མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་སྤྱི་འཐུས་གཉིས་ཆོལ་ཁ་ཆོས་ལུགས་ཐུན་མོང་གི་སྤྱི་འཐུས་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

“ད་ལྟ་སྲིད་སྐྱོང་འོས་མིར་ལངས་མཁན་ ༥ བྱུང་ཡོད་པ་དག་ལ་སྡོམ་ཚིག་ཅིག་བཀོད་པ་ཡིན་ན། འུལ་ཤོབ་ཤོད་མཁན་གྱི་རྒྱལ་བློན་རྣམ་པ་གཉིས་དང་། ཉམས་མྱོང་དང་འཇོན་ཐང་ངོམ་མཁན་གྱི་དཔའ་རྒོལ་རྣམ་པ་གཉིས། རྟེན་འབྲེལ་བརྩི་བའི་རྒད་པོ་གླེན་པ་གཅིག་བཅས་རེད།” ཟེར།

གཟའ་ཉི་མའི་ཉིན་རྒྱབ་ཆུ་ཚོད་ ༣།༠༠ སྟེང་། བོད་ཀྱི་དུས་བབ་གསར་ཁང་གི་གོ་སྒྲིག་འོག ཧྥ་རན་སིའི་རྒྱལ་ས་ཕ་རི་སིའི་རིགས་པ་ཆོས་ཚོགས་ཀྱི་ཚོགས་ཁང་དུ།༼ཡུ་རོབ་སྤྱི་འཐུས་དང་སྲིད་སྐྱོང་སྐོར་ལ་བགྲོ་གླེང་།༽ཞེས་པའི་བགྲོ་གླེང་གཏམ་བཤད་ཅིག་ཚོགས་ཡོད་པ་དང་། གཏམ་བཤད་གནང་མཁན་ཧྥ་རན་སིར་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་འབྲེལ་མཐུད་པ་ཚེ་རིང་དོན་གྲུབ་ལགས་དང་། ཧྥ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་ངག་དབང་བསྟན་པ་ལགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐྱེས་ལས་རྣམ་གྲོལ་ལགས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དོན་གྲུབ་ཕུན་ཚོགས་ལགས། ཆུ་བཞི་སྒང་དྲུག་ཚོགས་པའི་ཚོགས་གཙོ་གངས་སེང་བསྟན་འཛིན་ལགས། དེ་བཞིན། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་ལགས་བཅས་རེད།

བགྲོ་གླེང་དབུ་འཛུགས་སྟེང་བོད་ཀྱི་དུས་བབ་གསར་ཁང་གི་ས་གནས་གསར་འགོད་པ་ཟླ་བ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་བར། ཐེངས་འདིར་བོད་ཀྱི་དུས་བབ་གསར་ཁང་གི་དབུས་ལས་ཁུངས་ནས་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ལགས་དང་འགྲེམ་སྤེལ་བ་བློ་བཟང་དབང་ཕྱུགས་ལགས་རྣམ་གཉིས་ཆེད་དུ་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་སྐོར་སྐྱོད་གནང་གི་ཡོད་པ་དང་། དེ་ནི་ད་ལྟའི་ཆར་ཡུ་རོབ་ནང་བོད་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཡུ་རོབ་ནང་བོད་པའི་ཆབ་སྲིད་ལས་འགུལ་ཡང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ། དེ་བཞིན་བཀའ་ཤག་སྐབས་ ༡༥ པའི་སྲིད་སྐྱོང་དང་། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་འོས་བསྡུ་བསླེབ་ལ་ཉེ་བ་སོགས་ལ་བརྟེན་ཏེ། ཡུ་རོབ་བོད་མིའི་སྤྱི་ཚོགས་སྐོར་ལ་རྒྱུས་ལོན་དང་དུས་བབ་ཚགས་པར་འགྲེམ་སྤེལ་བཅས་ཀྱི་ཆེད་ཡིན་སྐོར་སོགས་ངོ་སྤྲོད་གནང་།

བགྲོ་གླེང་གི་ཐོག་མར་བོད་པའི་སྐུ་ཚབ་དོན་གཅོད་འབྲེལ་མཐུད་པ་ཚེ་རིང་དོན་གྲུབ་ལགས་ཀྱིས་༼བོད་མི་མང་སྤྱི་འཐུས་སྐབས་ ༡༦ དང་བཀའ་ཤག་སྐབས་ ༡༥ པའི་འོས་བསྡུ་ཆེན་མོར་ཡུ་རོབ་མི་མང་གིས་འགན་འཁུར་ལེན་ཕྱོགས།༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། བོད་ཀྱི་དུས་བབ་གསར་ཁང་གིས་འདི་ལྟ་བུའི་བགྲོ་གླེང་ཞིག་གོ་སྒྲིག་གནང་བ་དེ་ཧ་ཅང་སྐབས་སུ་བབ་པ་ཞིག་ཆགས་འདུག་སྟབས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ཀྱི་དུས་བབ་ལ་མཚོན་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་གསར་ཁང་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། ད་དུང་ཁོ་རང་ཚོ་ཡུ་རོབ་རྒྱལ་ཁབ་གཞན་ཁག་ཅིག་ནང་དུའང་ཕེབས་འཆར་ཡོད་སྟབས། ས་གནས་ཀྱི་གནས་ཚུལ་རྒྱུས་ལོན་དང་མི་མང་ལ་གོ་རྟོགས་ཡག་པོ་ཞིག་སྤེལ་ཐུབ་པའི་རེ་བ་ཡོད། དུས་རྒྱུན་ང་ཚོས་དམངས་གཙོ་ཞེས་མང་པོ་ཞིག་བཤད་ཀྱི་ཡོད་པ་དེ་མཐར་གཏུག་ན་མང་ཚོགས་ལ་ཐུག་ཡོད་པ་རེད། ཨ་རིའི་སྲིད་འཛིན་ཞིག་གིས་ ‘མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་སྲིད་གཞུང་།’ ཞེས་གསུངས་པ་དེ་དམངས་གཙོའི་འགྲེལ་བཤད་གོ་བདེ་ཤོས་དེ་རེད། དེར་བརྟེན། དམངས་གཙོའི་སྤྱི་ཚོགས་ནང་གི་གལ་ཆེ་ཤོས་མི་མང་གི་འགན་འཁུར་ལ་ཐུག་ཡོད། བོད་མི་སུ་ཞིག་ཡིན་ཡང་འོས་བསྡུའི་ཆ་ཤས་བླངས་པ་དེ་བོད་པའི་རྩ་དོན་འཐབ་རྩོད་ཀྱི་ཆ་ཤས་ཤིག་ཆགས་ཡོད་པ་རེད།

འོས་བསྡུའི་ལས་རིམ་ནང་འཛུལ་ཞུགས་བྱེད་པའི་རྩ་བའི་ཆ་རྐྱེན་དེ་བཙན་བྱོལ་བོད་མིའི་དང་བླངས་དཔྱ་ཁྲལ་ལག་དེབ་དེ་རེད། ལག་དེབ་ཡོད་པ་ཙམ་གྱིས་འགྲིག་གི་ཡོད་པ་མ་རེད། དཔྱ་དངུལ་ཏག་ཏག་ཕུལ་ཟིན་པ་དང་། འོས་བསྡུའི་དེབ་སྐྱེལ་བྱེད་དགོས་པ་རེད། སྔོན་འགྲོའི་འོས་བསྡུ་དེ་ ༢༠༡༥ ཟླ་ ༡༠ ཚེས་ ༡༨ རེད། ཉིན་དེ་ལ་ ༢༠༡༤ ལོའི་དཔྱ་ཁྲལ་ཆ་ཚང་ཕུལ་ཟིན་པ་ཞིག་དང་། ༢༠༡༦ ཟླ་ ༣ ཚེས་ ༢༠ ཉིན་དངོས་གཞིའི་འོས་བསྡུའི་སྐབས་ལ་ ༢༠༡༥ ལོའི་དཔྱ་ཁྲལ་ཆ་ཚང་ཕུལ་ཟིན་པ་ཞིག་དགོས་ཀྱི་ཡོད་པ་རེད། ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་དུ་འོས་བསྡུའི་ལས་རིམ་སྐོར་བརྗོད་དོན། ད་རེབ་སྤྱི་འཐུས་དང་སྲིད་སྐྱོང་གི་འོས་བསྡུའི་ལས་རིམ་སྐོར་ལ་ཉེ་ལམ་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་དབུས་འོས་བསྡུ་ལྷན་ཁང་གིས་སྒྲིག་གཞི་ཞིག་གསལ་བསྒྲགས་གནང་ཡོད་པ་རེད། དེའི་ནང་དུ་འོས་མིར་ལངས་མཁན་དང་འོས་མིར་རྒྱབ་སྐྱོར་བྱེད་མཁན་གཉིས་ཀྱི་འགྲོ་སྟངས་གསལ་བོར་འཁོད་ཡོད་པ་རེད། དེའི་ནང་གི་གནད་དོན་གལ་ཆེན་པོ་ཁག་ཅིག་ཟུར་དུ་ཞུས་པ་ཡིན་ན། སྤྱི་འཐུས་དང་སྲིད་སྐྱོང་གི་འོས་མི་ཁྱབ་བསྒྲགས་བྱེད་སྐབས། ངེས་པར་དུ་དོ་བདག་ཁོ་རང་གི་ཆོག་མཆན་ཐོབ་དགོས་པ་དང་། ཁྱབ་བསྒྲགས་བྱེད་མཁན་སུ་ཡིན་པ་དེའི་མིང་གསལ་བོར་དགོས་པ། ཁྱབ་བསྒྲགས་ནང་༧གོང་ས་མཆོག་གི་སྐུ་པར་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས་རིགས། བོད་ཀྱི་ས་ཁྲ། བོད་ཀྱི་རྒྱལ་དར་སོགས་ཀྱི་པར་རིགས་གང་བྱུང་བེད་སྤྱོད་གཏོང་ཆོག་གི་མ་རེད། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་ཚོས་ཁྱབ་བསྒྲགས་ཀྱི་འགྲོ་སོང་ལ་ཚད་བཀག་བཟོས་ཡོད་པ་རེད། སྲིད་སྐྱོང་ལ་ཧིན་སྒོར་འབུམ་ ༨ དང་སྤྱི་འཐུས་འབུམ་ ༣ རེད། འདི་ལ་གསལ་བོ་བཟོ་དགོས་པ་ཞིག་ལ། འོས་མིར་ལངས་མཁན་དང་ཁོ་ལ་རྒྱབ་སྐྱོར་གནང་མཁན་གཉིས་ཀྱི་འགྲོ་སོང་བསྡོམས་ཏེ་རྩིས་ཁྲ་གཅིག་བཟོ་དགོས། དེ་བཞིན། ས་གནས་གང་ཏུ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ན། ས་གནས་དེའི་འོས་བསྡུའི་འགན་འཛིན་ལ་སྙན་གསེང་ཞུ་དགོས། དེ་བཞིན། དོ་བདག་ལ་འདོད་པ་མེད་བཞིན་དུ་བཙན་སྐུལ་གྱིས་འོས་མིར་ལང་དུ་འཇུག་པ་དང་། དོ་བདག་ལ་འདོད་པ་ཡོད་ཀྱང་གནོན་ཤུགས་དང་འཇིགས་སྐུལ་བྱས་ཏེ་ལང་དུ་མི་འཇུག་པ་སོགས་ཀྱང་ཁྲིམས་འགལ་རེད། ཅེས་བརྗོད་སོང་།

བོད་རིགས་ཚོགས་པའི་ཚོགས་གཙོ་ངག་དབང་བསྟན་པ་ལགས་ཀྱིས་༼ཡུ་རོབ་སྤྱི་འཐུས་གཉིས་ཀྱིས་ཡུ་རོབ་མི་མང་ལ་ལས་འགན་འཁུར་ཕྱོགས།༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བར། ཡུ་རོབ་སྤྱི་འཐུས་གཉིས་དེ་ཆོལ་ཁ་ཆོས་ལུགས། ལུང་ཚན་སོགས་ལ་ཕྱོགས་རེས་མེད་པ། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་པ་དང་མ་འགྲིག་པའི་ཕྱོགས་ལ་མཛུབ་མོ་འཛུགས་ཐུབ་མཁན་ཞིག་ཡིན་དགོས་པ་རེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ན། གྲོས་ཚོགས་གོང་འོག་དང་ཆབ་སྲིད་ཚོགས་པ་མང་པོ་ཡོད་པ་དེ་འདྲ་མ་རེད། སྤྱི་འཐུས་ལྷན་ཁང་གི་ངོས་ནས་གཞུང་དང་མི་མང་གཉིས་ཀར་འགན་འཁུར་དགོས་པ་མ་ཟད། གཞུང་དང་ཁ་གཏད་ཚོགས་པ་གཉིས་ཀའི་འགན་ཡང་འཁུར་དགོས་ཀྱི་ཡོད་པ་རེད།

གོ་ཐོས་བྱས་ན། སྔོན་མའི་ཡུ་རོབ་སྤྱི་འཐུས་རེ་ཟུང་ལོ་གཅིག་ལ་དྷ་རམ་ས་ལར་ཚོགས་འདུ་ཐེངས་གཉིས་ལ་བཅར་ཐུབ་ལ་མ་ཐུབ་ཙམ་ལས་བྱེད་ཀྱི་ཡོད་པ་མ་ཟད། ཆོལ་ཁ་བྱེ་བྲག་པ་དང་ཆོས་ལུགས་བྱེ་བྲག་པ་ཞིག་གི་སྤྱི་འཐུས་ཡིན་པ་ལྟ་བུ་ཆགས་ཀྱི་ཡོད་པ་གོ་མྱོང་། བདེན་པ་ཡིན་མིན་མི་ཤེས། དེ་འདྲའི་སྤྱི་འཐུས་ཤིག་གིས་ཡུ་རོབ་མི་མང་གི་ཚབ་མཚོན་ཐུབ་ཀྱི་ཡོད་པ་མ་རེད། ཡུ་རོབ་སྤྱི་འཐུས་དེ་གང་འདྲ་ཞིག་དགོས་པ་རེད་ཟེར་ན། ཆོལ་ཁ་ཆོས་ལུགས་ཕྱོགས་རེས་མེད་མཁན་ཞིག་དགོས་པ་རེད། དེ་བཞིན། ཡུ་རོབ་མི་མང་གི་བདེ་སྡུག་གཞུང་ལ་སྐྱེལ་ཐུབ་མཁན་ཞིག་དང་། ཡུ་རོབ་མི་མང་ཆིག་སྒྲིལ་དང་རྩ་དོན་ཐོག་འཁྲིད་ཐུབ་མཁན་ཞིག་དགོས་ཀྱི་ཡོད་པ་མ་རེད། དེ་མ་གཏོགས་གནམ་གྲུའི་གླ་ཆར་འགྲོ་སོང་ཆེན་པོ་ཞིག་བཏང་སྟེ། ཕར་སོང་ནས་གྲོས་ཚོགས་ནང་གཉིད་ཁུག་སྡོད་པ་དང་སྒེར་དོན་ཐོག་རྒྱུག་སྡོད་མཁན་དེ་འདྲ་ཞིག་གིས་ཕན་ཐོགས་ཡོད་པ་མ་རེད། ང་ཚོའི་ཧྥ་རན་སིའི་མི་མང་ལ་མཚོན་ན། ཡུ་རོབ་ལུང་པ་གཞན་དག་དང་བསྡུར་ན་ཆ་རྐྱེན་ཧ་ཅང་སྐྱོ་བོ་རེད། ལྷག་པར་དུ་གསར་དུ་འབྱོར་མཁན་མང་པོ་ཟམ་པའི་འོག་དང་གྲུ་གཟིངས་ནང་ཉལ་ཡོད་པ་རེད། དེ་བཞིན་ཡིག་ཆ་ནག་པོ་ཆགས་མཁན་སོགས་ཀྱི་དཀའ་ངལ་ལ་གཟིགས་ཐུབ་མཁན་དང་། གཟིགས་པ་ཙམ་མ་ཡིན་པར་རོགས་རམ་མཐུན་འགྱུར་ཞུ་ཐུབ་མཁན་ཞིག་ངེས་པར་དུ་དགོས་ཀྱི་ཡོད་པ་རེད། ཅེས་བརྗོད་སོང་།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དོན་གྲུབ་ཕུན་ཚོགས་ལགས་ཀྱིས་༼ཡུ་རོབ་སྤྱི་འཐུས་གཉིས་ལ་འཁྲི་བའི་དམིགས་བསལ་ལས་འགན།༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། ང་རང་གི་ལྟ་ཚུལ་བྱས་ན། སྤྱི་འཐུས་ཀྱི་ལས་འགན་ཨང་དང་པོ་ང་རང་ཚོ་མི་མང་གི་ལས་འགན་དེ་གལ་ཆེ་ཤོས་རེད་བསམ་གྱི་འདུག སྤྱི་འཐུས་དེ་མི་མང་གིས་བདམས་པ་རེད། སྤྱི་འཐུས་ཀྱི་བྱེད་སྟངས་འགྲིག་གི་མེད་ན་དེ་བདམས་མཁན་མི་མང་རེད། མི་མང་གིས་བསམ་བློ་ཡག་པོ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མི་མང་གིས་ཆོལ་ཁ་ཆོས་ལུགས་ཕྱོགས་རེས་མ་བྱས་བར། ལྷག་བསམ་རྣམ་དག་གི་ཐོག་ནས་འདེམ་པ་ཡིན་ན་སྤྱི་འཐུས་ཚད་ལྡན་ཞིག་ཡོང་གི་རེད། ཀུན་སློང་དང་ལྟ་སྟངས་ནོར་བ་ཞིག་གི་ཐོག་ནས་འོས་བླུགས་པ་ཡིན་ན། རྗེས་མ་སྤྱི་འཐུས་དེའི་ལས་དོན་བྱེད་ཕྱོགས་ཀྱང་དེ་བཞིན་དུ་ཀྱོག་ཀྱོག་ཅིག་ཆགས་འགྲོ་བ་རེད། ཡུ་རོབ་སྤྱི་འཐུས་ལ་མཚོན་ན། ཆོལ་ཁ་བྱེ་བྲག་པ་ཞིག་གི་སྤྱི་འཐུས་མ་རེད་ལ། ཆོས་བརྒྱུད་བྱེ་བྲག་པ་ཞིག་གི་སྤྱི་འཐུས་ཀྱང་མ་རེད། ཆོལ་ཁ་ཆོས་ལུགས་དབྱེར་མེད་ཀྱི་སྤྱི་འཐུས་རེད། དེ་ནས་སྤྱི་འཐུས་ཟེར་བ་དེ་སློབ་སྦྱོང་གཅིག་པུར་ལྟ་རྒྱུ་ཞིག་ཀྱང་མ་རེད་བསམ་གྱི་འདུག སྤྱི་དོན་ལ་ཤ་ཚ་དང་དུས་ཚོད་གཏོང་ཐུབ་མཁན་ཞིག་དང་། སྤྱི་འཐུས་དེ་མི་མང་དང་གཞུང་གཉིས་བར་གྱི་ཟམ་པ་ལྟ་བུ་ཡིན་སྟབས། མི་མང་ནང་ཡོང་སྟེ་མི་མང་དང་མཉམ་དུ་མདུན་ཅོག་གཅིག་གི་སྟེང་ནས་བློ་ཐག་ཉེ་བོས་བསམ་ཚུལ་བསྡུ་ལེན་བྱེད་ཐུབ་མཁན་ཞིག་དགོས་ཀྱི་འདུག ཡུ་རོབ་སྤྱི་འཐུས་གཉིས་ཀྱི་ལས་འགན་གཙོ་བོ་གཅིག་ཕྱི་འབྲེལ་ཟེར་ན་འདྲ། ད་ལྟའི་ཆར་བོད་དོན་རྒྱབ་སྐྱོར་ཚོགས་པའི་གནས་སྟངས་དེ་གང་ལ་གང་འཚམ་ཉམས་ཆགས་སུ་འགྲོ་བཞིན་ཡོད་སྟབས། བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཚོར་འབྲེལ་བ་ཞུ་རྒྱུ་དང་ཕྱི་ཕྱོགས་ལ་བོད་དོན་ཁྱབ་བསྒྲགས་བྱ་རྒྱུ་དེ་རེད། ཅེས་སོགས་བརྗོད་སོང་།

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་༼བོད་མི་མང་སྤྱི་འཐུས་སྐབས་ ༡༦ པ་དང་བཀའ་ཤག་སྐབས་ ༡༥ པའི་སྲིད་སྐྱོང་འོས་བསྡུའི་ཐད་ད་ལྟའི་གནས་སྟངས་ལ་གཞིགས་ཏེ་སྤྱི་ཡོངས་གཟིགས་ཚོར།༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། སྤྱི་འཐུས་སྐོར་ལ་མང་པོ་ཞུ་རྒྱུ་མེད། སྲིད་སྐྱོང་གི་འོས་མིའི་སྐོར་ལ་ཁྱད་པར་ཆེན་པོ་ཁ་ཤས་མཐོང་སོང་། ཤེས་ཡོན་རིག་གནས་ཐད་ཁྲིམས་ལུགས་རབ་འབྱམས་པ་དང་བྱང་ཐང་གི་འབྲོག་པ་ལྟ་བུའི་ཁྱད་པར། ཉམས་མྱོང་གི་ཐད་ནས་ཆུང་དུས་ནས་དཀའ་སྡུག་ཀྱག་ཀྱོག་དང་སློབ་གྲྭ་སོགས་ལས་རིགས་ཆེ་འབྲིང་ཆུང་གསུམ་ནང་འགན་འཁུར་མྱོང་མཁན་དང་། སློབ་གྲྭ་དང་ཚོགས་པ་དེ་འདྲའི་ནང་ནས་གཏམ་བཤད་སྤེལ་བ་ལས་ཉམས་མྱོང་ཆེན་པོ་མེད་མཁན་རིགས་ཤིག དེ་བཞིན་ཆབ་སྲིད་ལྟ་གྲུབ་ཀྱི་ཐད་ནས་ཀྱང་སྔར་དང་མི་འདྲ་བར་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཞིག་བྱུང་བ་རེད། འདི་དག་ཕྱོགས་གཅིག་ནས་དམངས་གཙོ་སྤུས་ཇེ་དག་ཏུ་འགྲོ་བཞིན་ཡོད་པའི་རྣམ་པ་ཞིག་རེད།

སྤྱི་འཐུས་ཡིན་ན་རེད། སྲིད་སྐྱོང་ཡིན་ན་རེད། ང་རང་གི་ངོས་ནས་འོས་ཆོས་གལ་ཆེན་པོ་བཞི་མཐོང་གི་ཡོད། གཅིག སྤྱི་ཡོངས་ཀྱི་གོ་རྟོགས་ཡག་པོ་ཞིག་དགོས་ཀྱི་ཡོད་པ་རེད། ཆབ་སྲིད་དང་དཔལ་འབྱོར། རིག་གནས་གང་ཐད་ནས་གོ་རྟོགས་ཡག་པོ་དགོས་པ་ཧ་ཅང་གལ་ཅེན་པོ་རེད། གཉིས་པ། སྤྱི་ཡོངས་ཀྱི་ཉམས་མྱོང་གལ་ཆེན་པོ་རེད། ཉམས་མྱོང་གང་ཡང་མེད་པར་ལས་རིགས་གསར་པ་ཞིག་ལ་ཞུགས་པ་དེ་ལམ་ཁ་རྒྱུས་མེད་མཁན་ལྟ་བུ་ཞིག་གིས་ཚོད་ལྟ་དང་འོད་ཚོད་ཀྱིས་ཕྱིན་ན་དུས་ཚོད་འགོར་འགྱང་བྱེད་པ་ལྟ་བུ་རེད། གསུམ་པ། གུ་ཡངས་བཟོད་བསྲན་དེ་རེད། སྤྱི་ཚོགས་གང་དང་གང་ཡིན་ནའང་དེའི་ནང་དུ་རྙོག་གྲ་སྣ་ཚོགས་དང་། སྐྱོན་བརྗོད་ངོ་རྒོལ་རིགས་ཧ་ཅང་མང་པོ་ཡོད་པ་རེད། དེ་འདྲའི་སྐབས་སུ་དབུ་ཁྲིད་ཅིག་ལ་མཚོན་ན་བབ་བརླིང་དང་། བཟོད་བསྲན་ཆེན་པོ་ཞིག་དགོས་པ་ཧ་ཅང་གལ་ཆེན་པོ་རེད། བཞི་པ། བརྗོད་མཁས་པ་དང་གཏམ་བཤད་ཡག་པོ་སྤེལ་ཐུབ་པ་དེ་རེད། ‘ཁ་བདེ་ན་གཞན་གྱི་དཔོན་པོ། ལག་བདེ་ན་གཞན་གྱི་གཡོག་པོ།’ ཞེས་པའི་བོད་པའི་གཏམ་དཔེ་ལྟར་རེད། གཏམ་བཤད་དེ་ལ་རིགས་གསུམ་འདུག གཅིག་མང་ཚོགས་རང་བཞིན་ལ་གཏམ་བཤད་དང་། གཉིས་པ་གལ་ཆེའི་མི་སྣར་མཇལ་འཕྲད་སྐབས་ཀྱི་གསུང་མོལ། གསུམ་པ་གསུང་འཕྲིན་ཟེར་ན་འདྲ་ཡིག་ཐོག་གི་གསུང་བཤད་དག་རེད། མི་མང་གི་སྣེ་འཁྲིད་མཁན་ཞིག་ཡིན་ན་ཆ་རྐྱེན་འདི་དག་ཧ་ཅང་གལ་ཆེན་པོ་རེད།

ངས་མིང་སྨྲོས་མ་དགོས་པའི་ཐོག་ནས་ད་ལྟ་སྲིད་སྐྱོང་འོས་མིར་ལངས་མཁན་ ༥ བྱུང་ཡོད་པ་དག་ལ་སྡོམ་ཚིག་ཅིག་བཀོད་པ་ཡིན་ན། འུད་ཤོབ་བཤད་མཁན་གྱི་རྒྱལ་བློན་རྣམ་པ་གཉིས་དང་། ཉམས་མྱོང་དང་འཇོན་ཐང་ངོམ་མཁན་གྱི་དཔའ་རྒོལ་རྣམ་པ་གཉིས། རྟེན་འབྲེལ་བརྩི་བའི་རྒད་པོ་གླེན་པ་གཅིག་བཅས་རེད། ཅེས་བརྗོད་སོང་།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༢ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 4

  1. ཨ་ཕའི་བུ། says:
    ལོ་ 11 སྔོན།

    དུས་བབ་གསར་ཁང་གི་ཕྱག་ལས་གནང་སྟངས་ལ་མེ་ཏོག་འབུལ་རྒྱུ་ཡིན།

    Reply
  2. ཁྱུང་རང་སྒྲ། says:
    ལོ་ 11 སྔོན།

    བོད་ཀྱི་དུས་བབ་གསར་ཁང་གིས་འདི་ལྟ་བུའི་རྒྱལ་མཚམས་བརྒལ་ཏེ་བོད་སྤྱི་པར་སྨན་པའི་ཕྱག་ལས་གནང་བཞིན་པར་བསྔགས་བརྗོད་ཞུ་རྒྱུ་དང། ལྷག་པར་དུ་རྩོམ་སྒྲིག་པ་མཆོག་ལ་ཡང་ཡང་བསྔགས་སོ།།

    Reply
  3. tsesang says:
    ལོ་ 11 སྔོན།

    བོད་ཀྱི་དུས་བབ་གསར་ཁང་གི་འགུལ་སྐྱོད་འདི་ལ་བསྔགས་བརྗོད་ཡོད།

    Reply
  4. བསྟན་རྣམ། says:
    ལོ་ 11 སྔོན།

    དུས་ཐོག་ཆར་བ་ལྟ་བུའི་བོད་ཀྱི་དུས་བབ་གསར་ཁང་གི་ལས་འགུལ་འདི་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese