འཕྲིན་ཁང་གི་པར། 
Mobile App

རྒན་དཔལ་ལྡན་ཡེ་ཤེས་ལགས་ཀྱི་སྤུན་མཆེད་ཀྱང་བདུན་ཕྲག་གཅིག་ལྷག་རིང་བཀག་ཉར་གྱིས་གཅར་རྡུང་བྱས་འདུག 

༢༠༢༦/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese