མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོལ་ཚོགས་ཕེབས་འཁོར་འགྲམ་ལ་བསླེབ་རྒྱུ་སྒུག་ཡོད་པས།

བོད་ཀྱི་དུས་བབ།
༢༠༡༥/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

 

                                                                                          སྐལ་བཟང་རྣམ་རྒྱལ།

         བྱང་ཨ་རིའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་ནས་འདི་ལོའི་ཕྱི་ཟླ་ ༧ ནང་༸གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་སྐབས་ལོ་སེ་ཨེན་ཇེ་ལེ་སེ་ཡ་ལ་ལྷག་པའི་དོན་གནས་དེའི་སྐོར་གྲོས་ཚོགས་ཚོགས་དུས་བཅུ་པའི་ནང་སྐར་རྟགས་ཅན་གྱི་དྲི་བ་ཞིག་བཀའ་ཤག་ལ་ཕུལ། འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་དུས་ཚོད་འདི་འདྲ་ཞིག་ལ་འོས་མི་ཚང་མས་སོ་སོ་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་ཡིན་མདོག་བྱེད་པའི་སྐབས་སུ་སོང་། ད་ལྟའི་དུས་སུ་བྱང་ཨ་རིའི་དོན་ལས་དང་འབྲེལ་བའི་འགལ་འཛོལ་ཐེངས་གཉིས་པ་ཞིག་གླེང་ཡོང་དུས་ངོས་ལེན་བྱེད་ཐབས་རྩ་བ་ནས་མེད་པ་རེད། བྱང་ཨ་རིའི་དོན་གཅོད་ལས་ཁུངས་ནི་ཕྱི་དྲིལ་ལས་ཁུངས་དང་ཕྱིའི་རྣམ་པ་ལས་འབྲེལ་བ་དེ་ཙམ་མེད་པར་ཐད་ཀར་དཔལ་ལྡན་སྲིད་སྐྱོང་མཆོག་གི་བཏང་འཛིན་འོག་ཡོད་པའི་ལས་ཁུངས་དམིགས་བསལ་ཅན་ཞིག་རེད། དོན་གཅོད་ཁང་དེ་གནས་སྟངས་དེ་འདྲ་ཞིག་གི་ངོ་བོར་འཕོས་མ་ཐག་ལབ་གླེང་མང་དག་ཅིག་རིམ་པས་སྤྱི་ཚོགས་ནང་ཁྱབ་ཡོད་པ་དཔེར་ན། དོན་ཁང་གི་མི་སྣ་མཇལ་ཕྲད་ཁང་གི་རྩིག་ངོས་སུ་དེ་སྔ་༸གོང་ས་མཆོག་གི་སྐུ་པར་ཡོད་པ་དེ་མར་ཕབ་ནས་སྲིད་སྐྱོང་མཆོག་གི་སྐུ་པར་བསྐྱལ་བ་དང་། དེ་སྔོན་སན་ཕ་རན་སི་སེ་ཁོ་ལ་དོལ་ཚོགས་དང་འབྲེལ་བའི་གནད་དོན་ལྷག་པ་སོགས་དེ་དང་འདྲ་བའི་གནད་དོན་རིམ་པས་མངོན་ཆེ་ཆུང་གི་ངོ་བོར་ཐོན་ཡོད་པ་རེད།

 

དོན་གཅོད་འདི་པར་དོལ་རྒྱལ་རྗེས་འབྲངས་པའི་ཐོག་གཟིགས་སྟངས་དམིགས་བསལ་བ་ཞིག་ཡོད་པ་དེ་ཨ་རིའི་ཁུལ་བཞུགས་མི་སྣ་ཆེ་ཆུང་མང་པོར་ཐུགས་སྣང་བྱུང་ཡོད། ཁོང་གིས་ལས་ཀྱི་སྣེ་མོར་གཏོགས་པ་གང་ཙམ་འདུས་པའི་སྐབས་འགའ་ཤས་ལ་ནང་མའི་གསུང་བཤད་གནང་བའི་སྒྲ་འཇུག་ཀྱང་ཡོད་པ་རེད། གཟིགས་ཕྱོགས་དེའི་ཐོག་ནས་དུས་རྒྱུན་༸གོང་ས་མཆོག་ཆིབས་བསྒྱུར་སྐབས་བཞུགས་གནས་མགྲོན་ཁང་དང་། ཕེབས་ལམ་གཡས་གཡོན་དུ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཚོགས་པ་གཞན་ཁག དང་བླང་མི་མང་རྣམས་འདུ་འཛོམས་མི་དགོས་པ་གཙོ་འདོན་གནང་གི་ཡོད་པ་དེ་ཡང་གནད་དོན་དེའི་གྲས་ཤིག་རེད། དོན་གཅོད་ཁང་དེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐད་ཀར་གཟིགས་སྐྱོང་གནང་གི་ཡོད་ན་གཟིགས་ཚུལ་དེ་དཔལ་ལྡན་སྲིད་སྐྱོང་མཆོག་གི་དགོངས་ཚུལ་ཡིན་མི་སྲིད་པ་མིན་པས་གོང་གསལ་གཟིགས་ཚུལ་དེ་སྐྱེ་བོ་སྒེར་གྱི་དགོངས་པ་ཡིན་པར་ཚོད་དཔག་བྱས་ཆོག ཉེ་ཆར་ལོ་སེ་ཨེན་ཇེ་ལེ་སེ་ཡར་ལྷག་པའི་༸རྒྱལ་བའི་སྐུ་ཕྱཱ་དང་འབྲེལ་བའི་དོན་གནད་དེའི་ཐད་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཨ་རིའི་ས་ཁང་སྒྲིག་གཞི་དང་འབྲེལ་བའི་ཐོག་ནས་འགྲེལ་བཤད་ཅིག་གནང་བ་དེས་ཁུངས་འཁྱོལ་བ་བྱས་སོང་། སྤྱི་འཐུས་འགའ་ཤས་ཤིག་ནས་གནད་དོན་དེ་གལ་ཆེན་པོར་གཟིགས་ནས་འཕྲོས་དོན་དྲི་བ་ཕུལ་སོང་ཡང་གནད་དོན་དེ་དབུ་ཡག་པོ་ཞིག་ཚོད་མཁན་ཕལ་ཆེར་མེད་པ་རེད་འདུག

 

གལ་ཆེའི་རང་བཞིན་ལྡན་པའི་གནད་དོན་གང་ཞིག་ཡིན་ནའང་འོས་བསྡུའི་ལས་རིམ་ཞིག་དང་འབྲེལ་བ་ཆགས་ཡོད་དུས་གྲོས་ཚོགས་ནང་དཔུང་ཞིག་བསྒྲིལ་རྒྱུ་ལས་གནད་དོན་དེའི་གལ་གནད་རང་བཞིན་ལ་དགོངས་པ་བཞེས་མཁན་གྱི་འཐུས་མི་ཧ་ཅང་དཀོན་པོ་ཡིན་པ་བཞིན། ཁ་སང་ཡང་དེ་རང་གི་ངོ་བོར་ལྷག་ནས་སྤྱི་འཐུས་མང་པོས་གནད་དོན་འདི་གླེང་མི་དགོས་པ་དང་ཞི་འཇམ་ཡོང་རྒྱུ་རྩ་དོན་དུ་བཟུང་ཡོད་པ་རེད། དཔལ་ལྡན་སྲིད་སྐྱོང་མཆོག་གི་ངོས་ནས་ཀྱང་གནད་དོན་འདི་༸རྒྱལ་བའི་སྐུ་ཕྱཱ་དང་འབྲེལ་བའི་འགལ་འཛོལ་གྱི་གནད་དོན་གལ་ཆེན་ཞིག་མིན་པ་ལྟ་བུར་མཐའ་གཅིག་ཏུ་ཁུངས་སྐྱེལ་གནང་རྒྱུར་འབད་བརྩོན་གནང་སྟེ་མཐར་ཨ་རིའི་ས་ཁང་སྒྲིག་གཞིའི་འགྲོ་སྟངས་དང་། དོལ་ཚོགས་ཕེབས་འཁོར་འགྲམ་དུ་བསླེབས་མེད་པ། དོན་གཅོད་ཕེབས་བསུ་གོ་སྒྲིག་དང་འབྲེལ་བ་མེད་པ། གཤམ་འོག་ལས་བྱེད་གཅིག་གཟིགས་སྐོར་ལ་བཏང་བ་དེ་ཡང་གང་མིན་ཚད་ཡིན་སྐོར་སོགས་བཤད་ནས་༸སྐུ་ཕྱཱ་དང་འབྲེལ་བའི་གནད་དོན་དེ་ངོས་བཞེས་མ་གནང་བ་རེད། ཕོ་རྒོད་ཀྱང་རྒྱབ་ལ་དཔུང་ཞིག་དགོས་ཟེར་བའི་དཔེ་ལྟར་བྱང་ཨ་རིའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ནས་རང་ཁུར་ཕྲག་ཏུ་བླངས་ཏེ་ཕུལ་བའི་སྐར་རྟགས་ཅན་གྱི་དྲི་བ་དེ་ཡང་རྒྱབ་དཔུང་མེད་པའི་ཐོག་ནས་གྲོས་ཚོགས་རྭ་བའི་ནང་ནུས་མེད་ཉམ་ཆུང་ལྟ་བུར་གྱུར་བ་རེད། ཉེ་ཆར་ཕྱི་ཟླ་ ༧ ནང་ཨ་རིར་ཆིབས་བསྒྱུར་སྐབས་ནེའུ་ཡོག་ཏུ་ཨ་རིའི་ཁུལ་གྱི་བོད་རིགས་སྤྱིའི་གྱ་སྟོན་བརྟན་བཞུགས་ཀྱི་མཛད་སྒོ་དེ་ཙམ་མ་གཏོགས་དེ་མིན་མཛད་རིམ་ཁག་གོ་སྒྲིག་ཐད་དགོངས་བབས་ལེགས་པོ་ཞིག་བྱུང་མེད་པ་འབྲེལ་ཡོད་མང་པོས་གསལ་པོ་མཁྱེན་གྱི་ཡོད་ཀྱང་དགོས་པའི་དབང་གིས་མི་མཁྱེན་པའི་ཚུལ་མཛད་པ་ཞིག་ཡིན་གྱི་རེད། ལོ་སེ་ཨེན་ཇེ་ལེ་སེ་ཡར་ཆིབས་བསྒྱུར་མཛད་སྒོ་གོ་སྒྲིག་ཞུ་མཁན་གྱི་འབྲེལ་ཡོད་ཚོགས་པའི་སྣེ་ཁྲིད་མི་སྣ་གཅིག་གི་རྣམ་འགྱུར་དེས་ད་རེས་བོད་རིགས་མང་པོ་བློ་ཕམ་སྐྱེ་གཞིར་གྱུར་ཡོད་པ་རེད། ལྷག་པར་༸གོང་ས་མཆོག་ལའང་དགོངས་བབས་བྱུང་མེད་པ་གསལ་པོ་རེད།

 

གཅིག་བྱས་ན་འབྲེལ་ཡོད་མི་སྣ་དེ་དུས་རྒྱུན་ནས་རང་ཤེས་ཆེ་ཙམ་ཡོད་མཁན་ཞིག་ཡིན་ཙང་ད་རེས་དོན་གཅོད་དང་བོད་རིགས་སྤྱི་མཐུན་ཚོགས་པར་བརྩི་འཇོག་མ་བྱས་པ་ཡིན་སྲིད། ཡིན་ནའང་དཔལ་ལྡན་སྲིད་སྐྱོང་མཆོག་ནས་དེ་འདྲའི་འགྲེལ་བཤད་གང་ཡང་གནང་མ་སོང་། སྐུ་ངོ་དོན་གཅོད་དང་འབྲེལ་བ་གང་འདྲ་ཡོད་མི་ཤེས་ཀྱང་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཐུགས་འདྲིས་ཡོད་པ་ཞིག་ཡིན་དུས་སྤྱི་སྤམ་དུ་བཞག་པའང་ཡིན་སྲིད། སྤྱིར་ད་བར་གྱི་དོན་གཅོད་ཁང་སོ་སོའི་ལས་དོན་གལ་ཆེ་ཤོས་ཤིག་ནི་༸གོང་ས་མཆོག་ཕྱོགས་ཕེབས་ཆིབས་བསྒྱུར་སྐབས་མཛད་རིམ་ཕེབས་བསྒྲིགས་ཞུ་རྒྱུ་དེ་ཡིན་ནའང་། ལོ་ཤས་ནས་ཨ་རིའི་དོན་ཁང་གིས་དེའི་ཐད་ལྷོད་གཡེང་གནང་གི་ཡོད་པའི་མཐོང་ཚུལ་ཞིག་ཡོང་གི་ཡོད་པ་རེད། དཔལ་ལྡན་སྲིད་སྐྱོང་མཆོག་གི་ཐད་ཀའི་བཏང་འཛིན་འོག་ཡོད་པའི་བྱང་ཨ་རིའི་དོན་གཅོད་ཁང་དེར་༸གོང་ས་མཆོག་གི་ཆིབས་བསྒྱུར་མཛད་འཆར་གོ་སྒྲིག་ཞུ་རྒྱུ་དེ་ལས་ལྷག་པའི་གཞུང་འབྲེལ་མཛད་བྲེལ་ཆེ་ཐག་ཆོད་ནས་༸གོང་ས་མཆོག་གི་ཆིབས་བསྒྱུར་གོ་སྒྲིག་ཞུ་ཐུབ་ཐབས་མེད་ཚེ་དེ་འབྲེལ་གནས་ཚུལ་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་སྙན་སེང་ཞུ་དགོས་པ་དང་། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཀྱང་དེ་ལུགས་དགོངས་པ་བཞེས་ཏེ་བྱང་ཨ་རིའི་ཁུལ་དུ་༸གོང་ས་མཆོག་གི་ཆིབས་བསྒྱུར་སྐབས་མཛད་རིམ་གོ་སྒྲིག་ཞུ་མཁན་གྱི་དམིགས་བསལ་ལས་ཁུངས་ཤིག་ཟུར་དུ་བཙུགས་དགོས་མིན་དགོངས་བཞེས་གནང་གི་རེད་སྙམ། དེ་མིན་མི་གཉིས་བར་ལ་རྫ་ཆག་ཟེར་བའི་དཔེ་ལྟར་༸གོང་ས་མཆོག་དགུང་ན་མཐོ་པོ་ཕེབས་ཡོད་པར་བརྟེན་ཉིན་ཞིག་ནོང་འགྱོད་སྐྱེ་གཞིའི་ཐབས་སྡུག་གི་གནས་ཚུལ་ཞིག་ལྷག་མི་སྲིད་པ་མིན་པས་དེའི་ཐད་འབྲེལ་ཡོད་ཚང་མས་དགོངས་པ་བཞེས་དགོས་རེད་སྙམ།།

 

འབྲེལ་ཡོད་གསར་འགྱུར།

རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

སྐར་མ ༣༤ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

སྐར་མ ༣༥ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

སྐར་མ ༥༥ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༢ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢༣ སྔོན་ལ།

མཆན། 3

  1. ཀུན་དགའ་རྒྱལ་པོ། says:
    ལོ་ 10 སྔོན།

    བོད་མི་ཚང་མའི་༧གོང་ས་མཆོག་གི་སྐུའི་སྲུང་ཕྱཱའི་སྐོར་ལ་གཟབས་གཟབས་བྱེད་རན་འདུག་པས། བོད་པ་བླ་མ་ལ་དད་པ་དང་ཡུད་ཆེ། གུས་ཞབས་ཡོད་མཁན་ཚོའི་ངེས་པར་དུ་འགན་ལེན་དགོས།

    Reply
  2. གོང་དཀར་ངག་རྣམ། says:
    ལོ་ 10 སྔོན།

    རྩོམ་ཡིག་འདིར་བསྔགས་བརྗོད་ཡོད།

    Reply
  3. འཇིགས་མེད་སེངྒེ། says:
    ལོ་ 10 སྔོན།

    ༸གོང་ས་མཆོག་གི་སྐུ་ཕྱཱ་ལས་དོན་གཅོད་ཀྱི་མིང་སྲུང་སྐྱོབ་བྱེད་ཡས་དེ་གལ་ཆེ་བ་བརྩི་གི་འདུག དེ་འདྲ་བྱས་ན་ལས་འབྲས་ལ་འགྲོ་གི་མ་རེད་ད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese