མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞབས་ཞུ་དང་ཞབས་འདྲེན་གང་ཡིན་ཧ་མི་གོ་བའི་ཚད་དུ་སླེབ་འདུག

བོད་ཀྱི་དུས་བབ།
༢༠༡༥/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

 

བཙུན་མའི་འཇང་དགུན་ཆོས་ཐེངས་ ༢༡ པ་དབུ་འཛུགས་ཐོག་ད་ལྟའི་བར་བཙུན་མ་གཅིག་གིས་ཀྱང་ཆོས་ཚོགས་འཛུགས་ཐུབ་མེད་པས་མ་འོངས་པར་དགེ་བཤེས་མ་ཚོས་ནང་ཆོས་འཆད་ཉན་གྱི་ཁོར་ཡུག་གང་ལེགས་བསྐྲུན་པར་ཤུགས་རྒྱག་དགོས་སྐོར་གསུངས་སོང་།

 

 

DSC_7216དེ་རིང་ཕྱི་དྲོའི་ཆུ་ཚོད་ ༢།༣༠ སྟེང་དྷ་སར་ཡོད་པའི་བཙུན་དགོན་དགེ་ལྡན་ཆོས་གླིང་དུ། བཙུན་མའི་ལས་འཆར་ཁང་དང་ཆོས་རིག་ལས་ཁུངས་གཉིས་ཐུན་མོང་གི་གོ་སྒྲིག་འོག བཙུན་མའི་འཇང་དགུན་ཆོས་ཐེངས་ ༢༡ པ་དབུ་འཛུགས་གནང་སོང་བ་དང་། སྐུ་མགྲོན་གཙོ་བོར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གཉིས་ཀྱི་དབུས་འབྲེལ་ཡོད་དགོན་སྡེ་ཁག་གི་དགེ་བསྐོས་རྣམ་པ། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་བཅས་ཕེབས་འདུག་པ་དང་། ཐེངས་འདིའི་དགུན་ཆོས་ནང་རྒྱ་གར་ནང་ཡོད་པའི་བཙུན་དགོན་ཁག་ ༥ དང་བལ་ཡུལ་ནང་ཡོད་པའི་བཙུན་དགོན་ ༢ ནས་ཆེད་དུ་ཕེབས་པའི་བཙུན་མ་ ༤༠༠ ལྷག་མཉམ་ཞུགས་གནང་འདུག

 

 

མཛད་སྒོའི་ཐོག་མར་དགེ་ལྡན་ཆོས་གླིང་གི་མཁན་རིན་པོ་ཆེ་བྱམས་པ་ཐུབ་བསྟན་མཆོག་གིས་ཟླ་གཅིག་རིང་གི་བཙུན་མའི་འཇང་དགུན་ཆོས་ཐེངས་ ༢༡ པའི་ལས་རིམ་ཁག་ངོ་སྤྲོད་གནང་རྗེས། བོད་ཀྱི་བཙུན་མའི་ལས་འཆར་ཁང་གི་ངེས་སྟོན་པ་ལྕམ་རིན་ཆེན་མཁའ་འགྲོ་མཆོག་གིས། ངས་དེ་རིང་གི་ཉིན་མོ་འདི་སྤྱིར་བུད་མེད་ཚོ་དང་ཡང་སྒོས་བཙན་བྱོལ་ནང་ཡོད་པའི་བུད་མེད་ཚོར་མཚོན་ན་ཧ་ཅང་རྩ་ཆེ་བའི་ཉིན་མོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། རྒྱུ་མཚན་ནི་བོད་ཕྱི་ལོགས་སུ་ཡོད་པའི་གྲྭ་བཙུན་རྣམས་ལ་མཚོན་ན་འདི་སློབ་སྦྱོང་གི་གོ་སྐབས་ཡག་པོ་ཞིག་ཡིན་ཞིང་། བཙུན་མའི་ལས་འཆར་དང་ཆོས་རིག་ལས་ཁུངས་གཉིས་ཐུན་མོང་གི་ཐོག་ནས་བཙུན་མའི་འཇང་དགུན་ཆོས་འདིའི་ཐོག་ལ་ཧ་ལས་པའི་སྐུ་ལས་ཆེན་པོ་བསྐྱོན་ཡོད་པ་རེད། དེ་ལྟར་སྐུ་ལས་བསྐྱོན་དགོས་པའི་རྒྱུ་མཚན་དེ་ང་ཚོ་ཚང་མས་མཁྱེན་གསལ་ལྟར། འཛམ་བུ་གླིང་འདིའི་ནང་གཞན་སུའང་མེད་པའི་ནོར་བུ་ཞིག་སྟེ། ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་འདིའི་ཐོག་སློབ་སྦྱོང་ག་འདྲ་ཞིག་གནང་དགོས་མིན་ཐད་དགོངས་པ་བཞེས་མཁན་ཞིག་ཡིན་ན། ང་ཚོའི་སྤྱི་ཚོགས་ནང་དར་བའི་ལུགས་སྲོལ་འདི་ལས་ལྷག་པ་ཞིག་མེད་པ་ཧ་ཅང་གསལ་བོ་རེད། དེ་འདྲ་ཡིན་སྟབས་ཕྱོགས་གཅིག་ནས་ང་ཚོས་སོ་སོའི་རྒྱལ་ཁབ་ནང་ནས་བཙན་དབང་གི་འོག་ཕྱི་ལོགས་སུ་ཐོན་དགོས་བྱུང་བ་དང་། དེ་བཞིན་བཙན་བྱོལ་ནང་ལོ་ངོ་ ༥༠ ལྷག་བསྐྱེལ་དགོས་བྱུང་བ་འདི་ཧ་ལས་པའི་སེམས་སྡུག་དགོས་པའི་གནས་ཚུལ་ཞིག་རེད། ཡིན་ནའང་། དེ་ལ་ཕྱོགས་གཞན་ཞིག་ནས་བལྟས་པ་ཡིན་ན། སྔོན་ཆད་བོད་རང་དབང་སྐབས་སུ་མ་བྱུང་བའི་གནས་ཚུལ་མང་པོ་ཞིག་རྒྱལ་བ་རིན་པོ་ཆེ་མཆོག་གི་དཀའ་ལས་བསྐྱོན་པ་ཁོ་ནར་བརྟེན་ནས་ང་ཚོར་བྱུང་ཡོད་པ་རེད། དེ་བཞིན་བཙུན་མའི་འཇང་དགུན་ཆོས་ཟེར་བ་འདི་བོད་ནང་དུ་སྔོན་མ་ནས་རྣ་བས་ཐོས་མ་མྱོང་བ་ཞིག་དང་མིག་གིས་རིག་མ་མྱོང་བའི་གནས་ཚུལ་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་སྟབས་ད་རེབ་ཀྱི་བཙུན་མའི་འཇང་དགུན་ཆོས་ཐེངས་ ༢༡ པ་ཚོགས་ཐུབ་པ་བྱུང་བ་འདི་ངས་དོན་ཆེན་ཞིག་ཏུ་བརྩི་ཡི་ཡོད། སྔོན་ཆད་ང་ཚོས་དགེ་ལྡན་ཆོས་གླིང་འདི་གསར་འཛུགས་གནང་སྐབས། ༧སྐྱབས་མཆོན་རིན་པོ་ཆེ་མཆོག་གིས། བཙུན་མ་ཡོད་པ་དེ་ཞེ་དྲགས་ཡག་པོ་ཡོད་པ་རེད། ཡིན་ན་ཡང་ཁོང་ཚོར་སློབ་སྦྱོང་མ་སྤྲད་པ་ཡིན་ན་འགྲིག་གི་མ་རེད་དཱ་ཞེས་བཀའ་སློབ་གསུངས་པ་ལྟར། དེ་ནས་བཙུན་མ་ཚོར་སློབ་སྦྱོང་གི་གོ་སྐབས་མང་པོ་སྤྲད་ཡོད་ཀྱང་། བརྒྱ་བཅུ་གྱ་གྲངས་སྐབས་སུ་སློབ་གཉེར་གནང་མཁན་མང་པོ་ཡོད་པ་མ་རེད། ཡིན་ན་ཡང་གཙོ་བོ་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་དྲིན་དང་། ཡང་སྒོས་ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་དང་སྤྱི་མང་གི་དགོངས་པ་བཞེས་སྟངས་ལ་བརྟེན་ནས་ལྷན་རྒྱས་ཚོར་གོ་སྐབས་འདི་རག་པ་རེད་ལ། ལྷན་རྒྱས་ཚོའི་ངོས་ནས་ཀྱང་གོ་སྐབས་འདི་ཡག་པོ་ཞིག་བེད་སྤྱོད་བཏང་ནས་ད་རེབ་ཀྱི་འཇང་དགུན་ཆོས་ཐེངས་ ༢༡ པ་འཚོགས་པ་མ་ཟད། སང་ལོའི་ཕྱི་ཟླ་ ༥ ནས་ ༦ ནང་ལ་དགེ་བཤེས་མའི་ལག་འཁྱེར་ལེན་རྒྱུའི་དུས་ཚོད་ཅིག་ཆགས་ཡོད་པ་རེད། འདི་ལྟར་གྲུབ་འབྲས་ཐོན་པ་དེ་ལོ་མང་པོར་མུ་མཐུད་ནས་མི་མང་པོས་སྐུ་ལས་བསྐྱོན་པའི་གྲུབ་འབྲས་ཤིག་ཆགས་བསྡད་ཡོད་སྟབས། དེ་འདྲའི་གྲུབ་འབྲས་ཐོན་པ་དེ་ཚང་མས་སྐུ་ལས་བསྐྱོན་ནས་མཉམ་རུབ་མ་གནང་བ་ཡིན་ན། ཁག་པོ་ཞེ་དྲགས་རེད་བསམ་གྱི་འདུག དེར་བརྟེན་མཉམ་རུབ་གནང་མཁན་གཙོ་བོ་ཆོས་རིག་ལས་ཁུངས་ནས་༧གོང་ས་མཆོག་གི་བཀའ་སློབ་གཞིར་བཟུང་གིས་དངོས་གནས་དྲང་གནས་བཙུན་མ་ཚོར་ག་འདྲ་བྱས་ན་དགོངས་ཏེ། ཕྱག་རོགས་གནང་བ་རེད། དེའི་ནང་ནས་ལས་ཁུངས་ནས་ལས་ཁུངས་རེད་དེ། ལས་ཁུངས་ནང་གི་མཛད་གཙོ་ཚོར་ཞེ་དྲགས་ཀྱིས་རག་ལས་ཀྱི་འདུག དེ་ག་བར་ཡིན་ཡང་དེ་རང་རེད། ལས་ཀ་ཆུང་ཆུང་ཞིག་ཡིན་ནའང་། འགོ་ཁྲིད་ལ་ཞེ་དྲགས་རག་ལས་ཀྱི་འདུག ལས་ཀ་ཆེན་པོ་ཞིག་ཡིན་ཡང་། འགོ་ཁྲིད་ལ་ཞེ་དྲགས་རག་ལས་ཀྱི་འདུག་ལ་དེ་ཡང་འགོ་ཁྲིད་ལས་ཐོག་ལ་ཤུགས་ཆེན་པོ་རག་ལས་ཀྱི་ཡོད་སྟབས། ངས་དེ་རིང་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་འདིར་བཞུགས་ཡོད་པའི་ཐོག་ནས་ཞུས་པ་ཡིན་ན། ཆོས་རིག་བཀའ་བློན་རིམ་པ་བྱུང་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་ཡིན་པ་དེ་ཚང་མས་མཁྱེན་གྱི་ཡོད་པ་རེད། ཡིན་ཡང་ཁོ་རང་ནང་བཞིན་དེའི་ཐོག་སྐུ་ལས་བསྐྱོན་ནས་དེ་གནང་དགོས་པ་རེད་དཱ་ཟེར་ནས་མཉམ་རུབ་གནང་མཁན་ངས་བྱུང་མ་སོང་བསམ་ཏེ། བཙུན་མ་ཡོད་དོ་ཅོག་གིས་སྐུ་ཚབ་བྱས་ནས་སྐུ་ངོ་མཆོག་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ཅེས་གསུངས་སོང་།

 

 

ཆོས་རིག་བཀའ་བློན་མཆོག་གིས་ད་ལྟའི་བར་བོད་ཀྱི་བཙུན་མ་ཚོས་ཆོས་འཆད་ཉན་གྱི་བསྟི་གནས་ཁང་གཅིག་ཀྱང་འཛུགས་ཐུབ་མེད་སྟབས། མ་འོངས་པར་དགེ་བཤེས་མ་ཚོས་ཆོས་ཚོགས་འཛུགས་པ་དང་ཆོས་འཆད་ཉན་གྱི་ཁོར་ཡུག་ཚད་ལྡན་བསྐྲུན་ཐབས་དགོས་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་གནང་དོན། སྔོན་ཆད་བཙུགས་གནང་བའི་ཆོས་ཚོགས་དེ་ཚོའི་ནང་གི་མིས་ཡིད་ཆེས་དང་དད་པ་བྱེད་སའི་ཆོས་འཆད་མཁན་དེ་ཚད་དང་ལྡན་པའི་བསླབ་པ་སློབ་གཉེར་བྱས་ཡོང་མཁན་དང་སྤྱོད་པ་སོགས་གང་ཐད་ནས་ཕུན་སུམ་ཚོགས་པ་ཡོད་མཁན་ཞིག་མེད་པ་ཡིན་ན། ཞབས་ཞུ་ཞུ་ཡི་ཡོད་དང་ཞབས་འདྲེན་ཞུ་ཡི་ཡོད་ཧ་མི་གོ་བར་དོགས་པ་ཟ་གཞི་ཞིག་ལ་གང་ལ་གང་འཚམ་སླེབ་ཡོད་པ་རེད། ངས་གལ་ཆེན་ནང་གི་དོན་ཆེན་བྱས་ཏེ་ཆོས་བརྒྱུད་ཁག་གི་དབུ་བླ་རྣམ་ལའང་ཞུས་པ་ཡིན། ཆོས་བརྒྱུད་སོ་སོས་དེར་ལྟ་རྟོག་དང་བདག་པོ་མ་བརྒྱབ་ན། ཆོས་བརྒྱུད་གཅིག་གི་དེ་ཆོས་བརྒྱུད་གཞན་ཞིག་གིས་བདག་པོ་བརྒྱབ་པ་ཡིན་ན་ཞེ་དྲགས་རྙོག་གྲ་ཚ་བོ་རེད་འདུག སྤྱིར་བཏང་ནང་པའི་ཆོས་དེ་ཧ་ལས་པའི་རྩ་ཆེན་པོར་རྩི་ཡི་ཡོད་པ་རེད། ཡིན་ནའང་། ད་ལྟའི་བར་དུ་བཙུན་མ་གཅིག་གིས་ཀྱང་བསྟི་གནས་ཤིག་ཕལ་ཆེར་བཙུགས་ཐུབ་མི་འདུག ཕྱི་ལོ་ ༢༠༡༦ ལོར་དགེ་བཤེས་མ་ ༢༠ འཐོན་གྱི་ཡིན་པ་དང་། མཆོག་ཏུ་གྱུར་བའི་དགེ་བཤེས་མ་ ༢༠ ཐོན་པ་དེ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་མ་ཡོང་བ་ཞིག་ཡོང་བ་དང་། མ་བྱུང་བ་ཞིག་བྱུང་བ། མེད་པ་ཞིག་ཡོད་པ་བཟོ་ཐུབ་པ་བྱུང་བ་དེར་ཚང་མས་དཀའ་ལས་བརྒྱབ་ཡོད་པ་རེད། ལོ་དང་ལོ་བྱས་ནས་དགེ་བཤེས་མ་མང་དུ་འགྲོ་ངེས་རེད་བསམ་གྱི་འདུག་པས། ངས་འདིར་ག་རེ་ཞུ་ཡི་ཡོད་ཟེར་ན། བཙུན་མ་རྣམས་ད་ལྟའི་བར་དུ་ཕྱི་རྒྱལ་ཁག་ཏུ་ཕེབས་ཏེ་བསྟི་གནས་བཙུགས་པ་དང་། བསླབ་པ་སློབ་གཉེར་བྱེད་པའི་ཁོར་ཡུག་བསྐྲུན་པ། སོ་སོར་ཡོད་པ་དེ་མི་ལ་ཕར་འཆད་པ་དེ་འདྲ་ད་ལྟའི་བར་དུ་བྱུང་ཐུབ་ཡོད་པ་མ་རེད། མ་འོངས་པར་དེ་འདྲ་ཡོང་གི་རེད་ལ། ཡོང་དགོས་པའང་རེད་ཅེས་ཚང་མས་རེ་བ་རྒྱག་གི་ཡོད་པ་རེད། དེ་འདྲ་ཞིག་ཡོང་བར་མགོ་རིལ་བཟོས་ཏེ་ན་བཟའ་དམར་པོ་མཆོད་པ་གཅིག་པུས་རྩ་བ་ནས་འགྲིག་གི་མེད་སྟབས། ནང་དོན་གྱི་ཐོག་ལ་རང་ཉིད་ཀྱིས་མཆོག་ཏུ་གྱུར་བ་དང་ཚད་དང་ལྡན་པའི་བསླབ་པ་སློབ་གཉེར་བྱེད་དགོས་པ་དེ་ཧ་ལས་པའི་གལ་ཆེན་པོ་རེད། ཅེས་གསུངས་སོང་།

 

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese