མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསང་བའི་པར་ལེན་སྒྲིག་ཆས་ཀྱི་ཇུས་ངན།

བོད་ཀྱི་དུས་བབ།
༢༠༡༥/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ཁྲོམ་སྲང་ཁག་ཏུ་གསང་བའི་པར་ལེན་སྒྲིག་ཆས་བཙུགས་ཏེ་སྤྱི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་མྱུལ་ཞིབ་ལྐོག་ཉན་བྱེད་བཞིན་ཡོད་པའི་སྲིད་ཇུས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་འདུག

imageཁ་སང་པེ་ཅིན་གྲོང་ཁྱེར་གྱི་ཉེས་དོན་རྟོག་ཞིབ་ཚན་པས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། དེང་སྐབས་པེ་ཅིན་གྲོང་ཁྱེར་གྱི་ཁྲོམ་སྲང་གི་གྲུ་ཟུར་རེ་རེར་གསང་བའི་པར་ལེན་སྒྲིག་ཆས་བཙུགས་ཏེ་དོགས་སྲུང་ནན་པོ་བྱེད་ཀྱི་ཡོད་པ་དང་། གསང་བའི་པར་ལེན་སྒྲིག་ཆས་ལ་བརྟེན་ནས་པེ་ཅིན་གཞུང་གིས་སྤྱི་མང་གི་ཉེས་དོན་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲིད་ཇུས་ཇེ་དམ་དུ་གཏོང་རྒྱུ་ཡིན་སྐོར་བསྒྲགས་འདུག

ཉེ་ལམ་ནས་པེ་ཅིན་གྲོང་ཁྱེར་གྱི་ཁྲོམ་སྲང་བརྒྱ་ཆའི་ ༢༩ ལྷག་ནང་གསང་བའི་པར་ལེན་སྒྲིག་ཆས་འཛུགས་བཞིན་པའི་བྱ་འགུལ་དེ། མི་འགྱང་བར་རྒྱ་ནག་གི་གྲོང་དང་གྲོང་ཁྱེར་ཡོངས་སུ་གསང་བའི་པར་ལེན་སྒྲིག་ཆས་ཆེད་འཛུགས་བྱ་བའི་སྐུད་མེད་དྲ་ལམ་སྲིད་ཇུས་ཤིག་ཡིན་ཞིང་། ཕྱི་ལོ་ ༢༠༡༢ ལོ་ནས་བཟུང་རྒྱ་གཞུང་གིས་པེ་ཅིན་གྲོང་ཁྱེར་ནས་འགོ་བཙུགས་ཏེ་གྲོང་དང་གྲོང་ཁྱེར་ཁག་ཏུ་གསང་བའི་པར་ལེན་སྒྲིག་ཆས་འཛུགས་པའི་བྱ་འགུལ་ལག་བསྟར་བྱས་ཏེ། ཉོ་འཚོང་ཁྲོམ་ར་དང་རླངས་འཁོར་ས་ཚིགས། བདེ་བཞིན་མི་མང་འདུས་སྡོད་ས་གནས་ཁག་ཏུ་ཉེན་སྲུང་སྒྲིག་ཆས་ཆེད་འཛུགས་བྱས་ཡོད་འདུག

རྒྱ་ནག་གཞུལ་འབྲེལ་ཞིན་ཧྭ་གསར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༤ ལོ་ནས་རྒྱ་ནག་གི་དབང་འཛིན་པ་ཚོས་ཉེན་རྟོག་དམག་མི་ ༤༣༠༠ ལྷག་ལ་འཆར་ཅན་སྦྱོང་བརྡར་སྤྲད་དེ། གསང་བའི་པར་ལེན་སྒྲིག་ཆས་ཀྱིས་སྤྱི་མང་གི་འགྲོ་འདུག་བྱ་སྤྱོད་གསུམ་ལ་ལྟ་ཞིབ་ནན་མོ་བྱེད་ཀྱི་ཡོད་པ་མ་ཟད། གསང་བའི་པར་ལེན་སྒྲིག་ཆས་ལ་བརྟེན་ནས་ད་ལྟའི་བར་ཉེས་དོན་ ༡༥༠༠ ལྷག་ཐག་གཅོད་ཐུབ་ཡོད་ལུགས་བརྗོད་འདུག

པེ་ཅིན་གྲོང་ཁྱེར་དུ་གནས་སྡོད་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཧུའུ་ཅཱ་ཡིས། རྒྱ་ནག་གཞུང་གིས་གསང་བའི་པར་ལེན་སྒྲིག་ཆས་འཛུགས་དོན་ནི། དོན་དངོས་ནས་རྒྱལ་ནང་གི་ཁྲིམས་འགལ་ཉེས་དོན་གཅིག་པུར་དམིགས་པ་ཙམ་མ་ཡིན་པར། སྲིད་གཞུང་གིས་ཁྲོམ་སྲང་ཁག་ཏུ་གསང་བའི་པར་ལེན་སྒྲིག་ཆས་སྤྱད་དེ། ང་ཚོ་སྤྱི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་མྱུལ་ཞིབ་དང་མི་མང་གི་གཏམ་གླེང་ལ་ལྐོག་ཉན་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག

ཡང་ཀོང་ཀྲུའུ་གྲོང་ཁྱེར་གྱི་སྤྱི་མང་ཁེ་དབང་རྩོད་ལེན་པ་ཡེ་ཏོ་ཟེར་བ་ཞིག་གིས། ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་བོད་དང་ཤིན་ཅང་མི་རིགས་ཀྱི་གཙོས་མི་མང་གི་ཁེ་དབང་དང་རང་དབང་རྩོད་ལེན་གནང་བཞིན་པའི་སྐབས་འདིར། རྒྱ་གཞུང་གི་དཔོན་རིགས་ཚོས་མི་མང་འདུས་སྡོད་བྱེད་སའི་ཁྲོམ་སྲང་གང་སར་གསང་བའི་པར་ལེན་སྒྲིག་ཆས་ཆེད་འཛུགས་བྱེད་ཀྱིན་པར་རྒྱུ་མཚན་མང་པོ་ཡོད་པ་རེད། ཅེས་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

སྐར་མ ༦ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༣ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

༢༠༢༦/༠༩/༠༡

མཆན། 1

  1. ཤར་མདའ། says:
    ལོ་ 11 སྔོན།

    རྒྱ་ནག་དམར་གཞུང་གིས་དུས་རྟག་པར་འདི་འདྲ་ངན་གཡོ་ལས་བྱེད་ཡ་ཡོད་པ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese