མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་བཞིའི་ནང་ལས་བྱེད་རྩ་དགོངས་ཞུ་མཁན་༨༨ བྱུང་།

བོད་ཀྱི་དུས་བབ།
༢༠༡༥/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ ལོའི་བར་ལས་བྱེད་གྲངས་ ༡༥༢ གསར་འཇུག་གནང་ཡོད་པ་དང་། སྒེར་གྱི་དཀའ་ངལ་གྱིས་རྩ་དགོངས་ཞུ་མཁན་ལས་བྱེད་ ༨༨ བྱུང་ཡོད་སྐོར་གསུངས་སོང་།

_DSC8213དེ་རིང་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་གསུམ་པའི་སྔ་དྲོར། སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ ༢༠༡༡ ལོ་ནས་ ༢༠༡༥ ལོ་བར་ལས་བྱེད་འདེམས་ལྷན་ནས་ལས་བྱེད་གསར་འདེམས་ཇི་གནང་དང་། བཀའ་ཤག་ནས་ཐད་ཀར་ལས་བྱེད་ཅི་ཙམ་བསྐོས་ཡོད་མེད། ལས་བྱེད་རྩ་དགོངས་ཞུ་མཁན་ག་ཚོད་བྱུང་བ་དང་ཞུ་དོན་ཅི་ཡིན། དེ་བཞིན་འཛིན་སྐྱོང་ནས་སྲི་ཞུའི་ལས་བྱེད་པར་བཀའ་སློབ་ལམ་སྟོན་ཇི་ལྟར་གནང་གི་ཡོད་མེད་བཅས་ཀྱི་སྐར་རྟགས་ཅན་གྱི་དྲི་བ་ཕུལ་སྐབས་སྲིད་སྐྱོང་མཆོག་གིས། ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ ལོའི་བར་ལས་བྱེད་འདེམས་ལྷན་ཁོངས་ལས་བྱེད་གསར་འདེམས་གྲངས་ ༡༥༢ གནང་ཡོད་པ་མ་ཟད། ད་བར་ལས་བྱེད་གྲངས་ ༨༨ ཀྱིས་སྒེར་གྱི་དཀའ་ངལ་ཆེད་རྩ་དགོངས་ཞུས་པ་བྱུང་ཡོད། བཀའ་ཤག་ནས་ལས་དོན་གྱི་དམིགས་བསལ་དགོས་གལ་ལ་གཟིགས་ཏེ་གྲོས་འདྲི་བྱ་ཡུལ་དང་གྲོས་སྟོན་པ་གྲངས་ ༡༢ བསྐོས་ཡོད་པ་མ་ཟད། ལས་བྱེད་གསར་བསྡུའི་སྐབས་ལས་བྱེད་འདེམས་ལྷན་ནས་ཟབ་སྦྱོང་གོ་སྒྲིག་གནང་སྐབས་སུ་སྲིད་སྐྱོང་དང་དྲུང་ཆེ་རྣམ་པ་སོགས་ཕེབས་ནས་༧གོང་ས་མཆོག་གི་བཀའ་སློབ་སྔ་རྗེས་ཀྱི་དགོངས་དོན་དང་། ལས་བྱེད་བླང་དོར་སྒྲིག་གཞི་གཞིར་བཟུང་སྲི་ཞུའི་ལས་དོན་སྒྲུབ་ཕྱོགས་ཀྱི་བཀའ་སློབ་གནང་གི་ཡོད་ལ། སྲི་ཞུའི་ལས་བྱེད་དངོས་སུ་ཆགས་པ་ནས་བཟུང་འབྲེལ་ཡོད་ལས་ཁུངས་སོ་སོའི་དྲུང་ཆེ་དང་བཀའ་བློན་རྣམ་པས་དུས་ནས་དུས་སུ་སློབ་གསོ་གོ་སྐོན་གནང་མུས་ཡིན། ཞེས་སོགས་གསུངས་སོང་།

 

 

སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་འཕྲོས་དོན་དྲི་བར། འདས་པའི་ལོ་བཞི་ནང་ལས་བྱེད་གསར་འདེམས་གྲངས་ ༡༥༢ ཡོད་ཁོངས་ནས་ད་ལྟ་ལས་ཀ་བྱེད་མཁན་ག་ཚོད་ཡོད་པ་དང་། ལས་བྱེད་རྩ་དགོངས་ཞུ་མཁན་གྲངས་ ༨༨ ཡོད་ཁོངས་ལས་བྱེད་གསར་རྙིང་ག་ཚོད་བྱུང་ཡོད་མེད། གྲོས་འདྲི་བྱ་ཡུལ་ལས་བྱེད་ ༡༢ ཡོད་གསུངས་པ་དེ་ཚོར་ལས་བྱེད་གཞན་ལས་ལྷག་པའི་ཤེས་འཇོན་དང་གདེང་ཚོད་འཕར་མ་ག་རེ་ཡོད་མེད། དེ་བཞིན་ལས་བྱེད་རྩ་དགོངས་ཞུས་པ་དག་སྒེར་དོན་ཁོ་ན་མིན་པར་འཛིན་སྐྱོང་གི་ཕྱག་ལས་གནང་ཕྱོགས་ཐད་འདོད་པ་མ་ཁེངས་པ་བྱུང་ནས་རྩ་དགོངས་ཞུ་མཁན་ག་ཚོད་བྱུང་ཡོད་མེད། རྩ་དགོངས་ཞུ་མཁན་ཚོར་འཛིན་སྐྱོང་ནས་རྩ་དགོངས་མི་ཞུ་བའི་ལམ་སྟོན་གང་གནང་གི་ཡོད་མེད་བཅས་དྲིས་པར་སྲིད་སྐྱོང་མཆོག་གིས། ད་བར་ལས་བྱེད་ ༡༥༢ བདམས་པའི་ཁྲོད་ནས་བརྒྱ་ཆ་ ༩༠ ལྷག་མུ་མཐུད་ཕྱག་ལས་གནང་གི་ཡོད་པར་བརྩི་ཡི་ཡོད། ལས་བྱེད་ལ་བསྐོས་རྗེས་དགོངས་པ་ཞུ་མཁན་རེ་འགའ་བྱུང་ཡོད་པ་དང་། འགའ་ཤས་སློབ་སྦྱོང་གི་ཆེད་དུ་འགྲོ་གི་ཡིན་ཟེར་ནས་དགོངས་པ་ཞུ་མཁན་བྱུང་སོང་མ་གཏོགས་མང་ཆེ་བ་སྒེར་གྱི་དཀའ་ངལ་ཡོད་ཟེར་ནས་དགོངས་པ་ཞུས་པ་ཆགས་ཡོད། བཀུར་འོས་སྤྱི་འཐུས་ནས་བོད་མིའི་སྒྲིག་འཛུགས་ལ་འདོད་པ་ཁེངས་མིན་གྱི་དབང་གིས་རྩ་དགོངས་ཞུས་པ་རེད་དམ་གསུངས་ཡོད་སྟབས། ང་ཚོར་ཡིག་ཐོག་ཏུ་སྙན་ཞུ་ཕུལ་བཞག་པ་དག་ལ་གཞི་བཞག་པའི་ཐོག་ནས་འགྲོ་དགོས་རེད་མ་གཏོགས། དེ་འཕྲོས་དགོས་པ་རྒྱུ་མཚན་གང་ཡོད་ཀྱང་ཡིག་ཐོག་ཏུ་མ་རག་པ་ཡིན་ན། ང་ཚོའི་འགྲོ་སྟངས་འགྲོ་ལུགས་ཐོག་ནས་ངོས་འཛིན་རྒྱུ་ཁག་པོ་ཆགས་ཡོད། དེ་བཞིན་གྲོས་འདྲི་པ་ ༡༢ དེའི་སྐོར་ལ་དེ་སྔོན་གྲོས་ཚོགས་ནང་ལ་བཀའ་འདྲི་གནང་སྐབས་མིང་དང་བཅས་པ་ཕུལ་ཡོད་པ་རེད། ད་ལྟའི་ཆར་ཨུ་རུ་སུར་གྲོས་འདྲི་པ་ཡོད་བཞག་པ་དེ་དམིགས་བསལ་གནས་སྟངས་རང་ཆགས་ཡོད་པ་རེད། ཨུ་རུ་སུའི་ཁྲིམས་དང་འགྲོ་ལུགས་ཀྱི་ཆ་ནས་མི་སེར་གྱི་ལག་ཁྱེར་དགོས་ཀྱི་ཡོད་པ་དང་། འདི་ནས་ལས་བྱེད་བསྐོ་སྐབས་ཆ་རྐྱེན་ཚང་མིན་དབང་གིས་བསྐོ་བཞག་བྱེད་དགོས་པ་ཆགས་ཡོད་པ་རེད། དེ་བཞིན་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་རམ་འདེགས་ལས་འཆར་ཚན་པའི་ནང་ཚོང་ལས་རིག་པའི་ཐོག་ཆེད་ལས་ཐོན་པ་དེ་འདྲ་བསྐོ་དགོས་པ་ཆགས་ཀྱི་ཡོད་པ་མ་ཟད། ཤེས་རིག་ལས་ཁུངས་ཀྱི་ཐ་སྙད་ཚན་པའི་ནང་ཉམས་མྱོང་ཅན་གྱི་མི་སྣ་ཞིག་དང་། དེ་མིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ལ་བོད་ཡིག་ཐོག་བོད་ནང་གི་གནས་སྟངས་ཐོག་ཉམས་ཞིབ་བྱེད་མཁན་ཞིག་བཅས་དགོས་པ་རྒྱུ་མཚན་མང་པོ་ཞིག་ལ་བལྟས་ཏེ་བསྐོ་བཞག་གནང་ཡོད་པ་རེད། ལས་བྱེད་རྩ་དགོངས་ཞུ་མཁན་ཁྲོད་གསར་རྙིང་ག་ཚོད་བྱུང་ཡོད་མེད་གྲོས་ཚོགས་ཀྱི་མདུན་ལྕོག་སྟེང་མིང་ཐོ་དང་བཅས་པ་འབུལ་རྒྱུ་ཡིན་སྟབས་གཟིགས་ན་གསལ་པོ་མཁྱེན་གྱི་རེད་བསམ་གྱི་འདུག ཅེས་གསུངས་སོང་།

 

 

ཡང་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས། འཛིན་སྐྱོང་ངོས་ནས་ལས་བྱེད་རྩ་དགོངས་ཞུ་མཁན་དེ་དག་སྒེར་གྱི་དཀའ་ངལ་ཆེད་ཞུས་པ་རེད་གསུངས་སོང་ཡང་། ལོ་ ༣༣ ལ་སྲི་ཞུའི་ཞབས་ཞུ་སྒྲུབ་མཁན་ལས་བྱེད་ཞིག་གིས་འཛིན་སྐྱོང་གི་བྱེད་ཕྱོགས་ལ་འདོད་པ་མ་ཁེངས་པར་རྩ་དགོངས་ཞུ་རྒྱུ་ཡིན་ཟེར་ནས་མིག་ཆུ་བཏང་ནས་ལས་ཁུངས་ནང་དངོས་སུ་ཐུག་པ་དེ་འདྲ་བྱུང་ཡོད་སྟབས། ཤོག་བུའི་ངོ་གདོང་གཅིག་པུར་བལྟས་ནས་ལས་བྱེད་རྩ་དགོངས་ཞུ་མཁན་དག་སྒེར་གྱི་དཀའ་ངལ་རེད་ཞུས་པ་ཡིན་ན། ང་ཚོས་ལས་བྱེད་བདག་སྤྲོད་བྱེད་ཐུབ་ཀྱི་ཡོད་དང་མེད། གྲོས་འདྲི་པ་དེ་འདྲ་མུ་མཐུད་བསྐོ་བཞག་བྱས་པ་ཡིན་ན། མ་འོངས་པར་སྲི་ཞུ་ལས་བྱེད་ཀྱི་ངོ་བོ་གང་འདྲ་གནས་ཀྱི་རེད་ཅེས་དྲིས་པའི་ལན་དུ། ད་བར་ལས་བྱེད་རྩ་དགོངས་ཞུ་མཁན་ ༨༨ ཡོད་ཁོངས་ནས་ལོ་ ༣༣ ལ་སྲི་ཞུའི་ཞབས་ཞུ་སྒྲུབ་མཁན་ལས་བྱེད་གཅིག་ཡོད་པ་རེད། ཁོ་རང་གི་གནས་སྟངས་དེ་སྒྲིག་གཞིའི་དགོངས་དོན་ལྟར་གནང་ཐུབ་ཀྱི་མེད་པའི་དབང་གིས་བྱུང་བཞག་པ་ཞིག་རེད་མ་གཏོགས། སྒྲིག་གཞི་ནས་གནང་རྒྱུ་ཡོད་པ་ཞིག་མ་གནང་བ་མིན་པར་ངོས་འཛིན་བྱེད་བཞིན་ཡོད། ད་ལྟའི་ཆར་ལས་བྱེད་གྲངས་ ༦༥༨ བརྩི་གི་ཡོད་པ་དང་། དེའི་ནང་གྲོས་འདྲི་པ་ ༡༢ ཟེར་སྐབས་བརྒྱ་ཆ་ ༡༢ ཟིན་གྱི་ཡོད་པ་མ་ཟད། དེ་དག་ཀྱང་ད་ལྟ་ལས་བྱེད་གནང་བཞིན་པ་དང་ལག་ཁྱེར་ཆ་ཚང་ཡོད་བསྡད་པ་ཤ་སྟག་བསྐོ་བཞག་བྱས་ཡོད་སྟབས་དོ་ཕོག་འགྲོ་གི་ཡོད་པར་ངོས་འཛིན་ཞུ་ཡི་མེད། ད་ལྟའི་བཀའ་ཤག་ངོས་ནས་ལས་བྱེད་པ་ཚོར་མཐུན་རྐྱེན་གང་ཐུབ་སྦྱོར་བཞིན་ཡོད་པ་མ་ཟད། ཕན་ཚུན་གྱི་འབྲེལ་ལམ་ཡང་ཧ་ལས་པའི་ཡག་པོ་ཞེ་དྲགས་ཡོད། ཅེས་གསུངས་སོང་།

 

 

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། བཀའ་དྲུང་གཞུང་ཞབས་ཀྱི་ལས་ཡུན་ཆ་ཚང་བསྒྲུབས་ནས་བགྲེས་ཡོལ་ལ་ཕེབས་ཀྱི་ཡིན་གསུང་སྐབས། ཁྱེད་རང་དགོངས་པ་ཞུས་པ་ཡིན་ན་བཀའ་ཤག་ལ་མིང་ཆད་ཡོང་གི་རེད་ཅེས་གསུངས་ཡོད་པའི་གནས་ཚུལ་ཞིག་སྤྱི་ཚོགས་ནང་ཁྱབ་ཀྱི་འདུག་སྟབས། དེ་བདེན་པ་ཡིན་མིན་དྲིས་པར་སྲིད་སྐྱོང་མཆོག་གིས། བཀའ་དྲུང་ལས་ཐོག་རྩ་བ་ཉིད་ནས་མ་རེད། ད་ལྟ་ཁོང་གི་ཕྱག་ལས་གནང་སྟངས་སོགས་གང་ཅིའི་ཐོག་ལ་ཡག་ཐག་ཆོད་ཡོད་པ་མ་ཟད་རྩ་དགོངས་ཞུ་མྱོང་ཡོད་པ་མ་རེད། གཞི་རྩའི་ལས་བྱེད་རྒན་པ་མང་པོས་དགོངས་པ་ཞུས་ནས་ལས་མཚམས་འཇོག་དགོས་མིན་འགྲོ་ཟེར་མཁན་ཡོང་བསྡད་ཀྱི་འདུག་ཀྱང་། ཏོག་ཙམ་བཞུགས་ལབ་ན་བཞུགས་མཁན་མང་ཐག་ཆོད་ཡོད་ཞུ་རྒྱུ་ཡིན། མཚམས་རེར་སྙན་ཞུ་ཕུལ་ཚར་ཡང་ཁྱེད་རང་ཕར་འགྱངས་ཙམ་བྱས་ན་ཟེར་སྐབས་དགའ་པོའི་ངང་ནས་བཞུགས་ཀྱི་ཡིན་གསུང་མཁན་མང་པོ་ཡོད་པ་མ་ཟད། བཀའ་དྲུང་ལ་དོགས་པ་རྩ་བ་ནས་ཟ་དགོས་པ་མེད། ཅེས་གསུངས་སོང་།

 

 

སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས། དཔལ་འབྱོར་སྒེར་བདག་ཅན་ལ་བསྒྱུར་སྐབས་ཀྱི་ལས་བྱེད་ཅིག་ནང་སྲིད་ནང་ཡོད་པ་དང་། ཁོ་རང་ཐུག་སྐབས་བློ་ཕམ་ཞེ་དྲགས་བྱེད་ཀྱི་འདུག འཛིན་སྐྱོང་བཀའ་ཤག་གིས་དངུལ་མང་པོ་ཞིག་ཡོད་ལབ་ཀྱི་འདུག་ཀྱང་། ང་ཚོ་དཔལ་འབྱོར་སྒེར་བདག་ཅན་ལ་བསྒྱུར་ནས་མུ་མཐུད་ཞབས་ཕྱི་སྒྲུབ་མཁན་ཡིན་ལབ་མཁན་མི་ལྔ་དྲུག་ཅིག་ཡོད་པ་དང་། ད་ལྟ་ང་ཚོར་གཟིགས་གསོལ་དང་བགྲེས་ཕོགས་སྤྲོད་རྒྱུ་མེད་ཟེར་བ་ལས་སྒྲིག་གཞིའི་ཐོག་ལ་དེ་འདྲ་གང་ཡང་གསུངས་ཀྱི་མི་འདུག་ཅེས་བརྗོད་བྱུང་བས། དེ་དངུལ་མེད་ནས་རེད་དམ་སྒྲིག་གཞིའི་ཐོག་ནས་རེད། སྒྲིག་གཞིའི་ཐོག་ནས་ཡིན་ན་སྒྲིག་གཞི་གང་གི་ནང་ལ་གང་འདྲ་བྱས་ནས་གསལ་ཡོད་པ་རེད་ཅེས་དྲིས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། དཔལ་འབྱོར་སྒེར་བདག་ཅན་གྱི་ལས་བྱེད་དང་དེ་འབྲེལ་དབུས་རང་ཁུངས་ལས་བྱེད་གཉིས་བསྡོམས་པ་ཡིན་ན་ཕལ་ཆེར་ལས་བྱེད་ ༤༠ ཞེ་གྲངས་ཡོད་པ་དང་། ཁོ་ཚོའི་ཐོབ་ཐང་ཆ་ཚང་བསྡོམས་པ་ཡིན་ན་དངུལ་རྩིས་ནང་འབུམ་ ༡༠༠ ལྷག་འགྲོ་སོང་འགྲོ་གི་ཡོད་སྟབས། ཁོ་ཚོའི་གནས་སྟངས་ཐག་གཅོད་བྱེད་དགོས་ཀྱི་ཡོད་ན། མ་འོངས་པར་ང་ཚོས་དངུལ་འབུམ་ ༡༠༠ ལྷག་ཐབས་འཚོལ་བྱེད་དགོས་ཀྱི་ཡོད་པ་མ་ཟད་མུ་མཐུད་གནང་དགོས་ཀྱི་ཡོད་སྟབས། དེ་ཚོའི་གནས་སྟངས་ཐོག་ནས་འགག་འགྲོ་གི་ཡོད་སྟབས། ངས་དེ་སྔོན་གྲོས་ཚོགས་ནང་ལ་ལས་བྱེད་དེ་ཚོའི་ཐོག་སྤྱི་ཡོངས་འགྲོ་སྟངས་འགྲོ་ལུགས་ཤིག་བཟོས་པ་ཡིན་ན་ཡག་པོ་ཡོད་ཚུལ་བརྗོད་ཡོད་པ་མ་ཟད། ད་ལྟ་དེ་ཚོའི་ཐོག་དགོངས་པ་བཞེས་དང་བཞེས་མུས་ཡིན། ཞེས་གསུངས་སོང་།

 

 

སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས། དཔལ་འབྱོར་སྒེར་བདག་ཅན་དུ་བསྒྱུར་ནས་ལྷག་པའི་ལས་བྱེད་བདུན་བརྒྱད་དེ་ཚོ་དང་དབུས་རང་ཁུངས་ལས་བྱེད་གཉིས་ཀྱི་གནས་བབ་གཅིག་མཚུངས་ཡིན་མིན་དྲིས་པར་སྲིད་སྐྱོང་མཆོག་གིས། དཔལ་འབྱོར་སྒེར་བདག་ཅན་གྱི་ལས་བྱེད་ཚོར་ཐོབ་ཐང་ཁ་ཤས་ཤིག་མ་གཏོགས། གཞི་རྩའི་སྲི་ཞུ་ལས་བྱེད་ཚོའི་ཐོབ་ཐང་མང་ཆེ་བ་གནང་ཡོད་ཀྱང་། གཞན་ཐོབ་ཐང་དེ་ཚོ་བསྐྲུན་པར་དབུས་རང་ཁུངས་ལས་བྱེད་ཀྱི་གནས་བབ་འདྲ་པོ་ཆགས་ཀྱི་འདུག དཔལ་འབྱོར་སྒེར་བདག་ཅན་གྱི་ལས་བྱེད་ཚོ་དམིགས་བསལ་ཆགས་ཡོད་པ་མ་ཟད། བཀའ་ཤག་སྐབས་སྔོན་མ་དང་ད་ལྟའི་བཀའ་ཤག་ངོས་ནས་དགོངས་པ་བཞེས་དང་བཞེས་མུས་ཡིན་ཀྱང་། ཁོ་ཚོར་ལག་ལེན་བསྟར་བ་ཡིན་ན་དབུས་རང་ཁུངས་ལས་བྱེད་ཚོ་དང་དཔལ་འབྱོར་གནས་སྟངས་སོགས་གཅིག་མཚུངས་ཆགས་ཀྱི་ཡོད་སྟབས། འཛིན་སྐྱོང་ངོས་ནས་ཁོ་ཚོར་ཐོབ་ཐང་གཅིག་མཚུངས་སྤྲོད་ཐུབ་རྒྱུར་དགོངས་པ་བཞེས་དང་བཞེས་མུས་ཡིན། ཞེས་གསུངས་སོང་།

 

 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

མཆན། 1

  1. གཞན་གཅེས། says:
    ལོ་ 10 སྔོན།

    རྩ་བའི་དགོངས་པ་ཞུ་དུ་དགོངས་ཤོག་ལ་རྒྱུ་མཚན་ཞིག་དགོས་དུ་ ནང་གི་དཀའ་ངལ་ ཞེས་བརྗོད་པ་ཙམ་ལས་དོན་དམ་པའི་ག་ཚོད་བདེན་པ་ཡིན་མིན་བརྗོད་ཚོད་དཀའ། ངོ་མ་ནང་གི་དཀའ་ངལ་ཞིག་ཡིན་ན་ལས་བྱེད་དུ་མ་བཞུགས་གོང་ནང་གི་དཀའ་ངལ་སེལ་ཆེད་དོན་མེད་ཀྱི་ས་མིག་བཀག་སྟེ་ལས་བཞུགས་གནང་སྟངས་ཅིའི་ཕྱིར། ཡིན་ན་ཡང་མི་སཽའི་སེམས་འཁྱེར་སྟངས་ཤིག་ཡིན་དུ་ཤོད་ཚོད་མ་ཐིག མ་ཚད་རང་གཞུང་སྒྲིག་འཛུགས་ངོས་ནས་ཀྱང་གང་ཟག་གི་བསམ་སྣོ་གཏོང་སྟངས་ཅི་འདྲ་ཞིག་ཡོད་མིན་གཟིགས་ཐབས་མེད་སྟབས་ཐུགས་ཁག་ཡོད་མ་རེད། མང་ཚོགས་ཀྱིས་བལྟ་སྟངས་དང་མཐོང་ཚུལ་ཅི་འདྲ་ཞིག་ཡོད་རེད་བས་ཞུས་ན། སྒྲིག་འཛུགས་ཀྱི་ལས་བྱེད་པའི་ཁོངས་སུ་བཞུགས་རྒྱུ་ནི་ཉམས་མྱོང་ཐོག་གོ་སྐབས་ཤིག་ལ་བསྙད་དེ་ཡོང་གི་མེད་དམ་བསམ་པའི་ཐེ་འཚོམ་དང་དེ་ལྟར་འགྲོ་ཡི་ཡོད་པ་ཞིག་འདུག རང་ཁོངས་ལས་བྱེད་པ་རྣམས་ལ་ཆགས་བཞག་ན་ཕྱི་ནང་གི་དཀའ་ངལ་ཡོད་དྲོ་མེད་པ་རྩ་བ་ནས་མ་རེད། ཡིན་ན་ཡང་སཽའི་གཞུང་དང་སྒྲིག་འདུགས་ཤིག་དང་ལྷག་པར་དུས་ཚོད་ཉ་ཁྲའི་སྐབས་འདིར་རང་དོན་རྒྱབ་ཏུ་བཞག་སྤྱི་དོན་ཁོ་ནར་སྙིང་བཅངས་ཀྱིས་མུ་མཐུད་བཞུགས་བསྡད་ཡོད། ད་ཁོངས་རྣམས་པ་ལ་གཞུང་ངམ་སྒྲིག་འཛུགས་ཀྱི་ལས་བྱེད་ཁོངས་སུ་སྒྲིག་ཐབས་མེད་པ་རྒྱུ་མཚན་གང་ལ་ཐུགས་ཡོད། ཁོང་རྣམ་པའི་ཉམས་མྱོང་དང་ཤེས་ཚད་འཇོན་སྟངས་སོགས་གང་ནས་ཐུ་ཤོར་ཡོད་པ་ཞིག་མ་མངོན། ཕྱི་གཞི་འགོ་བདེ་དོན་ལ་འོས་བཞིན་མཚམས་པར་ཅན་ཤ་ཏག་འདུག ལས་བྱེད་མང་པོ་ཞིག་ད་ཆ་ལས་དྲུང་རྒན་དྲུང་ལས་དོ་སོགས་ཀྱི་གནས་རིམ་ནང་ལོ་གྲངས་༡༠ ལས་མང་བ་ཅན་མང་ཐག་གཅོད་འདུག ད་ཁོང་རྣམ་པའི་འགྲོ་སྟངས་སྡོད་སྟངས་ཤིག་སྒྲིག་འདུགས་ནས་མ་གནང་ན་དངོས་ནས་བློ་ཕམ་པོ་ཞིག་དང་ལོ་རྒྱུས་དེབ་ཐེར་འཁོད་འོས་པ་ཞིག་ཆགས་ཀྱི་འདུག ཁོང་རྣམ་པའི་ཐོག་གྲོས་ཚོགས་ནང་གླེང་སློང་ཐེངས་ཤས་དངོས་གནས་སྤྱི་འཐུས་རྒྱུ་མངའ་ཤ་ཚ་ཅན་རེ་ཞིག་ལས་ཐ་གཅིག་ཏུ་འགུལ་ལྕོགས་ཐུབ་པས་རྒྱབ་སྐྱོར་ཐོབ་མེད། སྤྱི་འཐུས་དེ་དག་གི་ཁོངས་ནས་འདས་པོ་དམ་པ་མདོ་སྨད་སྤྱི་འཐསུ་རྒྱ་རོང་ཁོང་གཙོས་པའི་ད་ཡོད་ཐ་གཅིག་ཏུ་རྒྱབ་སྐྱོར་གནང་མཁན་རྣམས་ལ་ཐུགས་རྗེས་ཆེ་ཞུ་རྒྱུ་ཡིན་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese