མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༥/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་གར་རྒྱལ་ས་ལྡི་ལིར་དབུས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་གསུམ་གྱིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་བཞིན་ཡོད་འདུག

 

དབྱིན། (1)དེ་རིང་ཕྱི་དྲོའི་ཆུ་ཚོད་ ༡།༠༠ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇན་ཋར་མན་ཋར་རུ། དབུས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག དབུས་རྒྱུན་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ཀྱི་གཙོས་དཔལ་འབྱོར་འགན་འཛིན་བསྟན་འཛིན་དབང་ཕྱུག་ལགས་དང་ཕྱི་དྲིལ་འགན་འཛིན་ཚེ་དབང་སྒྲོལ་མ་ལགས་བཅས་ཀྱིས། ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་དྲིལ་བསྒྲགས་དང་། རང་ལུས་མེར་སྲེག་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་ལ་རྒྱབ་སྐྱོར།    གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་བཅས་ཀྱི་ཆེད་དུ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ཞིག་མགོ་འཛུགས་གནང་ཡོད་པ་དང་འབྲེལ། མཉམ་འབྲེལ་རྒྱལ་ཚོགས་ལ་དགོས་འདུན་དོན་ཚན་ལྔ་བཏོན་འདུག

 

ཡིག་ཐོག་གི་གསར་འགོད་གསལ་བསྒྲགས་ནང་། སྤྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༥ ཉིན་རྒྱལ་གཅེས་དཔའ་མོ་བཀྲིས་སྐྱིད་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་གི་དབང་བསྒྱུར་དང་བཙན་གནོན་ལ་ངོ་རྒོལ་བྱས་ཡོད་པ་དང་ཉིན་དེ་རང་དུ་ཁོ་མོ་འདས་གྲོངས་སུ་སོང་ཡོད། རྒྱལ་གཅེས་དཔའ་མོ་བཀྲིས་སྐྱིད་ལགས་ནི་འདི་ལོར་རང་ལུས་མེར་སྲེག་གནང་མཁན་བདུན་པ་དེ་དང་། སྤྱི་ལོ་ ༢༠༠༩ ལོ་ནས་བརྩིས་ན་བོད་ཕྱི་ནང་གཉིས་སུ་རང་ལུས་བསྲེགས་ཀྱི་འཚེ་བ་མེད་པའི་ལས་འགུལ་སྤེལ་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་བོད་མི་ ༡༤༩ པ་དེ་ཆགས་ཡོད་པ་རེད། སྙིང་སྟོབས་ཅན་གྱི་རྒྱལ་གཅེས་བོད་རིགས་སྤུན་ཟླ་ཚོས་འདི་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་གཅེས་པའི་ལུས་སྲོག་མེ་རུ་བསྒྲོན་ནས་ “སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕེབས་དགོས།” “བོད་ལ་རང་དབང་དགོས།” “བོད་རང་བཙན་ཡིན།” སོགས་ཀྱི་འབོད་ཚིག་ཐོག་ནས་བོད་མིའི་མངོན་འདོད་གསལ་སྟོན་བྱས་ཡོད་ཀྱང་། རྒྱ་ནག་སྲིད་གཞུང་གིས་དེ་དག་ལ་འགན་འཁུར་གྱིས་ཡ་ལན་སྤྲོད་རྒྱུ་ལས་ཟློག་སྟེ། བོད་ནང་གི་བོད་མིའི་ཐོག་དམ་དྲག་ཇེ་ཆེར་བཏང་བ་མ་ཟད། བོད་མི་མགོ་ནག་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་མཚུངས་ཟླ་མ་མཆིས་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་ཀྱི་སྐྱོན་འཛུགས་དང་བསྐུར་འདེབས་ཚད་མེད་ཞུ་བཞིན་པ་ནི་བོད་མིའི་སེམས་ལ་བཟོད་ཐབས་མེད་པའི་རྨ་ཁ་ཞིག་ཏུ་གྱུར་ཡོད།  གཞན་ཡང་རྒྱ་གཞུང་གིས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་སོགས་ལ་ཨ་སྒོར་ས་ཡ་མང་པོའི་འགྲོ་སོང་བཏང་ནས་བོད་ཀྱི་གནད་དོན་ཐོག་ཁྱོག་བཤད་ཀྱི་རྫུན་གཏམ་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་པའི་རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་ཀྱང་བོད་ཀྱི་ཛ་དྲག་གནས་སྟངས་དང་། བོད་མི་ཚོས་རང་གི་ལུས་སྲོག་མེ་རུ་བསྒྲོན་ནས་ཞུ་འབོད་བྱས་པའི་དགོས་འདུན་ཁག་ལ་དོན་ཕན་ལྡན་པའི་འགན་ཁུར་གནང་མེད་པས། ང་ཚོས་དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་པའི་རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་གདེང་འཇོག་གིས་བོད་ཀྱི་གནད་དོན་ཐོག་ཆིག་སྒྲིལ་གྱིས་རྒྱ་ནག་གི་དྲག་སྤྱོད་སྲིད་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་ཕྱིས་དྲགས་པ་ལས་སྔ་དྲགས་མེད་པ་གསལ་བརྗོད་བྱ་རྒྱུ་ཡིན། ཞེས་དང་།

 

ཡང་བསྒྲགས་གཏམ་ནང་། སྤྱི་ལོ་ ༡༩༤༩ ལོར་རྒྱ་དམར་སྲིད་གཞུང་གིས་བོད་ལ་བཙན་འཛུལ་གྱིས་དབང་བསྒྱུར་བྱ་རྒྱུའི་འགོ་འཛུགས་བྱས་པ་ནས་བཟུང་ད་བར་བོད་མིའི་ཐུན་མོང་མིན་པའི་ཆོས་དང་རིག་གཞུང། དེ་བཞིན་བོད་མིའི་ངོ་བོ་རྩ་མེད་གཏོང་ཆེད་ཞེ་སྣག་ལ་གདུག་རྩུབ་ཆེ་བའི་སྲིད་ཇུས་འདྲ་མིན་ཞིག་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པ་དང་། ད་ལྟ་བོད་ནང་གི་གྲོང་ཁྱེར་དང་གྲོང་རྡལ་ཁག་ལ་རྒྱ་རིགས་ཤུགས་ཆེ་གནས་སྤོ་བྱས་ནས་བོད་མི་རྣམས་རང་ཡུལ་དུ་གྲངས་ཉུང་མི་རིགས་ཆགས་ཟིན་པ། བོད་ཀྱི་ས་ཁུལ་གང་ས་ནས་གཏེར་ཁ་བསྔོག་འདོན་དང་། ཤིང་ནགས་གཅོད་བྲེག་སོགས་འཛམ་གླིང་སྤྱི་དང་ཡང་སྒོས་ཨེ་ཤེ་ཡ་གླིང་ཕྲན་གྱི་ཁོར་ཡུག་ལ་ཤུགས་རྐྱེན་ཆེན་པོ་ཡོད་པའི་རང་བྱུང་ཁོར་ཡུག་ལ་ཚད་ལས་འདས་པའི་གཏོར་བཤིག་གཏོང་བཞིན་ཡོད་པ་འདི་ནི།  བོད་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་གོད་ཆག་དང་གཏོར་བཤིག་ཆེན་པོ་ཞིག་ཆགས་ཡོད་པ་མ་ཟད།  མཉམ་འབྲེལ་རྒྱལ་ཚོགས་ནི་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་འགན་ཁུར་ལེན་རྒྱུར་ཐད་ཀར་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་ཡིན་སྟབས། ད་ལན་ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་གྲབས་ཡོད་པ་དང་བསྟུན་ཏེ། རྒྱལ་ཚོགས་ལ་གཤམ་འཁོད་དོན་ཚན་ལྔ་ཅན་གྱི་དགོས་འདུན་འདོན་རྒྱུ་ཡིན། ༡༽མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་ནས་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་དོན་གླེང་སློང་དགོས། ༢༽རྒྱ་ནག་སྲིད་གཞུང་ལ་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་མཁན་བོད་མིའི་དགོས་འདུན་ཁག་ལ་འགན་འཁུར་ཡ་ལན་དགོས་པ་ནན་བསྐུལ་མཐའ་འཁྱོལ་བྱ་དགོས། ༣༽རྒྱ་ནག་སྲིད་གཞུང་ལ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཀྱི་བདེན་དཔང་གསལ་སྟོན་དགོས་པ་ནན་བསྐུལ་བྱ་དགོས། ༤༽བོད་ཀྱི་དངོས་ཡོད་གནས་ཚུལ་རྟོགས་ཞིབ་ཆེད་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་ངེས་པར་དུ་གཏོང་དགོས། ༥༽ རྒྱ་ནག་སྲིད་གཞུང་ལ་བོད་ཀྱི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་དགོས་པ་ནན་བསྐུལ་བྱ་དགོས།། ཞེས་སོགས་བཀོད་འདུག

 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༥ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༦ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༦ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༦ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 1

  1. འགྱུར་མེད། says:
    ལོ་ 11 སྔོན།

    རྗེས་སུ་ཡི་རངས་ཡོད། བོད་མི་སྤྱི་བོ་གནམ་བསྟེན་པ་ཡོངས་ཀྱིས་ཁོང་རྣམ་པ་གསུམ་གྱི་ཆོད་སེམས་ལ་དཔེ་བལྟས་ནས་སློབ་སྦྱོང་བྱ་དགོས་པ་སྣང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese