མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟས་བཅད་གནང་སྟེ་ཉིན་ ༡༤ འགྲོ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་གར་གྱི་རྒྱལ་ས་ལྡི་ལིར བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་གསུམ་གྱིས་དུས་ཚོད་ངེས་མེད་ཀྱིས་ཟས་བཅད་ཞུ་འབུལ་གནང་སྟེ་ཉིན་གྲངས་ ༡༤ འགྲོ་བཞིན་འདུག

 

tyc345 འདི་ཟླའི་ཚེས་ ༡༠ ཉིན་ནས་བཟུང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་བའི་ཇན་ཋར་མན་ཋར་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་གསུམ་གྱིས་དམིགས་ཡུལ་ ༣ དང་དགོས་འདུན་དོན་ཚན་ ༥ ཡི་འོག དུས་ཚོད་ངེས་མེད་ཀྱི་ཟས་བཅད་ཞུ་འབུལ་གནང་སྟེ་ཉིན་གྲངས་ ༡༣ འགྲོ་བཞིན་ཡོད་པ་དང་། ད་ལྟའི་བར་ལྡི་ལིར་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཡན་ལག་ལས་ཁུངས་ཀྱི་གཙོས་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་ ༣༠ མ་ཟིན་ཙམ་ལ་བོད་དོན་ཞུ་གཏུག་གནང་ཡོད་འདུག

 

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ལྡི་ལིའི་མཐོ་སློབ་ཁག་ཏུ་འགྲོ་བཞིན་པའི་རོ་ཧི་ཎི་བོད་ཁྱིམ་སློབ་གྲྭའི་སློབ་མ་ ༧༠ ལྷག་གིས་ལས་འགུལ་བ་རྣམ་པའི་སྙིང་སྟོབས་དང་དགོས་འདུན་དོན་ཚན་ཁག་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར། ཇན་ཋར་མན་ཋར་དུ་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་ནང་མཉམ་ཞུགས་གནང་ཡོད་པ་དང་། དེ་བཞིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འཐུས་མི་དང་མི་སྒེར་སོགས་ནས་ལས་འགུལ་བ་རྣམ་པར་འཚམས་འདྲི་དང་ལས་འགུལ་ལ་ཆ་ཤས་ལེན་པ་སོགས་བྱས་ནས་རྒྱབ་སྐྱོར་བྱེད་བཞིན་ཡོད་འདུག

 

ཁ་སང་ཕྱི་དྲོའི་ཆུ་ཚོད་ ༥ སྟེང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཟས་བཅད་ཞི་རྒོལ་བ་རྣམ་པའི་སྐུ་གཟུགས་གནས་སྟངས་ག་འདྲ་ཡོད་དྲིས་པར་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས། ཁོང་རྣམ་པས་དེ་རིང་བར་ཉིན་ ༡༣ ལ་བཏུང་ཆུ་ཉུང་ཙམ་མ་གཏོགས་ཞལ་ལག་གང་ཡང་མཆོད་ཀྱི་མེད་སྟབས། གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཏེ་ལྗིད་ཚད་སྤྱི་རྒྱ་བཅུ་གཅིག་བཅུ་གཉིས་ལྷག་མར་ཆགས་ཡོད་སྟབས། ཧ་ཅང་སེམས་ཁུར་ཡོང་བ་ཞིག་རེད། ཡིན་ན་ཡང་སྨན་ཞབས་ཚོས་ཉིན་ལྟར་ཁོང་ཚོའི་སྐུ་གཟུགས་གནས་སྟངས་ལ་བརྟག་དཔྱད་དང་ཐབས་ཤེས་གང་ཡོད་འདོན་གྱི་ཡོད་པས། ད་ལྟའི་ཆར་ཛ་དྲག་གི་གནས་སྟངས་འདྲ་ཆགས་མི་འདུག ཅེས་བརྗོད་བྱུང་།

 

མཉམ་འབྲེལ་རྒྱལ་ཀྱིས་གཙོས་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཁག་ནས་ཞུ་འབུལ་ལས་འགུལ་ལ་རྣམ་འགྱུར་དང་བརྡ་ལན་ག་རེ་གནང་ཡོད་དྲིས་པར་ཁོང་གིས། ཉིན་དང་པོ་དེར་ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཚོགས་ཀྱི་ཚོགས་མི་ཚོར་ཞུ་སྙན་ཁག་ཅིག་ཕུལ་བ་མ་ཟད། རིམ་པས་གཞུང་ཚབ་ཁང་ ༣༠ མ་ཟིན་ཙམ་ལ་སྙན་ཞུ་ཕུལ་བ་ཡིན། ང་ཚོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ནང་བཅར་བའི་གོ་སྐབས་བྱུང་སོང་། ཁ་སང་ང་ཚོ་ཨ་རིའི་གཞུང་ཚབ་ཁང་ལ་བཅར་དུས། ཁོང་ཚོས་དོ་སྣང་དང་སེམས་ཁྲལ་ཆེན་པོ་གནང་གི་ཡོད་པ་ལྟར། ང་ཚོས་ཁོང་རྣམ་པར་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་གླེང་སློང་ཡོང་བའི་རེ་སྐུལ་ཤུགས་ཆེན་ཞུས་པ་ཡིན། དེ་བཞིན་ཡུ་རོབ་མཐུན་ཚོགས་ལ་དུས་ཚོད་བཟོས་ཏེ་ཁོང་ཚོའི་སར་བཅར་ནས་ང་ཚོའི་ལས་འགུལ་དང་བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་བྱ་བའི་གོ་སྐབས་བྱུང་སོང་ལ། ཁོང་ཚོས་བོད་དོན་ཐོག་དོ་སྣང་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་ང་ཚོར་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་ཅེས་དང་། ཟས་བཅད་ངོ་རྒོལ་གནང་མཁན་ཚོའི་གནས་སྟངས་ག་འདྲ་ཡོད་མེད་བཀའ་འདྲི་གནང་གི་འདུག ང་ཚོས་ཞུ་དགོས་པ་ཚང་མ་ཞུས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་སྟེང་བོད་དོན་དང་འབྲེལ་བའི་བཀའ་མོལ་གནང་རོགས་ཞུས་པ་ཡིན། འོན་ཀྱང་ད་ལྟའི་ཆར་ཁོང་ཚོས་གཞུང་འབྲེལ་གྱི་ཐོག་ནས་དམིགས་བསལ་བརྡ་ལན་གང་ཡང་གནང་མ་བྱུང་། ཡིན་ན་ཡང་ཨ་རིའི་གཙོས་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་གླེང་སློང་གནང་རྒྱུ་ཡིན་སྐོར་ཞལ་བཞེས་གནང་ཡོད་སྟབས།  ང་ཚོས་ལས་འགུལ་འདི་ལ་ནུས་པ་འཐོན་གྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ཅེས་དང་།

 

ཡང་གསར་འགོད་པས་ལས་འགལ་འདི་དང་འབྲེལ་བའི་ཐོག་ནས་ཞུ་འབུལ་ལས་འགུལ་གཞན་ག་རེ་གནང་འཆར་ཡོད་མེད་དྲིས་པར། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ལ་སྙན་ཞུ་ཕུལ་བ་དང་། དེ་བཞིན་གཞུང་ཚབ་ཁང་གཞན་ལའང་སྙན་ཞུ་འབུལ་བའི་ལས་འགུལ་དེ་འདྲ་སྤེལ་དགོས་ཆགས་ཡོད་པ་རེད། དཔེར་ན། སང་ཉིན་གནངས་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད་གནང་འཆར་ཡོད་པ་ལྟར། ས་གནས་གཞོན་ནུའི་ངོས་ནས་སྙན་ཞུ་འབུལ་བ་ལ་སོགས་པའི་ལས་འགུལ་དེ་འདྲ་སྤེལ་འཆར་ཡོད་པ་རེད་ལ། ཡུ་རོབ་རྒྱལ་ཁབ་ནང་ཡོད་པའི་ས་གནས་གཞོན་ནུ་ཇི་ནི་ཝར་བཅར་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་དུས་ཚོད་བཟོས་ཏེ་སྐུ་ཚབ་རྣམ་པར་ཞུ་སྙན་འབུལ་རྒྱུ། དེ་བཞིན་ང་ཚོའི་ངོས་ནས་དྲ་ཐོག་མཚན་རྟགས་བསྡུ་རུབ་ལ་སོགས་པའི་ལས་འགུལ་ཞིག་འགྲོ་བཞིན་ཡོད་ལ། རིམ་པས་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་ས་གནས་གཞོན་ནུ་ཚོགས་པའི་ངོས་ནས་ཀྱང་། གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། ཅེས་བརྗོད་སོང་།

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༥ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༦ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༦ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༦ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese