མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧི་མ་ལ་ཡའི་མཛངས་མ་འགྲན་སྡུར་བྱ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༥/༡༠/༠༢
Share on FacebookShare on TwitterShare on EmailShare on Whatsapp

སྐབས་གསུམ་པའི་ཧི་མ་ལ་ཡའི་མཛངས་མའི་འགྲན་སྡུར་ནང་འགྲན་ཞུགས་གཞོན་ནུ་མ་དྲུག་འདུག

 

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ལ། དྷ་ས་བྷོག་སུ་མགྲོན་ཁང་གི་ལྡུམ་རའི་ནང་དུ། བོད་ཀྱི་མཛངས་མ་འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས། སྐབས་གསུམ་པའི་ཧི་མ་ལ་ཡའི་མཛངས་མ་འགྲན་སྡུར་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་སོང་།

 

_DSC0288འདི་ལོའི་ཧི་མ་ལ་ཡའི་མཛངས་མ་འགྲན་སྡུར་ནང་ཧི་མ་ཅལ་མངའ་སྡེ་ནས་ཡིན་པ་བོད་རིགས་བུ་མོ་བསྟན་འཛིན་སངས་ཉིད་(Tenzin Sangnyi)དང་། རྒྱ་གར་བུ་མོ་ (Priyanke Verma)།(Samrity Verma)། (Swattee Thakur)་བཅས་དང་། ཨར་ནཱ་ཅལ་པར་དྷི་ཤི་ནས་ཡིན་པ་བུ་མོ་ (Chum Darang) དང་། ཨུ་ཊར་ཁན་ནས་ཡིན་པ་བུ་མོ་ (Tanshuman Gurung)བཅས་འགྲན་ཞུགས་གཞོན་ནུ་མ་དྲུག་འདུག

 

ཐེངས་འདིའི་འགྲན་སྡུར་ཁྲོད་འགྲན་སྡུར་རིམ་པ་ལྔ་ཡོད་པ་ལས་དང་པོ་ཧི་མ་ལ་ཡ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་དང་ཡུལ་སྐོར་སྤྲོ་འཆམ་གཏོང་འཕེལ་ཐབས་སོགས་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་དང་། གཉིས་པ་འགྲན་ཞུགས་པ་སོ་སོས་སྒྱུ་རྩལ་འཁྲབ་སྟོན་བྱ་རྒྱུ་དང་། རྟིང་རྩོད་འགྲན་སྡུར་ཉིན་བོད་ཀྱི་ཟློས་གར་ཁང་དུ་ལྟད་མོ་བ་རྣམས་ལ་རང་ཉིད་ངོ་སྤྲོད་དང་སོ་སོའི་ཐུན་མིན་ཆས་གོས་འགྲེམ་སྟོན། གཟུ་དཔང་པའི་དྲི་བར་ལན་འདེབས་བྱ་རྒྱུ་བཅས་བརྒྱུད། ཨང་དང་པོ་ཐོབ་མཁན་ལ་ཧིན་སྒོར་འབུམ་གཅིག་དང་། ཨང་གཉིས་པར་ཧིན་སྒོར་ཁྲི་ལྔ། ཨང་གསུམ་པར་ཧིན་སྒོར་ ༢༥༠༠༠ བཅས་ཀྱི་བྱ་དགའ་སྤྲོད་རྒྱུ་ཡིན་འདུག

 

འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་གསར་འགོད་པར། འགྲན་སྡུར་འདིར་བྱ་དགའ་དང་དེ་བཞིན་འགྲོ་སོང་མང་པོ་ཡོད་པས་འགྲོ་སོང་ཐོག་འཆར་ཅན་ལྟར་དཀའ་ངལ་ཡོད་ནའང་། ད་ལྟའི་བར་མཐུན་རྐྱེན་སྦྱོར་མཁན་དེ་འདྲ་སུ་གང་ཕེབས་མ་སོང་།  དུས་རྒྱུན་རིག་གཞུང་གོང་འཕེལ་དང་མི་རིགས་འཆམ་མཐུན། དེ་བཞིན་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་དགོས་པ་རེད་ཟེར་བ་དེས་སྡིངས་ཆ་འདི་འདྲའི་ཐོག་ལ་དོ་སྣང་མ་གནང་ན། ཚིག་སྟོང་པ་འདྲ་བོ་ཞིག་ཆགས་འགྲོ་ཡི་རེད་བསམ་གྱི་འདུག ང་ཚོའི་ངོས་ནས་རེ་བ་ག་རེ་རྒྱག་གི་ཡོད་ཟེར་ན། ཨང་དང་པོ་དང་གཉིས་པ། གསུམ་པ་འདྲ་བོའི་བྱ་དགའི་གསོལ་རས་གནང་བ་ཡིན་ན། ངའི་དངུལ་ཁུག་ནང་དུ་འགྲོ་གི་མ་རེད། དངུལ་ཚང་མ་བུད་མེད་ཁོ་རང་ཚོར་ཁ་ཐུག་ཏུ་འགྲོ་ཡི་ཡོད་པས། དགོངས་པ་བཞེས་རྒྱུ་ཞིག་མེད་འགྲོ་བསམ་གྱི་འདུག ཅེས་དང་། ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་རིག་གཞུང་གོང་འཕེལ་དང་མི་རིགས་འཆམ་མཐུན་སོགས་ཀྱི་ཐོག་ལ་ཅིག་བྱེད་དགོས་ཟེར་བ་ཙམ་མ་གཏོགས་ཁ་ཡོད་ལག་ཡོད་ཀྱི་ལས་གཞི་གང་ཡང་མཐོང་རྒྱུ་མེད་པས་དེ་ཚོའི་ཐོག་ནུས་པ་ཐོན་པའི་རེ་བ་དང་། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་འགྲོ་བཞིན་ཡོད་པ་གླེང་སློང་དང་ཁྱབ་བསྒྲགས་བྱེད་པའི་ཆེད་དུ་འགྲན་སྡུར་འདི་གོ་སྒྲིག་བྱེད་བཞིན་ཡོད་སྐོར་སོགས་བརྗོད་སོང་།

 

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ཛ་དྲ་ག་གནས་སྟངས་ཐོག་གསར་འགོད་གསལ་བསྒྲགས་སྤེལ། ༢༠༢༥།༡༢།༡༦ དུས་བབ་ཀྱི་པར།
གསར་འགྱུར།

རྒྱ་ནག་གཞུང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་དང་སྒྲིག་གཞི་ཡོད་ཚེ་དོན་དང་མཐུན་པའི་ཐོག་ནས་ལག་བསྟར་བྱ་དགོས་པའི་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པ་ནས་མི་མང་ལ་མཇལ་ཁ་བསྩལ། ༢༠༢༥།༡༢།༡༦ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

རྒྱ་གར་ལྷོ་ཕྱོགས་ནས་མཇལ་ཁ་དབུ་འཛུགས་མཛད།

ཆུ་ཚོད་ ༡༢ སྔོན་ལ།
འཇིའུ་འོད་སྣང་དུས་ཆེན་ཉིན་ཨོ་གླིང་གི་སི་ཌི་ནི་གྲོང་ཁྱེར་གྱི་བྷོན་ཌི་མཚོ་ཁ་རུ་ཕ་བུ་གཉིས་ཀྱིས་མེ་མདའ་གང་བྱུང་འཕངས་ཏེ་མི་གྲངས་ ༡༥ བསད་པ་དང་མི་གྲངས་ ༤༠ ཙམ་ལ་རྨས་སྐྱོན་བཟོས། དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

བྷོན་ཌི་མཚོ་ཁ་རུ་མི་གསོད་དོན་རྐྱེན་བྱུང་བར་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༥/༡༢/༡༥
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་བློ་གྲོས་དཔལ་ལྡན་ལགས་གཉིས་ཀྱིས་རྒྱ་གར་གྱི་མངའ་སྡེ་ ༢༡ དང་རང་སྐྱོང་ས་ཁུལ་ ༢ ནང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་དྲིལ་བསྒྲགས་བྱེད་བཞིན་འདུག  པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱ་གར་གྱི་མངའ་སྡེ་ ༢༡ ནང་བོད་དོན་སྐོར་སྐྱོད་བྱེད་བཞིན་འདུག

༢༠༢༥/༡༢/༡༥
Mobile App

བོད་རྫ་ཆུ་ཁར་གཏེར་ཁ་སྔོག་འདོན་དང་འབྲེལ་ནས་མི་ ༨༠ ཡས་མས་འཛིན་བཟུང་བྱས་འདུག

༢༠༢༥/༡༢/༡༥
ཀུན་གསལ་ལྷ་མོ་ལགས་ཀྱིས་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།
Mobile App

ཤེས་ཡོན་སྲིད་བྱུས་ཀྱི་གྲིབ་གཟུགས་འོག་འཚར་བའི་ཀུན་གསལ་ལྷ་མོ།

༢༠༢༥/༡༢/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese