མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོཊ་འཐུས་མི་ཚོར་སྐྱབས་འཇུག་ཞུ་ཡི་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

 

གྲོས་ཚོགས་ཚོགས་དུས་ ༡༠ པ་དབུ་འཛུཊ་དང་བསྟུན་ཇོ་ནང་པས་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་པའི་ཞུ་འབོད་ལས་འགུལ་སྤེལ་གྱི་འདུག

 

DSC_0579དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ སྟེང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པ་དབུ་འཛུགས་དང་བསྟུན། ཚོགས་དྲུང་ལས་ཁུངས་ཀྱི་མདུན་ཐང་དུ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཇོ་ནང་སེར་སྐྱ་མི་མང་ ༡༥༠ ཙམ་གྱིས་ལག་ཏུ་འཕྲེད་དར་བཟུང་སྟེ། ཇོ་ནང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲོད་དགོས་པའི་ཞུ་འབོད་ལས་འགུལ་སྤེལ་གྱི་ཡོད་པ་དང་སྦྲགས་དགོས་འདུན་དོན་ཚན་ལྔ་བཏོན་འདུག

 

ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་སུ་ལས་འགུལ་སྤེལ་དགོས་དོན་དང་མི་གྲངས་ག་ཚོད་མཉམ་ཞུགས་བྱས་ཡོད་མེད་དྲིས་པར་ཁོང་གིས། དེ་རིང་འདིར་རྒྱལ་ཁབ་བརྒྱད་ཀྱི་ནང་ནས་ཡོང་བའི་མི་གྲངས་བརྒྱ་དང་ལྔ་བཅུ་ཙམ་ཡོད། བོད་ནང་གི་སྐུ་ཚབ་གསུམ་ཙམ་ཡོད། དེ་རིང་གི་ལས་འགུལ་འདི་ལག་ཏུ་ཁ་བཏག་བཟུང་ནས། གྲོས་ཚོགས་འཐུས་མི་ཚོར་སྐྱབས་འཇུག་ཞུ་ཡི་ཡོད། དགོས་འདུན་དེའི་ཐོག་གྲུབ་འབྲས་མ་བྱུང་བར་ལས་འགུལ་སྤེལ་རྒྱུ་ཡིན། ཞེས་བརྗོད་བྱུང་།

 

ཐེངས་འདིའི་ཞུ་འབོད་ཀྱི་དགོས་འདུན་དོན་ཚན་ཁག་ནི།

༡༽ ༧གོང་ས་མཆོག་གི་བཀའ་སློབ་དང་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་རྒྱབ་གཉེར་བཀའ་ཡིག ཆོས་བརྒྱུད་ཚོགས་ཆེན་ཐེངས་བཅུ་གཅིག་པའི་གྲོས་ཆོད་བཅས་རྩིས་མེད་བཏང་དོན་གསལ་བཤད་གནང་དགོས།

༢༽ སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དགུ་བའི་སྐབས་སུ་ག་ཟིའི་གྲོས་ཚོགས་ནང་གི་གཏམ་བཤད་གཉིས་རྒྱབ་འགལ་ཡིན་མིན་གྲོས་ཚོགས་ནས་གསལ་བཤད་གནང་དགོས།

༣༽ སྐྱབས་མགོན་ཁལ་ཁ་རྗེ་བཙུན་དམ་པ་མཆོག་གིས་བོད་གཞིས་བྱེས་ཇོ་ནང་པའི་མི་མང་འབུམ་ཕྲག་མང་པོས་གཞུང་ལ་ད་བར་དུ་སྙན་ཞུ་བརྒྱ་ཕྲག་མང་པོ་ཕུལ་བ་རྩིས་མེད་བཏང་དོན་གསལ་བཤད་གནང་དགོས།

༤༽ དཔལ་རྒྱལ་བ་ཇོ་ནང་བར་བོད་ཀྱི་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དང་ཇོ་ནང་བ་རྣམས་བོད་ཀྱི་སྤྱི་འབངས་ཤིག་ལ་ངོས་འཛིན་བྱས་ཏེ་བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་གི་ཁྱབ་ཚད་ཀྱིས་ཇོ་ནང་པ་ལ་ངེས་པར་དུ་ཁྱབ་པའི་མཚོན་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་ཐག་གཅོད་ཡང་དག་པ་གནང་དགོས།

༥༽ གོང་འཁོད་དགོས་འདུན་དོན་ཚན་མ་བྱུང་བར་དུ་ཐེངས་འདིའི་ཇོ་ནང་པའི་ཞི་འབོད་ལས་འགུལ་མཚམས་འཇོག་མི་བྱེད་པའི་དམ་བཅའ་ཡིན། ཞེས་དང་།

 

ཡང་བསྒྲགས་གཏམ་ནང་༧གོང་ས་མཆོག་གིས་ཇོ་ནང་པར་བསྩལ་བའི་གསུང་འཕྲིན་ལུང་འདྲེན་བྱས་པའི་ནང་། འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་དབུ་བཞུགས་ཀྱིས་རྒྱ་བལ་འབྲུག་གསུམ་དང་། བོད་ཡུལ། ཨ་རི། ཡོ་རོབ། ར་ཤི་ཡ། སོག་པོ། མ་ལ་ཤི་ཡ་བཅས་སུ་ཡོད་པའི་ཇོ་ནང་ཆོས་བརྒྱུད་འཛིན་པའི་དགོན་ཁག་དང་། ཆོས་ཚོགས་བཅས་པའི་འཐུས་མིའི་ཚོགས་ཆེན་སྐོང་འཚོགས་ཀྱི་སྒོ་དབྱེ་མཛད་སྒོར་ཡོད་པའི་ཚོགས་ཞུགས་རྣམས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད།

 

བོད་ཀྱི་བསྟན་སྲིད་གོད་ཆག་གི་རྐྱེན་པས་༧རྒྱལ་བསྟན་སྤྱི་ཡོངས་ལ་སྔར་བྱུང་མྱོང་མེད་པའི་ཉམས་ཆག་བྱུང་བའི་ཁྲོད་རྒྱལ་བ་ཇོ་ནང་པའི་བསྟན་པ་ཡང་ཉག་ཕྲར་གྱུར་པ་ཀུན་ཤེས་ཡིན། རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་ཉམས་བཞེས་སྤྱི་དང་། ལྷག་པར་སྦྱོར་དྲུག་རྩལ་དུ་བཏོན་པའི་ཉམས་བཞེས་ཀྱི་བསྟན་རྒྱུན་བཟང་པོ་མི་ཉམས་རྒྱུན་འཛིན་ཡོང་ཐབས་སུ་ཆོས་བརྒྱུད་གང་གི་དབུ་ཁྲིད་ཁལ་ཁ་རྗེ་བཙུན་རིན་པོ་ཆེའི་མཚན་གནས་བསྐྱར་གསོ་དང་། འཕགས་ཡུལ་ཇོ་ནང་མ་དགོན་གྱི་གནས་གཞི་མཐུན་རྐྱེན་བཅས་ཆེད་དུ་སྦྱར་བས་མཚོན་ཆོས་བརྒྱུད་ཆེན་པོ་འདིའི་ལུང་རྟོགས་ཀྱི་བསྟན་པ་ཡུན་གནས་ཆེད་མཐུན་རྐྱེན་གང་ཐུབ་སྒྲུབ་པ་ཚང་མའི་ཐུགས་ངེས་ཡིན་ལ། སླད་ནས་ཀྱང་སྔར་བཞིན་ཞུ་རྒྱུར་སྡེ་དགོན་རང་རང་སོ་སོས་ཀྱང་སྤྱི་སྒོས་བསྟན་པའི་ཞབས་འདེགས་སྔར་བཞིན་ལྷོད་མེད་ཡོང་བ་ཞུ། ཞེས་བཀོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

མཆན། 4

  1. ངག་དབང says:
    ལོ་ 11 སྔོན།

    ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་ཡིན་དགོས

    Reply
  2. སྤྱན་ཆེན་པོ། says:
    ལོ་ 11 སྔོན།

    དཔལ་རྒྱལ་བ་ཇོ་ནང་པ་ཚང་ལ་རྒྱབ་བསྐྱོར་གཙང་མ་ཡོད།

    Reply
  3. ཚེ་རིང་པོ། says:
    ལོ་ 11 སྔོན།

    འོ་དེ་རེད་ཡ། ཇོ་ནང་བར་དངོས་ནས་ཁག་མེད། དམངས་གཙོའི་ལམ་ལུགས་ལ། དམངས་མི་ལ་དབང་ཚད་ཡོད་རེད་ལ། དཔོན་གྱིས་དམངས་ལ་ལས་དོན་སྒྲུབ་དགོས་རེད།

    Reply
  4. གངས་སེམས་གསོན། says:
    ལོ་ 11 སྔོན།

    ཇོ་ནང་པས་ཞུ་འབོད་བྱེད་བཞིན་པ་དེ་སྤྱིར་བཏང་སྤྱི་མཚུངས་ཀྱི་ཐོབ་ཐང་ཞིག་གནང་རོགས་ཞུ་ཡི་ཡོད་སྟབས། རྒྱབ་སྐྱོར་ཡོད། ཡིན་ནའང་། ཞུ་འབོད་གནང་སྐབས་ངེས་པར་དུ་གུས་ཞབས་ལྡན་པ་ཞིག་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁྱེད་རྣམ་ལངས་བསྡད་ཡོད་ས་དེ་བོད་མི་མང་ཁྲིམས་བཟོ་ལྷན་ཁང་གི་སྒོ་འགྲམ་ཡིན་ལ། མགོ་ཚོགས་གཙོ་མཆོག་དང་སྲིད་སྐྱོང་མཆོག་གི་དབུས་པའི་སྤྱི་འཐུས་དང་བཀའ་བློན་རྣམ་པ་ཡར་ཕེབས་མར་ཕེབས་གནང་གིན་ཡོད་སྟབས། ཁོང་རྣམ་པ་ཡར་ཕེབས་མར་ཕེབས་སྐབས་གུས་ལུགས་ལྡན་ཞིང་ཞུ་འབོད་ཀྱི་རྣམ་འགྱུར་གསལ་སྟོན་དགོས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese