མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིག་པ་དྭངས་གསལ་བྱོས།

བོད་ཀྱི་དུས་བབ།
༢༠༡༥/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༧༡ སྟེང་གི་རྩོམ་སྒྲིག་པའི་གཏམ།

དགོད་བྲོ་བ་ཞིག་ལ། ནམ་རྒྱུན་བཙན་བྱོལ་ནང་གི་ཚོགས་ས་འདུ་ས་ཁག་ཏུ་འགྲིག་ཡོད་པ་དང་འགྲུབ་ཡོད་པ། གྲུབ་འབྲས་ཐོན་ཡོད་པ་དང་ཡར་རྒྱས་ཕྱིན་ཡོད་པ་རྐྱང་རྐྱང་གླེང་གི་ཡོད། བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དང་སྤྱི་འཐུས་སྐབས་བཅུ་དྲུག་པའི་འོས་བསྡུ་བསླེབ་ལ་ཉེ་བ་དང་བསྟུན་ཏེ། སྤྱི་དོན་བསྒྲུབ་རྒྱུ་ཡིན་ཟེར་མཁན་དང་བླངས་བ་ཚང་མས་འགྲིག་གི་མེད་པ་དང་འགྲུབ་ཀྱི་མེད་པའི་གནས་ཚུལ་མང་པོ་ཞིག་བརྒྱུད་ལམ་ཁག་ཏུ་བརྫང་ཡོང་གི་འདུག དེ་དང་མཉམ་དུ་བོད་མིའི་སྒྲིག་འཛུགས་ཀྱི་འཐུས་ཤོར་ཐལ་ཆ་དག་ཀྱང་སྔོག་ཡོང་གི་འདུག

    དོན་དངོས་སུ་འགྲིག་གི་མེད་པ་དང་འགྲུབ་ཀྱི་མེད་པ་མང་པོ་ཡོད་སྲིད་པ་རེད། འུ་ཅག་བཙན་བྱོལ་དུ་ཡོང་ནས་མི་ལ་སྐྱབས་བཅོལ་ཏེ་སྡོད་མཁན་སྤྲང་ཚོགས་ཁྱུ་གཅིག་རེད། མགོ་ཐོག་གི་ནམ་མཁའ་དང་རྐང་ཞབས་ཀྱི་ས་ཆ་འདི་ཡང་འུ་ཅག་ལ་བདག་གི་མ་རེད། ཡིན་ནའང་མང་པོ་ཞིག་འགྲིག་གི་མེད་པ་དང་འགྲུབ་ཀྱི་མེད་པ་དེ་དག་རང་ཉིད་ཀྱིས་ཀྱང་བསྒྲུབ་ཐུབ་ཀྱི་ཡོད་མེད་དྲང་མོར་བཤད་དགོས། རྒྱ་ཆེའི་མང་ཚོགས་ལ་མགོ་བསྐོར་གཏོང་མི་རུང་། བོད་གཞིས་བྱེས་མི་མང་གི་ལྟ་ས་དང་ཉན་ས་ཁྱེད་ཅག་ཡིན། མ་འོངས་པའི་ལོ་ལྔ་ནས་བཅུ་དེ་ཁྱེད་ཅག་ལ་བདག་གི་ཡོད།

      “སྐད་ཆ་ག་རེ་བཤད་པ་དེས་མི་དེར་འགྲེལ་བཤད་རྒྱག་མི་ཐུབ། ལས་ཀ་ག་རེ་བྱས་པ་དེ་མི་དེའི་འགྲེལ་བཤད་ཡིན།” ཞེས་པའི་ནུབ་ཕྱོགས་པའི་ཁ་རྒྱུན་ལྟར། མང་ཚོགས་ཀྱིས་རིག་པ་དྭངས་གསལ་བྱ་དགོས། ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་འདི་སྔོན་ཆད་བཀའ་ཁྲིར་བཞེངས་སྐབས། ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ། ༧གོང་ས་མཆོག་བོད་ནང་གདན་ཞུ་རྒྱུ་ཡིན། ཞེས་འུར་ཆེན་པོ་བསླངས་པ་དེ་དག་ད་ལྟ་ག་འདྲ་ཆགས་འདུག ད་ལྟའི་སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ཀྱིས་ཀྱང་། རྒྱུན་གནས། ཤེས་ཡོན། དཔལ་འབྱོར། གྲོས་མོལ། ཞེས་མི་མང་ལ་ཧེབ་སློང་གི་ཡོད་པ་འདི་དག་ཀྱང་ལོ་ལྔའི་རྗེས་ལ། དེ་རིང་བློ་བཟང་སེང་གེ་ཡི་གནས་སྟངས་ལྟར་བློ་ཕམ་དང་འཁངས་ར་བྱེད་ཡུལ་ཆགས་སྲིད།

        དེ་བཞིན། ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་ཀྱང་། སྲིད་དོན་བསྐྱར་ཞིབ་ཀྱི་འཆར་སྒོ་དང་གཞུང་སྲིད་བར་གནས་ཀྱི་འཆར་སྒོ། བྲན་གཡོག་གཤིས་ཀ་ལ་ངོ་རྒོལ་དང་དད་པ་ལོག་སྤྱོད་ལ་ངོ་རྒོལ། ཞེས་ན་གཞོན་གསར་པ་ཚོར་ཨ་གསར་སློང་བྱེད་དུ་རིག་གསར་གྱི་བརྡ་ཆད་མང་པོ་ཞིག་སྤུངས་ཡོང་གི་འདུག་པ་འདི་དག་ད་ལྟ་ནས་ནང་དོན་སྟོང་པ་རེད། གསལ་བསྒྲགས་ཧྲིལ་བོར་གཞོན་གསར་ཞིག་གི་ལྷུག་རྩོམ་ལས་སྲིད་སྐྱོང་ཞིག་གི་རྒྱལ་སྐྱོང་གི་རྣམ་པ་དང་ནང་དོན་མི་འདུག དེ་བཞིན། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་དམངས་གཙོའི་ཀ་བ་གསུམ་གྱི་ནུས་པ་མཉམ་སྤུང་ཟེར་བ་ཞིག་གཙོར་འདོན་བྱེད་ཀྱི་ཡོད་པ་དེའང་བཀའ་ཤག་སྐབས་བཅུ་གཉིས་ནས་ཁ་འདོན་བྱས་པའི་ཁ་གཡང་ཙམ་ཞིག་རེད།
        འོན་ཀྱང་ཐབས་རྡུགས་པའི་ནང་གི་རེ་བ་ཙམ་ཞེས་པ་ལྟར། ཚོགས་གཙོའི་བཀའ་མོལ་དེ་དག་ནི་ལས་དོན་དངོས་ལ་བར་ཐག་ཉེ་ཤོས་ཆགས་འདུག རྒྱལ་ཁབ་རང་བཙན་པ་ཞིག་གི་སྲིད་འཛིན་སྲིད་བློན་འོས་མི་ཚོས་འུར་རྒྱག་སྟངས་དེ་མ་ཡིན་པར། ང་ཚོ་བཙན་བྱོལ་སྒྲིག་འཛུགས་ཤིག་ཡིན་པ་དང་། ང་ཚོའི་སྲིད་སྐྱོང་གི་རྐུབ་སྟེགས་དེའང་གཞུང་གི་འགན་འཛིན་ཙམ་ Head of government ཞིག་ཡིན་པའི་ངོས་ཐད་ནས། བཙན་བྱོལ་སྤྱི་ཚོགས་དང་གངས་ཅན་སྐྱིད་གཤོངས་ཀྱི་ཉིན་རེའི་ལས་དོན་བྱེད་ཕྱོགས་ངོ་མ་དེ་རེད།

     མ་འོངས་པར་ཡང་སྲིད་སྐྱོང་འོས་མི་སུ་ཞིག་བཞེངས་ཀྱང་། བར་སྣང་ལ་ལྷ་ཁང་མི་བཞེངས་བར་ཁ་ལ་རན་པའི་ཐུར་མ་དང་། རང་གིས་འཇོན་པའི་ལས་འཆར་ཞིག་བསྒྲག་རྒྱུ་ལས། རྒྱ་ཆེའི་མང་ཚོགས་ལ་མགོ་སྐོར་མ་གཏོང་རོགས་ཞུ་བཞིན་ཡོད་ལ། ལྷག་པར་དུ་ད་ལྟའི་བརྡ་འཕྲིན་དུས་རབས་ནང་གི་སྔོན་ཐོན་པ་བྱས་ཏེ། བོད་ནང་ལ་བརྒྱུད་སྐུལ་བྱེད་པའི་ཐབས་རྡུགས་ཀྱི་བྱེད་སྒོ་རིགས་ཀྱང་མཚམས་འཇོག་རོགས་ཞེས་ཞུ་བ་འཐེན་བཞིན་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༢ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese