མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོར་རྒྱབ་སྐྱོར་མ་བྱས་ན་དམངས་གཙོ་ཟེར་བའི་གཞུང་འདི་རུལ་སོང་བ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཇོ་ནང་བའི་དམིགས་བསལ་ཚོགས་ཆེན་ཐོག་ཆོས་རིག་བཀའ་བློན་མཆོག་གིས་ཆོས་རིག་ལས་ཁུངས་ནས་ཇོ་ནང་བའི་ལྟ་གྲུབ་དང་ཆོས་བརྒྱུད་ཀྱི་ཐོག་ནས་རང་རྐང་ཚུགས་པ་ཞིག་ཡིན་པར་ངོས་ལེན་དང་མཐུན་རྐྱེན་གང་ཐུབ་སྦྱོར་བཞིན་ཡོད་སྐོར་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དྷ་ས་མེག་གྷན་སུར་ཡ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཇོ་ནང་པའི་བསྟན་པ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་གཙོས་བཙན་བྱོལ་ནང་ཇོ་ནང་པའི་བསྟན་པ་དར་སྤེལ་གཏོང་ཕྱོགས་བཅས་ཀྱི་ཐད་དམིགས་བསལ་ཚོགས་ཆེན་ཐེངས་བདུན་པ་དབུ་འཛུགས་གནང་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གི་དབུས་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། བོད་མི་མང་སྤྱི་འཐུས་ལས་ཐོག་དང་སྤྱི་ཟུར། དྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་དོན་གཉེར་ཅན། དེ་བཞིན་རྒྱ་བལ་འབྲུག་གསུམ་དང་། ཨ་རི། ཡུ་རོབ། ར་ཤི་ཡ། སོག་པོ། མ་ལེ་ཞི་ཡ། བོད་ནང་བཅས་ཀྱི་ཇོ་ནང་བའི་དགོན་པ་དང་ཆོས་ཚོགས་ཁག་གི་འཐུས་ཚབ་ ༡༤༠ ལྷག་བཅས་མི་གྲངས་ ༢༠༠ ཙམ་འཛོམས་འདུག

༡༡ལྷན་ཚོགས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་སྣང་གསལ་སྒྲོན་མེ་ཞལ་ཕྱེ་གནང་རྗེས། འཕགས་ཡུལ་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་ཚོགས་འདུ་ངོ་སྤྲོད་ཀྱི་གཏམ་བཤད་གནང་དོན། ང་ཚོ་ཇོ་ནང་ཆོས་བརྒྱུད་ཀྱི་ངོས་ནས་ཕྱི་ལོ་ ༡༩༩༧ ལོ་ནས་བཟུང་སྟེ། ཇོ་ནང་ཆོས་བརྒྱུད་འདི་ལ་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་ཞིག་གནང་རོགས་ཞེས་སྐུ་སྒེར་ཡིག་ཚང་དང་། དེའི་རྗེས་གྲོས་ཚོགས་དང་སྤྱི་འཐུས་ལྷན་ཚོགས་བཅས་སུ་རིམ་པ་བཞིན་སྙན་ཞུ་བརྒྱབ་སྟེ། ད་བར་ངོ་ལོ་ ༡༨ ཙམ་འགྲོ་གི་ཡོད་པ་དང་། དེའི་རིང་ལ་གཞིས་ལུས་ཇོ་ནང་བ་ཡིན་ཡང་སྙན་ཞུ་བརྒྱ་ཕྲག་ཁ་ཤས་ཕུལ་ཡོད་པ་མ་ཟད། གཞིས་ལུས་བོད་མི་ཁྲི་གཉིས་གསུམ་གྱིས་མཚན་རྟགས་བཀོད་ཡོད་པའི་སྙན་ཞུ་ཡང་ཕུལ་ཡོད་པ་རེད། བཙན་བྱོལ་ནང་ལོགས་ནས་ཀྱང་སིམ་ལ་ཇོ་ནང་མ་དགོན་གྱིས་གཙོ་བྱས་ཏེ། འཕགས་ཡུལ་འགྲོ་ཕན་ལྷན་ཚོགས་དང་བལ་ཡུལ་ཇོ་ནང་དགོན་པ། ཕྱི་རྒྱལ་ཁག་ཏུ་ཡོད་པའི་ཇོ་ནང་བའི་ཆོས་ཚོགས་ཁག་ ༢༠ ལྷག་གི་ངོས་ནས་ཀྱང་། ད་བར་ཕལ་ཆེར་སྙན་ཞུ་བརྒྱ་ཕྲག་ལྔ་མ་ཟིན་ཙམ་ཞིག་ཕུལ་བ་བཅས་ལ་བརྟེན་ཏེ། ཕྱི་ལོ་ ༢༠༠༥ ལོར་གཞི་ནས་ཇོ་ནང་ཆོས་བརྒྱུད་སྐོར་དེ་གྲོས་ཚོགས་ནང་ལ་བཞུགས་མོལ་ཚོགས་འདུའི་ཐོག་བགྲོ་གླེང་བྱས་མཐར། བཀའ་ཤག་ངོས་ནས་ཇོ་ནང་ཆོས་བརྒྱུད་སྐོར་ལ་ཞིབ་འཇུག་ཚོགས་ཆུང་ཞིག་བསྐོ་དགོས་པའི་ཐག་གཅོད་བྱུང་པ་ལྟར། ཆོས་རིག་ལས་ཁུངས་ཀྱི་ངོས་ནས་འཕྲལ་དུ་གྲོས་ཚོགས་ནང་ཆོས་བརྒྱུད་ཀྱི་ཐོབ་ཐང་ཡོད་བཞིན་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་འཐུས་ཚབ་ཡོད་པའི་ཚོགས་ཆུང་ཞིག་འཛུགས་རྒྱུ་ཐག་གཅོད་གནང་ཡོད་ཀྱང་། རྙིང་མ་དང་བཀའ་བརྒྱུད་ཀྱི་འཐུས་མི་མ་ཕེབས་པས་ཚོགས་ཆུང་དེ་འཛུགས་མ་ཐུབ་པ་རེད། དེར་བརྟེན་ང་ཚོས་ལོ་དྲུག་རིང་སྙན་ཞུ་རབ་དང་རིམ་པ་མང་པོ་བརྒྱབ་པ་རེད། ༢༠༡༡ ལོར་ཆོས་བརྒྱུད་ཆེན་པོ་ཁག་གི་ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཐོག ༧གོང་ས་མཆོག་གིས་ཇོ་ནང་ཆོས་བརྒྱུད་འདི་གལ་ཆེན་པོ་གང་འདྲ་ཡིན་མིན་སྐོར་ལ་བཀའ་སློབ་ཟབ་ཞིང་རྒྱས་པ་གནང་བ་མ་ཟད། ཚོགས་ཆེན་ཐོག་ས་སྐྱ་༧གོང་མ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བླ་ཆེན་རྣམ་པས་བགྲོ་གླེང་མཐར་ཕྱིན་པ་གནང་སྟེ། མཐའ་མ་དེར་ཇོ་ནང་གི་ཆོས་བརྒྱུད་འདི་ལྟ་གྲུབ་ཆ་ནས་རང་རྐང་ཚུགས་པ་ཞིག་ཡིན་པར་ངོས་འཛིན་བྱུང་ཡང་། ཁྲིམས་ལ་འགྱུར་བ་གཏོང་རྒྱུའི་ཐོབ་ཐང་དེ་ཁྲིམས་བཟོ་ལྷན་ཁང་ལ་ཡོད་པའི་གྲོས་ཆོད་བཞག་ཡོད་པ་ལྟར། ང་ཚོ་ཇོ་ནང་བ་བོད་གཞིས་བྱེས་གཉིས་ཀྱི་ངོས་ནས་གྲོས་ཚོགས་ལ་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་སྤྲོད་དགོས་པའི་སྙན་ཞུ་དང་འབོད་སྐུལ་ཞུས་རྗེས། ཕྱི་ལོ་ ༢༠༡༢ ལོར་གྲོས་ཚོགས་ངོས་ནས་ཡིག་ལན་འབྱོར་ཏེ་ད་ལྟ་བོད་ནང་ཛ་དྲག་གི་གནས་སྟངས་ཆགས་ཡོད་སྟབས། སྐབས་དེའི་གྲོས་ཚོགས་ནང་ཇོ་ནང་བའི་སྐོར་ལ་བགྲོ་གླེང་བྱེད་མ་དགོས་པ་ཞིག་བགྱིས་དང་། སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་འོས་བསྡུ་མ་བྱས་གོང་ལ་འདིའི་སྐོར་ལ་བགྲོ་གླེང་དང་ཐག་གཅོད་བྱ་རྒྱུ་ཡིན་པའི་བཀའ་ལན་འབྱོར་བ་རེད། བཀའ་ལན་འབྱོར་བ་ལྟར་ང་ཚོས་སྐབས་དེར་བོད་ནང་དུ་ཉིན་རེ་ལས་མ་འདས་པར་རང་ལུས་མེར་བསྲེགས་གནང་མཁན་མང་དུ་འགྲོ་བཞིན་ཡོད་སྟབས། ད་བར་ང་ཚོས་བསམ་གཞིགས་བྱས་ནས་སྙན་ཞུ་རེ་བརྒྱབ་ནས་བསྡད་པ་མ་གཏོགས་གཞན་གང་ཡང་བྱས་ཡོད་པ་མ་རེད། ད་ལོ་སྐབས་བཅོ་ལྔ་པའི་ཚོགས་དུས་མཐའ་མ་ཆགས་ཡོད་པ་དང་། སྐབས་བཅུ་དྲུག་པ་བསླེབ་ཡོང་གི་ཡོད་སྟབས། གྲོས་ཚོགས་ཀྱིས་བཀའ་ཡིག་ནང་ཞལ་བཞེས་གནང་བ་ལྟར་སྙན་ཞུ་བརྒྱབ་སྟེ་འདི་ལོའི་ཟླ་གསུམ་པའི་གྲོས་ཚོགས་ཚོགས་སྐབས། ཇོ་ནང་དང་འབྲེལ་བའི་ཁྲིམས་འཆར་འཁྱེར་ཡོད་ཀྱང་། གྲོས་ཚོགས་ངོས་ནས་བགྲོ་གླེང་ཙམ་ཡང་མ་བྱས་པར་ཐག་གཅོད་གནང་ཡོད་སྟབས། སྐབས་དེར་རྒྱ་བལ་འབྲུག་གསུམ་གྱི་ཇོ་ནང་བ་བརྒྱ་ཕྲག་གཅིག་ཙམ་ཞིག་གིས་གྲོས་ཚོགས་མདུན་དུ་ཉིན་གཅིག་རིང་ཞུ་འབོད་བྱས་པ་དང་། ཉིན་ཤས་རྗེས་ང་ཚོས་དམིགས་བསལ་ཚོགས་ཆེན་ཐེངས་དྲུག་པ་ཚོགས་ཏེ། སྐབས་འདིའི་གྲོས་ཚོགས་ཚོགས་དུས་མ་འཚོགས་གོང་ལ་ཇོ་ནང་བའི་དམིགས་བསལ་ཚོགས་ཆེན་ཞིག་ཚོགས་ཏེ། ལོ་ངོ་ ༡༨ རིང་ང་ཚོ་ཇོ་ནང་བས་རང་གཞུང་ལ་སྙན་ཞུ་བརྒྱབ་པ་ལ་སོགས་པའི་ཞུ་འབོད་རིམ་པ་ཁག་ལ་བསྐྱར་ཞིབ་ཅིག་བྱས་ཏེ། མ་འོངས་པར་ཞུ་འབོད་གང་འདྲ་བྱེད་དགོས་མིན་ཐོག་ཚོགས་ཆེན་ཞིག་བསྐོང་དགོས་པའི་གྲོས་ཆོད་བཞག་པ་ལྟར་ཚོགས་ཆེན་འདི་བསྐོངས་པ་རེད། ཅེས་སོགས་བརྗོད་སོང་།

༤༤འཕགས་ཡུལ་འགྲོ་ཕན་ལྷན་ཚོགས་ཀྱི་འགན་འཛིན་མཆོག་སྤྲུལ་བཀྲིས་རྒྱལ་མཚན་མཆོག་གིས་ཇོ་ནང་བས་ཆོས་བརྒྱུད་ཅིག་གི་ཐོབ་ཐང་མ་རག་བར་དུ་རྩོད་ལེན་བྱ་རྒྱུ་ཡིན་སྐོར་གསུངས་དོན། འདས་པའི་མི་ལོ་ལྔ་བཅུ་རིང་བོད་མི་རིགས་ཀྱི་བདེ་སྡུག་གང་འདྲ་ཆགས་ཡོད་མེད་དང་། ད་ལྟ་དཀའ་ངལ་གང་འདྲ་འཕྲད་བཞིན་ཡོད་པ་གསལ་པོ་ཡིན་སྟབས། མི་བསམ་ཤེས་ཅན་ཞིག་ཡིན་ཚེ། ང་ཚོ་ཆོས་བརྒྱུད་ཉམ་ཆུང་འདི་ལ་བདེན་དྲང་དང་གནས་ལུགས། དྲང་བདེན་གྱི་ཐག་གཅོད་ཅིག་ཡོང་དགོས་པ་ནི་དོན་དངོས་ཡིན་པ་མ་ཟད། རྒྱུ་མཚན་དང་ལྡན་པ་ཞིག་རེད། དེ་ལ་དགག་བྱ་གནང་མཁན་ཞིག་ཡོད་ན་ང་ཚོས་ལོ་ལྔ་བཅུའི་རྩོད་ལེན་འདི་ལ་ཕྱིར་བལྟ་ཞིག་བྱས་ན་དེ་སྟོང་པ་ཆགས་རྒྱུ་རེད། སྤྱིར་༧སྐྱབས་མགོན་རིན་པོ་ཆེ་གཙོས་པའི་ཆོས་བརྒྱུད་ཁག་གི་དབུ་འཛིན་ཐམས་ཅད་ཀྱིས། ང་ཚོ་ཇོ་ནང་བ་ཆོས་བརྒྱུད་རང་རྐང་ཚུགས་པ་ཞིག་ཡིན་པར་ངོས་འཛིན་གནང་ཡོད་པ་མ་ཟད། སིམ་ལ་མ་དགོན་ཡིན་ཡང་༧གོང་ས་མཆོག་གིས་བཙུགས་གནང་བ་དང་། ཁལ་ཁ་རྗེ་བཙུན་དམ་པ་མཆོག་ཇོ་ནང་པའི་སྐྱབས་རྗེར་མཚན་གསོལ་གནང་ཡོད་པ་ནི། གཞུང་སྒེར་སུས་ཀྱང་མ་ཤེས་པ་གང་ཡང་མེད་ཀྱང་། ག་ཟི་དགེ་བཤེས་དང་པདྨ་འབྱུང་གནས་ལ་སོགས་པས་ས་སྐྱ་དང་ཇོ་ནང་བའི་བར་ལ་འགལ་བ་བཟོས་ཡོད་པ་རེད། ས་སྐྱ་དང་ཇོ་ནང་བའི་ལོ་རྒྱུས་ཀྱི་བྱུང་རབས་ལ་བལྟས་ན། ཕན་ཚུན་བླ་སློབ་དང་ཆོས་ཐམས་ཅད་གྱི་འབྲེལ་བ་ཡོད་པ་མ་ཟད། ས་སྐྱ་༧གོང་མ་རིན་པོ་ཆེ་མཆོག་གིས་ང་ཚོར་རྒྱབ་སྐྱོར་གནང་ཡོད་སྟབས། ང་ཚོར་ས་སྐྱ་གཞུང་ངོས་ནས་དགག་བྱ་རྩ་བ་ཉིད་ནས་གནང་གི་མེད་ཀྱང་། མི་རེ་ཟུང་གིས་འཐེན་འཁྱེར་དང་གཡོ་སྒྱུ། དྲང་བདེན་མེད་པའི་ལས་ཀ་འདི་ལས་སྟབས། ང་ཚོར་དཀའ་ངལ་འདི་འཕྲད་པ་རེད། མ་འོངས་པར་ང་ཚོས་བདེན་པར་རྩོད་ལེན་བྱ་རྒྱུ་མ་ཟད་ནམ་ཡང་མཚམས་འཇོག་བྱེད་ཀྱི་མ་རེད། དེང་སང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་པའི་དུས་སྐབས་ཤིག་ཆགས་ཡོད་སྟབས། ང་ཚོར་བརྒྱ་ཆ་བརྒྱ་རྒྱལ་ཁ་འཐོབ་རྒྱུ་ཡིན་པ་མ་ཟད་འཐོབ་འོས་པ་ཞིག་ཀྱང་རེད། ང་ཚོར་རྒྱབ་སྐྱོར་མ་བྱས་པ་ཡིན་ན་དམངས་གཙོ་ཟེར་བའི་གཞུང་འདི་རུལ་སོང་བ་རེད། ཅེས་སོགས་གསུངས་སོང་།

༣༣ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་ཇོ་ནང་བས་ཞི་འབོད་ཀྱི་ཐབས་ལམ་ལ་བརྟེན་ནས་སྤྱི་མཚུངས་ཀྱི་ཐོབ་ཐང་རྩོད་ཀྱི་ཡོད་པ་ལས་ངོ་རྒོལ་བྱས་ཏེ་རྙོག་གྲ་དང་དཀའ་ངལ་བཟོ་ཡི་མེད་སྐོར་གསུངས་དོན། ང་ཚོས་དུས་ནམ་ཡང་གཞུང་ལ་ངོ་རྒོལ་དང་དྲག་རྒོལ་རྩ་བ་ཉིད་ནས་བྱེད་ངེས་མ་རེད། གང་ཡིན་ཟེར་ན། ང་ཚོའི་སྐྱབས་དང་མགོན་ཟེར་ན་འདྲ་རེ་ས་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་པ་འདི་ཆགས་བསྡད་ཡོད་ལ། ཇོ་ནང་ཙམ་མ་ཟད་ང་ཚོ་བོད་མི་ས་ཡ་དྲུག་གི་སྐྱབས་བཅོལ་ས་ཆགས་བསྡད་ཡོད་པ་རེད། ཡིན་ནའང་། ང་ཚོས་སྙན་ཞུ་དང་ཞུ་འབོད་ག་རེ་བྱེད་དགོས་ཀྱང་ཆོས་བརྒྱུད་ཀྱི་ཐོབ་ཐང་མ་འཐོབ་བར་དུ་ནམ་ཡང་ལྷོད་པ་མེད་པར་རྩོད་ལེན་བྱ་རྒྱུ་ཡིན། ང་ཚོས་དམངས་གཙོ་དང་མཐུན་པའི་ཐབས་ལམ་ག་རེ་དགོས་པ་དང་རྒྱ་སྐྱེད་ག་འདྲ་བྱེད་དགོས་ཀྱི་ཡོད་ནའང་ང་ཚོས་བྱ་རྒྱུ་ཡིན། ང་ཚོས་ཞི་རྒོལ་དང་ཞི་འབོད་བྱེད་ངེས་རེད་ལ། ལས་འགུལ་ཡང་སྤེལ་རྒྱུ་ཡིན་པ་དེ་གསལ་པོ་ཡིན། ན་ནིང་ཞི་འབོད་ཀྱི་སྐབས་སུ་ང་ཚོས་བོད་ཡིག་ཁོ་ན་མ་གཏོགས་དབྱིན་ཡིག་དང་ཧིན་རྡུའི་ཡི་གེ་གཅིག་ཀྱང་བྲིས་མེད། ང་ཚོས་མ་ཤེས་པ་མིན་ལ་མ་དྲན་པའང་མིན། ཡིན་ནའང་། ང་ཚོའི་གཞུང་ལ་གུས་བཀུར་དང་སོ་སོའི་སྐད་ཡིག་ཁོ་ན་བེད་སྤྱོད་བཏང་སྟེ། ང་རང་ཚོ་ནང་ཚགས་ཀྱི་དཀའ་ངལ་དེ་གཞན་ལ་རེ་སྐུལ་དང་ཁྱབ་བསྒྲགས་ཆེན་པོ་མི་དགོས་པར་ནང་ཁུལ་ནས་སེལ་ཐབས་བྱས་ཏེ།  ང་ཚོའི་རྙོག་དྲ་འདི་ཆེ་རུ་མི་གཏོང་བར་བསམ་བློ་བཏང་ནས་གོ་སྒྲིག་བྱས་པ་ཡིན་ལ། མི་རེ་ཟུང་ཙམ་རེད་མ་གཏོགས་གཞུང་སྤྱིའི་ངོས་ནས་ང་ཚོར་རྒྱབ་སྐྱོར་ཡོད་པ་རེད། ༧རྒྱལ་དབང་ཐམས་ཅད་མཁྱེན་པ་བཤད་མ་དགོས་པ་རེད། ཁོང་གིས་རྟེན་དང་བཅས་པ་གནང་སྟེ་ཇོ་ནང་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་དགོས་པ་རེད་ཅེས་དུས་ནས་དུས་སུ་བཀའ་གནང་བཞིན་ཡོད་པ་དང་། འཛིན་སྐྱོང་སྤེལ་གསུམ་གནང་བར་ཆ་རྐྱེན་ཚང་མ་འཛོམས་དགོས་པ་རེད། ང་ཚོར་ཆོས་བརྒྱུད་ཀྱི་ཐོབ་ཐང་མེད་ན་ག་རེ་གནོད་ཀྱི་འདུག་ཟེར་ན། ང་ཚོས་ཇོ་ནང་ཆོས་བརྒྱུད་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཧ་ལས་པའི་དགག་བྱ་མང་པོ་ཞིག་ཡོང་གི་འདུག ཐ་ན་རྒྱལ་ཁབ་ཁག་དང་བོད་ནང་གང་དུ་ཡིན་ནའང་ཆོས་ཚོགས་ཁག་ཅིག་འཛུགས་དགོས་པ་ཡིན་ནའང་། ཁྱེད་རང་ཚོ་བོད་གཞུང་གིས་ངོས་ལེན་མི་འདུག ཁྱེད་རང་ཚོ་ཆོས་བརྒྱུད་ཀྱི་གྲས་སུ་མི་འདུག་ག་རེ་རེད། དེ་འདྲ་ཡིན་ན་ང་ཚོས་ཀྱང་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག་ཅེས་གནད་དོན་འདི་འདྲ་བྱུང་དང་བྱུང་བཞིན་པ་རེད། སྤྱི་འཐུས་ནང་ཐོབ་ཐང་མེད་པའི་རྒྱུ་མཚན་གྱིས་འདི་འདྲ་ཆགས་བསྡད་ཡོད་པ་རེད། མདོར་ན་ང་ཚོར་དཀའ་ངལ་རབས་དང་རིམ་པ་འཕྲད་ཀྱི་ཡོད་པར་བརྟེན་གོང་ལ་ཞུ་འབོད་དང་སྐྱབས་འཇུག་ཞུ་ཡི་ཡོད་པ་རེད་མ་གཏོགས། རྙོག་དྲ་དང་དཀའ་ངལ་སྤྲོད་ཀྱི་ཡོད་པ་དེ་འདྲ་རྩ་བ་ཉིད་ནས་མ་རེད། དེ་འདྲ་སེམས་ནས་དྲན་གྱི་མེད་ལ་མ་འོངས་པར་ཡང་དེ་འདྲ་དྲན་གྱི་མ་རེད་ཅེས་བོད་མི་མང་དང་འདིར་ཕེབས་པའི་སྐུ་མགྲོན་རྣམ་པ་ཚང་མར་གསལ་པོ་བྱས་ཏེ་ཞུ་ཡི་ཡོད། ཅེས་སོགས་གསུངས་སོང་།

༢༢དེའི་རྗེས་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཆོས་རིག་ལས་ཁུངས་ཀྱི་ངོས་ནས་་ཇོ་ནང་བར་མཐུན་རྐྱེན་དང་ངོས་ལེན་གང་ཐུབ་བྱེད་བཞིན་ཡོད་སྐོར་གསུངས་དོན། ཕྱི་ལོ་ ༢༠༡༡ ལོར་ཚོགས་ཁང་འདིའི་ནང་ཆོས་བརྒྱུད་ཁག་གི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ཚོགས་སྐབས། ༧གོང་ས་མཆོག་གིས་དཔལ་ཇོ་ནང་བའི་ལྟ་གྲུབ་དང་ཆོས་བརྒྱུད་ཀྱི་ཐོག་ནས་ཆོས་བརྒྱུད་རང་རྐང་ཚུགས་པ་ཞིག་ཡིན་པའི་བཀའ་སློབ་ཕེབས་པ་ལྟར། ང་ཚོ་ཆོས་རིག་ལས་ཁུངས་ཀྱི་ངོས་ནས་དེ་དེ་བཞིན་གྱིས་ངོས་ལེན་དང་མཐུན་རྐྱེན་གང་ཐུབ་སྦྱོར་བཞིན་ཡོད། ཆོས་རིག་ལས་ཁུངས་ནས་བོད་ནས་གསར་དུ་ཕེབས་མཁན་གྱི་ཇོ་ནང་བའི་དགེ་འདུན་པ་ ༥༤ ལ་སློབ་ཡོན་ཕུལ་དང་འབུལ་བཞིན་ཡོད་པ་མ་ཟད། ཚན་རིག་དགེ་རྒན་གཅིག་ལ་གླ་ཕོགས་སྤྲོད་བཞིན་ཡོད། ཉེ་ལམ་ང་ཚོས་ཇོ་ནང་བའི་འཐུས་མི་ཞིག་ལ་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་ཕུལ་ཡོད་པ་མ་ཟད། དེ་བཞིན་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་ཚོགས་ཆེན་ཚོགས་སྐབས་ཇོ་ནང་བའི་སྐུ་ཚབ་གཉིས་གདན་འདྲེན་ཞུས་པ་སོགས་མཐུན་རྐྱེན་གང་ཐུབ་སྦྱོར་བཞིན་ཡོད། སྤྱིར་བཏང་ཆོས་རིག་ལས་ཁུངས་འདི་དབྱིན་སྐད་ཐོག་ནས་ཞུས་ན་ (Sensitive) དངངས་སྐྲག་བྱས་ནས་ལས་དོན་བསྒྲུབ་དགོས་པའི་ལས་ཁུངས་ཞིག་ཆགས་ཡོད་སྟབས། ཆོས་རིག་ལས་ཁུངས་རང་ནས་གཏན་འབེབས་བྱས་ནས་སྒྲིག་གཞི་སྒྲིག་འཛུགས་བཟོས་ཏེ། དེ་ལག་བསྟར་བྱེད་དགོས་ཟེར་ནས་བཀའ་གཏོང་ས་གཅིག་ཀྱང་མི་འདུག ང་ཚོས་བར་ལམ་ནས་གསར་གཏོད་གང་འཚམ་བྱས་པ་ཡིན་ཡང་། ལས་དོན་དངོས་སུ་སྒྲུབ་སྐབས་ལག་བསྟར་བྱ་རྒྱུ་དཀའ་ལས་ཁག་པོ་ཞེ་དྲགས་འདུག ཤེས་རིག་དང་ནང་སྲིད། འཕྲོད་བསྟེན་སོགས་ཀྱི་ལྷན་ཁང་ཁག་ཡིན་ན། སོ་སོའི་ལས་ཁུངས་ནང་ཚོགས་འདུ་ཚོགས་ནས་གཏན་འབེབས་བྱས་ཏེ། འདི་དང་འདི་ཡིན་ཟེར་ནས་མར་བཀའ་གཏོང་སྐབས། འོག་ཏུ་དེ་བཞིན་ལག་བསྟར་བྱེད་བཞིན་ཡོད་པ་ལས་ཡར་འདི་འགྲིག་གི་མི་འདུག་ཟེར་ནས་དྲི་བ་གཏོང་མཁན་དང་སྐྱོན་བརྗོད་བྱེད་མཁན་ཧ་ལམ་བྱུང་གི་མེད་པའི་བཟོ་འདྲ་པོ་རེད། ཡིན་ཡང་ཆོས་རིག་ལས་ཁུངས་ཀྱིས་ལས་དོན་གང་བྱས་ཀྱང་ཐོག་མར་གྲོས་བསྡུར་བྱས་ནས་ས་བོན་བཟོས་ཏེ། ཆོས་བརྒྱུད་ཁག་གིས་ངོས་ལེན་གནང་མིན་དང་། མར་ཞུས་པ་ཡིན་ན་དེ་ལ་ཡར་ཕྱག་རོགས་གནང་མིན་སོགས་གྲོས་བསྡུར་དང་ལས་འཆར་མང་པོ་ཞིག་སྒྲིག་ནས་འགྲོ་དགོས་ཀྱི་འདུག་མ་གཏོགས། ལྷན་ཁང་ཁག་གཞན་ལྟར་གཏན་འབེབས་བྱས་ནས་བཀའ་གཏོང་ས་གང་ཡང་མེད་པ་མ་ཟད། དེ་བཞིན་སྒྲིག་གཞི་སྒྲིག་འཛུགས་གཏན་འབེབས་གནང་བཞག་པ་མང་པོ་ཞིག་ཡོད་སྟབས། དེ་ལ་ལྟོས་ནས་ལག་ལེན་བསྟར་ནས་འགྲོ་དགོས་ཀྱི་འདུག་མ་གཏོགས་ཆོས་རིག་ལས་ཁུངས་ནས་སྒྲིག་གཞི་གཏན་འབེབས་བྱས་ནས་འགྲོ་ས་གང་ཡང་ཡོད་པ་མ་རེད།  སྤྱིར་བཏང་ལོ་རེར་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པའི་ཚོགས་ཆེན་རྒྱས་བསྡུས་གཉིས་ཚོགས་ཀྱི་ཡོད་པར་བརྟེན། དེའི་ཐོག་གྲོས་ཆོད་དང་ཐག་གཅོད་གང་བྱུང་བཞག་པ་དག་རིམ་པས་ཆོས་རིག་ལས་ཁུངས་ནས་ལག་ལེན་བསྟར་ནས་འགྲོ་དགོས་པ་ཞིག་ཆགས་ཡོད་སྟབས། ཆོས་རིག་ལས་ཁུངས་ནས་དཔལ་ཇོ་ནང་བར་མཐུན་རྐྱེན་སྦྱོར་རྒྱུ་དང་ངོས་ལེན་བྱ་རྒྱུ་དེ་འདྲ་ཞིག་ཡིན། མ་འོངས་པར་ང་ཚོས་མཐུན་རྐྱེན་གང་ཐུབ་སྦྱོར་ཨེ་ཐུབ་ལྟ་གི་ཡིན། ཅེས་སོགས་གསུངས་སོང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

སྐར་མ ༡༤ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༣ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

མཆན། 10

  1. ངག་དབང་ says:
    ལོ་ 11 སྔོན།

    ཇོ་ནང་པ་འདི་རང་སྟོང་འདོད་མཁས་ཞིག་རེང། དགེ་ལུགས་པ་ཡང་རང་སྟོང་འདོད་མཁས་ཞིག་ཡིན་པ་རྗེའི་དབུ་མ་ཀྲིག་ཆེན་ལས་གསལ། བཀའ་རྒྱུད་ཆེ་བཞི་ཆུང་བརྒྱད་དང། བོན་གསར་རྙིང་དང། རྙིང་མ་བ་ལ་ཡང་ནང་ཚན་ཅུང་མ་འདྲ་བ་མང་བ་དང། ལྷག་པར་བོད་པ་ཁ་ཆེ་བ་དང། ཡེ་ཤུས་་བ་སོགས་ལ་དགོས་པ་མཚུངས་པས་ཇོ་ནང་་པ་རང་ཉིད་རང་ཉིད་ཀྱིས་སྟོང་ན་བོད་སྤྱི་་ལ་ཕན་ཆེའོ

    Reply
  2. མྱི་རྐྱང་སྨྱོན་པ། says:
    ལོ་ 11 སྔོན།

    ཧ་ཧ། ཐོབ་ངེས་པ་ཞིག་མ་སྤྲད་ན་འཕྲོག་པ་རེད་ལ། མི་ཐོབ་པའི་རྒྱུ་མཚན་བཤད་རྒྱུ་མེད་དུས་ཐོབ་ངེས་པ་རེད། ཡིན་ནའང་ཐོབ་ཐང་ཡོད་ངེས་པ་ཞིག་རྩོད་དུས་དཀྲུག་ཤིང་ཡིན་ན། བསམ་བཞིན་དུ་དཀྲུག་གིན་པ་དག་ལ་ཇི་ལྟར་འབོད། བསམ་བློ་བཏང་ནས་བཤད་ན་ཡག་པོ་ཡོད་རེད། wang དང་ཐོས་པ་དགའ་ཟུང་ལ།

    Reply
  3. བྱ་ཁྱུང་། says:
    ལོ་ 11 སྔོན།

    ཁྱེད་ཀྱི་སྤྱི་ཚོགས་དྲ་རྒྱའི་ཐོག་སྐད་ཆ་གསུངས་སྟངས་འདི་འདྲ་མ་ཡིན་པ་རན་པོ་ཞིག་གསུངས་རོགས་གནང་ལ་མ་འོངས་པ་ཡང་དགོངས་པའི་ནང་འཇགས་ཐབས་གནང་རོགས་ཞུ་རྒྱུ་ཡིན།

    Reply
  4. wang says:
    ལོ་ 11 སྔོན།

    ད་བྱིའུ་དང་མ་སོང་ན་ལུས་ལ་སྤུ་སྐྱེས་ཙམ་སྐབས་འདིར་དང་པོ་བོད་ནང་གི་གནས་སྟངས་ཐོག་སེམས་འཁུར་མ་ལེན་པར་སཽའི་སྒེར་དང་ཚོགས་པ།་དགོན་པ་སོགས་ཀྱི་ཐོག་ཁོ་ནར་ངའི་དང་ངའི་སྒྲ་ཤུགས་ཁ་ལ་འཁྱེར་ཏེ་ཕར་དཀྲུགས་ཚུར་དཀྲུགས་བྱ་རྒྱུ་དུས་ཚོད་མིན། དེ་འདྲ་ཡིན་དུ་ཚང་མས་ཐུགས་སེམས་བསྒྲིལ་ཏེ་ཆིག་བསྒྲིལ་གྱི་ནུས་པ་སྲ་རྟན་པོའི་ངང་འཕེལ་ཐུབ་པ་དགོས་རྒྱུ་དེ་ང་རང་ཚོའི་དགོས་འདུན་དང་ལངས་ཕྱོགས་ཡིན་དགོས་ཀྱི་འདུག

    Reply
  5. མྱྀ་ནག says:
    ལོ་ 11 སྔོན།

    གང་ན་འདྲ་མཉམ་མེད་ན་དེ་རུ་ཉོག་དྲ་ཡོད་ཟེར་ར

    Reply
  6. བསྟན་ཆོས། says:
    ལོ་ 11 སྔོན།

    ཆོས་བློན་གྱིས་ཞལ་རྫུན་གསུང་འདུག ངོས་ལེན་གནང་གི་ཡིད་ན། གྱ་སྟོན་སྐབས་ཆོས་རྒྱུད་ཆེན་པོ་དྲུག་གམ་ཆོས་རྒྱུད་ཆེན་པོ་ལྔ་གཡང་དྲུང་བོན་དང་བཅས་པ་ཞེས་ཚིག་གཅིག་ཀྱང་གསུང་། མ་ཟད་ཆོས་རྒྱུད་ཆེན་པོ་བཞི་གཡང་དྲུང་བོན་དང་བཅས་པ་ཞེས་ཡང་དང་སྐྱར་དུ་གསུང་དན་འདུག་གོ།

    Reply
  7. ཐོས་པ་དགའ། says:
    ལོ་ 11 སྔོན།

    ཇོ་ནང་བ་ཟེར་པ་འདི། རྩོད་གཞི་ཧ་ཅང་ཆེ་བའི་ཆོས་རྒྱུད་ཅིག་རེད་འདུག ས་སྐྱ་བས་ང་ཚོའི་ཁུངས་གཏོགས་རེད་ཟེར་བ་དང་། ཆོས་རྒྱུད་གཞན་དང་སྤྱི་མཚུངས་ཀྱི་ལྟ་གྲུབ་རང་རྐང་ཐུབ་པ་ཞིག་ལོགས་སུ་ཡོད་རབ་མི་འདུག་མོད། གལ་སྲིད་ཇོ་ནང་བ་འདི་ཆོས་རྒྱུད་རང་རྐང་ཐུབ་པ་ཞིག་ཡིན་ན་ཆོས་རྒྱུད་ཀྱི་ཐོབ་ཐང་རྩོད་དགོས་དོན་གཏན་ནས མེད། དཔེར་ན་བོད་ཀྱི་ཆོས་རྒྱུད་ཆེན་པོ་དེ་ཚོས་ཆོས་རྒྱུད་ཀྱི་ཐོབ་ཐང་བརྩད་ནས་ཆོས་རྒྱུད་ཅིག་ཆགས་རབས་ཀྱི་ལོ་རྒྱུས་གང་ཡང་མེད། ད་གང་ལྟར་བླ་རྒན་མགོ་མཁྲེག་འདི་ཚོར་གོ་བརྡ་འཕྲོད་དཀའ་ལས་ཁག་པོ་རེད།

    Reply
  8. རྒྱ་ཚ says:
    ལོ་ 11 སྔོན།

    མ་གཞི་ནས་དེངས་སངས་ཐོབས་ཐངས་དང་རང་དབང་མི་འདུག་ཟེར་ཉན་མང་རུ་མང་རུ་འགྲོ་གི་འདུག་་་ད་གང་དྲག

    Reply
  9. མགོ་ལོག་ཟླ་བྷེ། says:
    ལོ་ 11 སྔོན།

    བདེན་པ་ཉིད་རྒྱལ་གྱུར་ཅིག

    Reply
  10. ཚེ་རིང་པོ། says:
    ལོ་ 11 སྔོན།

    ཇོ་ནང་བས་རང་དབང་མི་འདུག་ཟེར་ནས། ཡང་ལས་འགུལ་ཞིག་སྤེལ་ན་ཐང་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese