ཕ་ཡུལ། མངའ་རིས་སྤུ་ཧྲེང་།
སྡོད་གནས། ཀུ་ལུ་མ་ན་ལི།
ལས་འགན། མང་གཙོ་ཚོགས་པའི་དབུས་རྒྱུན་དང་མངའ་རིས་དབུས་རྒྱུན།
ཕྱི་ལོ་ ༡༩༧༢ ལོར་སྟོད་མངའ་རིས་སྤུ་ཧྲེང་དུ་སྐྱེས། ཆུང་དུས་སུ་དམངས་གཙུགས་སློབ་གྲྭའི་ནང་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཐོབ། རང་ལོ་ ༡༨ སོན་སྐབས་ཡུལ་དམག་ནང་འཛུལ་བཞུགས་བྱས། ཕྱི་ལོ་ ༡༩༩༡ ལོར་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་ཏེ་༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་སུ་ཇ་བོད་ཁྱིམ་སློབ་གྲྭའི་ནང་ལོ་ཤས་རིང་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༩༥ ནས་ ༡༩༩༦ ལོ་གཅིག་རིང་མ་ན་ལི་བོད་གཞུང་དཔལ་འབྱོར་འཚོང་ཁང་དུ་ལས་རོགས་ཀྱི་ཞབས་འདེབས་ཞུས། ཕྱི་ལོ་ ༡༩༩༨ ནས་ ༢༠༠༥ བར་མ་ན་ལི་ཁྱབ་ཁོངས་བོད་མིའི་བཅུ་དཔོན་དང་བརྒྱ་དཔོན་སྐབས་གཉིས་བྱས། ༡༩༩༨ ལོར་དབུས་གཙང་ཆོལ་ཁའི་ས་གནས་རྒྱུན་ལས་སྐབས་གཅིག་བྱས། ཕྱི་ལོ་ ༢༠༠༥ ནས་ ༢༠༡༡ བར་མ་ན་ལི་སམ་བྷོ་ཌོའི་ཉིན་སློབ་ཕ་མའི་ཚོགས་ཆུང་གི་ཚོགས་གཙོའི་ལས་འགན་སྐབས་གཉིས་ཞུས། དེ་བཞིན་བུམ་ཐར་གཏན་སློབ་ཕ་མའི་ཚོགས་ཆུང་གི་ཚོགས་གཙོ་སྐབས་གཅིག་དང་། ས་གནས་གཞོན་ནུའི་ཚོགས་གཞོན་སྐབས་གཅིག་བྱས། ཕྱི་ལོ་ ༢༠༠༦ དང་ ༢༠༠༧ ནང་བོད་མིའི་རྩ་དོན་ཆེད་ལྡི་ལིའི་ཏི་ཧར་བཙོན་ཁང་ནང་ཐེངས་གཉིས་བཙོན་འཇུག་ནང་ཚུད། ༢༠༠༠ ནས་ ༢༠༡༥ བར་ས་གནས་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཐོག་མར་འབྲེལ་མཐུད་པ་དང་ཚོགས་གཙོ་ཐེངས་གཉིས་བྱས།
རྒྱལ་ཡོངས་མང་གཙོ་ཚོགས་པའི་སློབ་སྟོན་དུས་ཡུན་གཅིག་བྱས། དེ་རྗེས་སླར་ཡང་ཚོགས་པ་དེའི་དབུས་རྒྱུན་སྐབས་ལྔ་པ་དང་དྲུག་པ་ཐེངས་གཉིས་སུ་འདེམས་ཐོན་བྱུང་། ༡༩༩༧ ནས་ ༢༠༡༥ བར་མ་ན་ལའི་ས་གནས་མངའ་རིས་སྤྱི་མཐུན་ཚོགས་པའི་དྲུང་ཆེ་དང་ཚོགས་གཙོ་དུས་ཡུན་གཉིས་བྱས། ད་ཆ་མངའ་རིས་སྤྱི་མཐུན་ཚོགས་པའི་སྐབས་དགུ་པའི་དབུས་རྒྱུན་ནང་འདེམས་ཐོན་བྱུང་། ༢༠༠༧ ནས་ ༢༠༡༠ བར་ས་འཐུས་སྐབས་བཞི་པའི་དངུལ་གཉེར་དང་ ༢༠༡༣ ནས་ ༢༠༡༥ བར་ས་འཐུས་སྐབས་དྲུག་པའི་ཚོགས་གཞོན་གྱི་ལས་འགན་ཞུས། ༢༠༡༡ ནས་ ༢༠༡༥ བར་བོད་རང་བདེན་ཚོགས་ཆུང་སྐབས་དྲུག་པ་དང་བདུན་པའི་ཚོགས་གཙོའི་འགན་འཁུར་ཞུས། ༢༠༠༨ ནས་ ༢༠༡༢ ལོར་བཀའ་སྤྱི་གཉིས་ཀྱི་སྤེལ་བའི་གཞི་རྒྱ་ཆེ་བའི་ལས་འགུལ་ནང་ལྡི་ལི་རུ་ཀུ་ལུ་མ་ན་ལིའི་ས་འཐུས་དང་རང་ཚོགས་ཀྱི་འཐུས་མིའི་མིང་ཐོག་ནས་མཉམ་ཞུགས་གནང་། དེ་མིན་ཆབ་སྲིད་ལས་འགུལ་མི་ཉུང་བའི་ནང་མཉམ་ཞུགས་གནང། དེ་མིན་ཆབ་སྲིད་ལས་འགུལ་མི་ཉུང་བའི་ནང་མཉམ་ཞུགས་ཞུས་མྱོང་བ་དང་། ལྷག་པར་ ༡༩༩༧ ལོར་ཧི་མ་ཅལ་ས་གནས་རམ་པུར་ཚོང་འབྲེལ་དུས་སྟོན་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་གཟེངས་བསྟོད་ཕྱག་རྟགས་སོན། ༢༠༠༧ ལོར་མངའ་རིས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གཟེངས་རྟགས་གནང་སོན་བྱུང་། ༢༠༡༤ ལོར་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ལས་ཁང་ནས་ཀྱང་གཟེངས་རྟགས་གནང་སོང་བྱུང་བ་བཅས་དམིགས་བསལ་ལྷག་བསམ་དང་སེམས་ཤུགས་གཞིས་བྱས་གཉིས་ཀྱིས་ཉམས་མྱོང་དང་བཅས་ལོ་རྒྱུས་མདོར་བསྡུས་སུ།
Contact No: 9816129915
Facebook:ppaljor123@gmail.com
[tribulant_slideshow gallery_id=”5″]
Name: Purang Paljor
Province: Ngari (Purang)
Place: Kullu & Manali
Designation: Central Executive Member of National Democratic Party of Tibet & Ngari Association
Biography:-
- 2006-2007 Kullu & Manali Regional Vice president of Tibetan Youth Congress
- 2006-2009 & 2012-2015 Vice President of Local Tibetan Assembly (2 Terms)
- 2011 -2015 President of Tibetan Freedom Movement (2 terms)
- 2008-2016 Member of Central Executive committee of National Democratic Party of Tibet ( 2 trems)
- 2014-2016 Member of Central Executive committee of Ngari Association
Achievements:
- 1997 Reward from honorable Mr. Vir Bahadur Singh for business Achievement on Tibetan Handicraft.
- 2008 Reward from Ama Adhe on behalf of Ngari Association on Social Works for the organization
- 2014 Reward from National Democratic of Party of Tibet for 2 terms of service as Central Executive member and social works for the organization.
- 2 times Imprisonment for political Activities for Tibet Cause.