མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་གྱིས་རྒྱལ་འབྲེལ་བསྐྱར་གསོ་ཅི་ལྟར་བྱ།

བོད་ཀྱི་དུས་བབ།
༢༠༡༥/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

 

རྩོམ་མཁན་ཧ་མོན་ཌི། (Hammond) པདྨ་རྒྱལ་གྱིས་བསྒྱུར།

སའེ་ཊལ་གྲོང་ཁྱེར་ནང་ཚོང་འབྲེལ་སྐོར་སྐྱོད་བྱས་རྗེས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཨ་རིའི་ཕོ་བྲང་དཀར་པོའི་ནང་རྒྱལ་འབྲེལ་གཟིགས་སྐོར་དུ་ཕྱིན་པ་དང་། དེ་ནས་ནེའུ་ཡོག་གྲོང་ཁྱེར་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཆེས་ཐོག་མའི་གཏམ་བཤད་སྤེལ་འཆར་ཡོད་འདུག

 

རྒྱལ་སྤྱིའི་གཞུང་མང་གཉིས་ནས་ཞི་ཅིན་ཕིན་ཨ་རིའི་ནང་སྐོར་སྐྱོད་ (རྒྱ་ནག་གི་དཔོན་རབས་གཅིག་གི་ལོ་རྒྱུས་ཀྱི་ལེ་ཚན་གལ་ཆེན་ཞིག་ཏུ་གྱུར་ཡོད) བྱེད་བཞིན་པར་དོ་སྣང་ཤུགས་ཆེན་གནང་གི་ཡོད་ཅིང་། དེ་ཡང་ཕྱོགས་གཅིག་ནས་རྒྱ་ནག་གི་དཔལ་འབྱོར་གནས་བབ་ལས་བྱུང་བའི་སེམས་ཁྲལ་འབའ་ཞིག་ཡིན་པ་རེད།

 

གང་ལྟར་རྒྱལ་སྤྱིའི་སྟེང་གི་མིག་ཟུང་ཡོད་ཚད་ཞི་ཅིན་ཕིན་གྱི་སྐོར་སྐྱོད་ལ་ཕྱོགས་པའི་རྒྱུ་མཚན་མང་པོ་ཞིག་རྒྱ་ནག་གི་དཔལ་འབྱོར་གནས་བབ་ལས་ཡོངས་སུ་བརྒལ་ཏེ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་བཙུགས་པའི་ཚུན་གྱི་མི་ལོ་ ༦༦ རིང་ལ། རྒྱ་ནག་གི་དམག་དོན་དང་དཔལ་འབྱོར་རྒྱལ་སྤྱིའི་སྟེང་ཆེས་འབུར་དུ་འཐོན་གྱི་ཡོད་པ་ལྟར། སྐུ་ཞབས་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་སྟོབས་འབྱོར་ལོངས་སུ་སྤྱོད་བཞིན། རང་ཉིད་རྒྱལ་སྤྱིའི་སྲིད་སྟེགས་སྟེང་གི་གནད་ཡོད་མི་སྣ་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད།

 

ཡིན་ནའང་། ཕྱོགས་གཉིས་ཐུན་མོང་གི་འབྲེལ་ལམ་ཐད་ལ་ཛ་དྲག་གི་རྩོད་གླེང་བྱུང་བ་དང་དུས་མཚུངས་སུ། རྒྱལ་སྤྱིའི་མཐོ་རིམ་དཔོན་རིགས་ཚོའི་ཚོགས་ཆེན་སྟེང་དུ་ནམ་ཞར་དཔལ་འབྱོར་དང་རྒྱལ་སྲུང་གི་གྲོས་འཆར་རྫོགས་མཐའ་མེད་པ་ཞིག་གནང་གི་ཡོད་ལ། གྲོས་གཞི་གཙོ་བོ་དེ་ཉེ་ལམ་ནས་པེ་ཅིན་གཞུང་གིས་ཁེ་ལས་གཉེར་སྟངས་ཤིག་སྟེ། རྒྱ་ནག་གི་དཔལ་འབྱོར་འཚོལ་སྒྲུབ་དང་འབྲེལ་བའི་རྒྱ་སྒོར་གྱི་འཛའ་ཐང་བཅག་པ་དང་། ལྷོ་ཤར་ཨེ་ཤ་ཡའི་ཚོང་དོན་ཟླ་སྦྲེལ་བཏང་བ། དེ་བཞིན་ཨེ་ཤ་ཡའི་གླིང་ཕྲན་རྒྱལ་ཁབ་ཁག་གི་བདེ་འཇགས་དང་རྒྱ་ནག་ལྷོ་རྒྱུད་ཀྱི་མཚོ་གླིང་འཛུགས་སྐྲུན། ཡང་སྒོས་ཨ་རིའི་ཚོང་དོན་དྲ་ལམ་ཁག་ཏུ་སིམ་འཛུལ་ཐེབས་པའི་གནད་དོན་སོགས་ཡིན་པ་རེད།

 

མ་དངུལ་འཛུགས་སྐྲུན་དོ་མཉམ་མིན་པའི་རྐྱེན་གྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་གཡོལ་ཐབས་མེད་པ་ཞིག་ཐེབས་ཀྱི་ཡོད་ཅིང་། འདི་ལོའི་དབྱར་ཁར་རྒྱ་ནག་གི་དཔལ་འབྱོར་འདུ་འགོད་ཐད་ནས་མ་རྐང་ཁྲོམ་རར་ཉམ་ཉེས་བྱུང་བ་དང་། དེ་ནི་དུས་རབས་ཤིག་གི་བཞི་ཆའི་གཅིག་ལྷག་རིང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲོས་ཤིན་ཏུ་དལ་བའི་སྟབས་ཀྱིས་ཡིན་ངེས།

 

དེར་མ་ཟད་ཞི་ཅིན་ཕིན་གྱིས་རེབ་འདིའི་རྒྱལ་འབྲེལ་སྐོར་སྐྱོད་ཀྱི་གོ་སྐབས་དང་བསྟུན་ནས། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་བྱ་རྒྱུ་དམིགས་འབེན་དུ་བཟུང་སྟེ། རྒྱ་ནག་གི་དཔལ་འབྱོར་སྟོགས་ཤུགས་ཁ་རུ་ཁྱེར་ནས་འཛམ་གླིང་ལ་གོ་སྐོན་བློ་འགུག་བྱེད་ཀྱི་ཡོད་ཅིང་། འདས་པའི་སྐབས་ཀྱི་འཁྲུག་ཟིང་གི་མྱོང་བ་ཡོད་ཚད་རྒྱབ་ཏུ་དོར་ནས་ཞི་ཅིན་ཕིན་གྱིས། ཨ་རྒྱ་གཉིས་ཀྱིས་དམག་དོན་ཐད་ཀྱི་རྩིས་ནོར་དང་། དམིགས་སུ་དབང་སྒྱུར་སྲིད་ཇུས་ཀྱི་ཁྱད་པར་སོགས་བསྐྱུར་ནས་ཕྱོགས་གཉིས་ཐུན་མོང་གི་ཁེ་ཕན་སྒྲུབ་འོས། ཞེས་ནན་དུ་བརྗོད་ཀྱི་ཡོད།

 

འདི་ནི་ད་དུང་ཨ་རྒྱ་གཉིས་ཀྱི་སུ་ལའང་མ་ཐོབ་པའི་དམིགས་འདུན་ཆེས་འཇུགས་སུ་རུང་ཞིག་ཡིན་ཞིང་། ད་ལྟའི་ཆར་ད་དུང་དམིགས་འདུན་འདིའི་རྒྱབ་ལོགས་ཀྱི་འུད་ཤོབ་ཡོད་ཚད་མངོན་གསལ་དུ་འགྱུར་ཐུབ་ཡོད་པ་མ་རེད། ཡིན་ན་ཡང་མངོན་དུ་འགྱུར་བཞིན་པ་ཞིག་ནི། ཞི་ཅིན་ཕིན་གྱིས་ད་ལྟ་གཞི་ནས་འཕེལ་བཞིན་པའི་རྒྱ་ནག་གི་སྟོབས་འབྱོར་ལ་རྒྱལ་སྤྱིའི་སྟེང་གོ་རྟོགས་ལྡན་པའི་རྒྱབ་དཔུང་ཞིག་དང་རྒྱ་ནག་སྤྱི་མང་གི་བརྩི་མཐོང་ཞིག་ཅི་ནས་ཀྱང་དགོས་ཀྱི་ཡོད་པ་གསལ་བོར་རྟོགས་འདུག

 

རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲོས་ཤིན་ཏུ་དལ་ནའང་། དཔལ་འབྱོར་དང་དམག་དོན་གྱི་ཐད་ནས་པེ་ཅིན་གཞུང་མུ་མཐུད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྔོན་དུ་བསྐྱོད་པའི་མཇུག་འབྲས་སུ། རྒྱ་ནག་གཞུང་ལ་རྒྱ་མཚོ་འཕྱུར་བ་ལྟ་བའི་ངེས་ཤེས་ཟབ་མོ་ཞིག་འདྲོངས་སུ་བཅུག་ཡོད་ལ། ཁྱད་པར་དུ་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་རྒྱལ་སྤྱིའི་མ་དངུལ་བསྡུ་འབབ་ལ་ཉམ་ཉེས་ཆེན་པོ་བྱུང་བ་དང་། རྒྱལ་སྤྱིའི་སྤྱི་མང་དང་ཆབ་སྲིད་ཤོག་ཁག་གཉིས་ཀྱིས་དཀྱིལ་ཡངས་ཆེན་པོའི་སྒོ་ནས་པེ་ཅིན་གཞུང་གི་སྟོབས་འབྱོར་ལ་ཡིད་ཆེས་བཅངས་ཡོད་ཀྱང་། རྒྱུ་རྐྱེན་འགའ་ཞིག་གི་དབང་གིས་འཛམ་གླིང་ལ་ཁ་ལོ་སྒྱུར་མཁན་ད་དུང་ཡང་ཝ་ཤིན་ཊོན་སྲིད་གཞུང་ཆགས་ཡོད་པ་རེད།

 

པེ་ཅིན་གཞུང་གིས་ནམ་ཞར་ཕྱི་གླིང་བས་རྒྱ་ནག་གི་སྟོབས་འབྱོར་ལ་རྗེས་སུ་ཡི་རངས་གནང་བར་དགའ་བསུ་བྱེད་ཀྱི་ཡོད་ཅིང་། ཁ་ཕྱོགས་འདི་ནི་བཟང་ཕྱོགས་ཀྱི་རྣམ་འགྱུར་ཞིག་ཡིན་མི་སྲིད་དེ། རྒྱ་ནག་གི་དམག་དོན་དང་དཔལ་འབྱོར་འཕེལ་རྒྱས་ཀྱིས་ཨ་རི་ཐེ་བའི་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་ཁག་ལ་དངངས་འཚབ་ཆེན་པོ་བསླངས་ཡོད།

 

སྤྱིར་བཏང་ཨ་རིའི་གཙོས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་དཔལ་འབྱོར་གོང་སྤེལ་གྱི་ལས་འཆར་ལ་དགའ་མགུ་ཡི་རངས་ཐོབ་ཅིང་། རྒྱུ་མཚན་དེ་ལ་བརྟེན་ནས་ཞི་ཅིན་ཕིན་གྲོང་ཁྱེར་སའེ་ཊལ་དང་ཝ་ཤིན་ཊོན་གཉིས་ནང་སྐོར་སྐྱོད་བྱེད་སྐབས། རྒྱལ་སྤྱིའི་དཔལ་འབྱོར་ཆེད་མཁས་པ་མང་པོས་རྒྱ་ནག་ལ་ཨ་རི་ལས་ལྷག་པའི་བཟང་ཕྱོགས་ཀྱི་རྣམ་འགྱུར་བསྟན་པ་རེད། ཡིན་ན་ཡང་རྒྱ་ནག་གི་དམག་དཔུང་རྒྱ་བསྐྱེད་པའི་བརྗིད་ཉམས་མཐོང་བ་དང་། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ལ་དགའ་མགུ་དེ་ཙམ་མེད་པའི་མཐོང་སྣང་ཞིག་རང་ཤུགས་སུ་མངོན་ཡོང་གི་ཡོད།

 

པེ་ཅིན་གཞུང་གིས་ཁེ་ལས་སྒྲུབ་སྟངས་ལ་བརྟེན་ནས་ནུབ་གླིང་གི་རྒྱལ་ཁབ་ཁག་ལ་ལྡོག་ཕྱོགས་ཀྱི་སེམས་འཚབ་སློང་གི་ཡོད་ལ། ལྡོག་ཕྱོགས་ཀྱི་སེམས་འཚབ་འདི་ཡང་རྒྱ་ནག་གི་དམག་དོན་དང་དཔལ་འབྱོར་གྱི་ཤན་ཤུགས་ལས་བྱུང་བའི་རྒྱལ་ཁབ་བདེ་འཇགས་ཀྱི་འཇིག་ཉེན་ཞིག་ཡིན་པ་རེད།

 

ཉེ་བའི་ལོ་ངོ་འདི་དག་རིང་པེ་ཅིན་གཞུང་གིས་བཙན་ཤེད་ཀྱིས་ཕྱིའི་རྒྱལ་ཁབ་ཁག་ནང་ཨ་སྒོར་ཐེར་འབུམ་མང་པོའི་མ་དངུལ་བཙུགས་ཏེ་ལམ་ལྷོང་ཆེན་པོ་བྱུང་ཡོད་པ་མངོན་གསལ་རེད། དེར་མ་ཟད་ཕྱི་ལོ་ ༢༠༠༨ ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་གོ་སྐབས་དང་བརྟེན་ནས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་སྣང་བརྙན་འུད་ཀྱིས་བསྒྲགས་ཡོད། འོན་ཀྱང་རྒྱ་ནག་རྒྱལ་ཁབ་རང་གི་དམག་དོན་དང་དཔལ་འབྱོར་གྱི་སྟོབས་ཤུགས་ཇི་བཞིན་འཕེལ་རྒྱས་སུ་འགྲོ་ཐུབ་ཡོད་པ་མ་རེད།

 

གལ་ཏེ་རྒྱ་ནག་གིས་རང་གི་སྣང་བརྙན་ངོ་མ་བསྒྱུར་བཅོས་གཏང་ཚེ། རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་གི་བརྩི་མཐོང་འཐོབ་བྱེད་ཀྱི་རྩོད་རྙོག་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་ཤིང་། གཅིག་བྱས་ན་རྩོད་རྙོག་གི་དཀའ་ཁག་ཆེ་ཤོས་དེ་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཀྱི་བསམ་པའི་དཔལ་ཡོན། དེ་བཞིན་དམར་ཤོག་སྲིད་གཞུང་གི་བྱ་སྤྱོད་ཁག་ཅིག་བཅས་ཀྱི་བར་ཁྱད་ཆེན་པོ་དེ་ཡིན་ངེས།

 

དེ་འདྲ་ཡིན་སྟབས། རྒྱ་ནག་གི་རིག་གནས་དང་ཡུལ་སྲོལ་ལ་བརྟེན་ནས་ད་གཟོད་ཕྱི་ལོ་ ༢༠༠༨ ལོའི་ཨོ་རྩོལ་འགྲན་ཚོགས་ལ་ལམ་ལྷོང་ཆེན་པོ་བྱུང་བ་རེད། གང་ལྟར་པེ་ཅིན་གཞུང་གིས་བོད་ནང་དམ་དྲག་གི་སྲིད་ཇུས་ལག་བསྟར་བྱས་རྗེས། རྒྱ་ནག་གི་དམག་དོན་དང་དཔལ་འབྱོར་གྱི་ཁེ་ཕན་མང་པོ་ཞིག་ལ་ཉམ་ཉེས་ཐེབས་ཀྱི་ཡོད། ཕྱི་གླིང་བའི་ཡིད་སེམས་འགུག་བྱེད་ཀྱི་ཕྱི་འབྲེལ་སྲིད་ཇུས་ལ་བརྟེན་ནས་རྒྱ་ནག་གི་སྣང་བརྙན་རྫུས་མར་ཡང་ཁེ་ཕན་འཐོབ་ངེས་ཡིན་ཞིང་། ཁེ་ཕན་དེ་ཡང་རྒྱ་ནག་གིས་རང་གི་མཁའ་འགྲུལ་གྱི་ནུས་སྟོབས་རྒྱལ་སྤྱིའི་མཉམ་འབྲེལ་ལས་འཆར་ནང་ཚུད་ཐབས་སུ་བེད་སྤྱོད་གཏང་སྲིད་པ་རེད།

 

དེང་སྐབས་ཞི་ཅིན་ཕིན་གྱི་རྩོད་ལེན་གཞི་རྒྱ་ཆེན་པོ་རེད། ཁོས་རྒྱལ་ཁབ་གཅིག་གི་ནང་སྐོར་སྐྱོད་བྱས་ཏེ་རྒྱལ་ཁབ་དེའི་རྒྱལ་མང་གཉིས་རང་གི་དབང་ཤུགས་འོག་ཏུ་འཇུག་རྒྱུ་ཙམ་མ་ཟད། ཁོས་ཨ་རིའི་རྒྱལ་ནང་དུ་རྒྱ་ནག་གི་མཚན་སྙན་འུད་ཀྱིས་སྒྲོག་བཞིན་པ་དེ་ནི་དུས་ཡུན་རིང་པོའི་ལས་འགན་ཞིག་སྟེ། རྒྱ་ནག་གིས་ཕྱི་འབྲེལ་བསྐྱར་གསོ་བྱས་ཏེ་མུ་མཐུད་ཁེ་ལས་ཀྱི་མ་དངུལ་འཛུགས་པའི་ལས་དོན་རྒྱུན་སྐྱོང་བྱེད་པ་དང་། ལྷག་པར་དུ་འབྱུང་འགྱུར་རྒྱལ་ནང་གི་དབང་བསྒྱུར་སྲིད་ཇུས་ལ་འཕོ་འགྱུར་གཏང་འདོད་ཡོད་པ་རེད།

 

མ་རྩོམ་འབྲེལ་ཐག  http://www.japantoday.com/category/opinions/view/how-xi-jinping-can-rebrand-china-for-the-west/comments/asc/id/5857981

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༦ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 1

  1. བརྩོན་རྒྱམ། says:
    ལོ་ 11 སྔོན།

    གང་ལྟར་རྒྱ་ནག་གིས་མགོ་གཙོ་ཤེས་ཕུན་ལ་བསམ་བློ་དང་རྣམ་དཔྱོད་ཡོད་ན་༸གོང་ས་མཆོག་དང་བོད་རྒྱའི་བར་འབྲེལ་ལམ་འཛུགས་དགོས་པ་ཞིག་རེད་འདོད་བཞིན་ཡོད་གང་ཡིན་ཟེར་ན། གང་ཡིན་ཞེ་ན་ད་བར་བོད་རྒྱའི་བར་འགལ་བ་དེ་འཛམ་གླིང་གིས་དོད་སྣང་བྱེད་ས་ཞིག་ཆགས་པ་ཡིན་དུས་ངེས་པར་ངེས་པར་༸གོང་ས་མཆོག་དང་དེའི་སྐུ་ཚབ་བར་སྐད་ཆ་བཤད་པ་ཡིན་ན་རང་བཞིན་གྱིས་གླེང་རྙོག་མང་པོ་ཞིག་རང་བཞིན་གྱིས་ཞི་འཇམ་ལ་འགྲོ་བ་དང་དོན་ངོས་ཐོག་རྒྱ་བོད་བར་མཐུན་ལམ་བྱུང་ན་བོད་ལ་ཁེ་ཕན་ཡོད་ལ་རྒྱ་དེ་བས་ཁེ་ཕན་ཡོད་པ་ཞིག་ལ་དངོས་འཛིན་བྱེད་ཀྱི་ཡོད།  གང་ཡིན་ཟེར་ན་ད་བར་བོད་ནང་རང་བཞིན་དམ་དྲག་བྱེད་དགོས་པ་དམག་མི་ཁྲི་ཕྲག་མང་པོ་གང་སར་བཀྲམ་འཇོག་དགོས་པ་སོགས་བོད་ནང་བསྟན་ལྷང་ཐད་འགྲོ་གྲོན་ཆེན་པོ་ཡིན་པ་མིག་མཐོང་ལག་ཟིན་རེད་སོང་ཙམ་བོད་ལ་མིང་དོན་མཚུངས་བའི་རང་དབང་ཞིག་སྤྲད་པ་ཡིན་ན་གཞན་བོད་ཐོག་ཡོད་པའི་ཁེ་ཕོགས་ཚང་མ་རྒྱའི་ལག་ཏུ་འགྲོ་གི་ཡོད་དུས་ངེས་པར་ཤེས་རང་ཉིད་ཀྱིས་བསམ་བློ་གཏོང་དགོས་པ་ཞིག་རེད་དྲན་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese