ཤར་ཕྱོགས་ཁུག་རྟ།
དེ་སྔ་བློ་བཟང་སེང་གེས་ཨ་རིར་ཁང་པ་ཉོ་སྐབས་སྤྱི་མཚུངས་ལྟར་དངུལ་ཁང་ལ་པེད་ཤག་གཡར་ནས་ཉོས་ཡོད་ལ།
དེ་ལྟར་རྩིས་རྒྱབ་ན་ཕལ་ཆེར་ལོ་སུམ་བཅུ་མ་ཟིན་ཙམ་ཞིག་འགོར་གྱི་ཡོད།
སྐབས་དེར་ཁོང་གི་དངུལ་བྱང་ཁག་གི་སྟེང་ཁང་གླ་མཉམ་སྤྲོད་བྱ་རྒྱུའི་དངུལ་འབོར་མེད་པའང་ར་འཕྲོད་ཡོད།
འོན་ཀྱང་། ཁོང་ལ་བཀའ་བློན་ཁྲི་པ་ཐོབ་ནས་བདུན་ཕྲག་གཅིག་ཙམ་འགོར་མ་ཐག ༢༠༡༡ ཟླ ༧
ཚེས ༢༩ ཉིན་ཁོང་གིས་ཁང་གླའི་བུ་ལོན་ཨ་སྒོར ༢༢༧༠༠༠ ཆ་ཚང་དུས་གཅིག་ཏུ་སྤྲད་འདུག
ད་ལྟ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་དེའི་ཐད་དྲི་བ་ག་རེ་གཏོང་གི་ཡོད་པ་རེད་དམ་ཞེ་ན།
ཁོང་ལ་དེ་སྔར་དངུལ་བྱང་སྟེང་ཁང་གླའི་དངུལ་འབོར་མེད་པ་གསལ་བོ་ཡིན་པ་གཞིར་བྱས།
གལ་སྲིད་དངུལ་ཁང་ནང་མེད་པའི་དངུལ་གྲངས་འབོར་ཆེན་ཞིག་གློ་བུར་ཐོབ་ཀྱང་།
ཡང་ན་གཞན་གྱིས་སྤྲད་ཀྱང་།
ཨ་རིའི་དངུལ་ཁང་ཁག་གིས་དངུལ་རྐྱང་རྩིས་བཞེས་མི་གནང་བ་མི་ཆོག་པ།
དེ་ལྟར་གནང་ན་པེད་ཤག་ནག་པོ་ཆགས་ཏེ་ཁྲིམས་སྒྲིག་དང་འགལ་ཡོད་པས་རེད།
དེའི་རྐྱེན་བློ་བཟང་སེང་གེ་ལགས་ཀྱིས་སུ་ཞིག་གི་ཅེ་ཁི་ Chueqe
རྒྱུད་ཁང་གླ་སྤྲད་མིན་དེ་གསལ་བོ་བཟོ་དགོས་ཞེས་མི་མང་པོས་དྲི་བ་གཏོང་གི་ཡོད་པ་རེད།
སྤྱིར་ཝ་ཞིན་གྲོན་པོ་སི་ཏྲི་ལྟ་བུའི་རྒྱལ་སྤྱིའི་སྟེང་ཆེ་མཐོང་དང་སྐད་གྲགས་ཡོད་པའི་ཚགས་ཤོག་སྟེང་།
བོད་ཀྱི་སྲིད་སྐྱོང་ལ་པེད་ཤག་དང་འབྲེལ་བའི་དྲི་བ་ཞིག་ཡོང་བ་ཙམ་གྱིས་བོད་མི་རིགས་ཀྱི་ཆེ་མཐོང་ལ་ཅི་ཙམ་ཕན་གནོད་འབྲེལ་ཡོད་པ་ཚང་མས་མཁྱེན་གསལ་རེད།
དྲི་བ་བཏང་བ་དེར་ཁོང་གི་གྲོགས་པོ་དབུ་དཀར་ཚང་ཀེ་རྡོར།
ད་ལྟའི་ཨ་རིའི་དོན་གཅོད་དུ་བྱས་རྗེས་དང་གཞུང་ཞབས་ཀྱི་རྒྱུད་རིམ་གང་ཡང་མེད་པར་བསྐོ་བཞག་བྱས་པ་དེས་ལན་འདེབས་ཤིག་བྱས་ཀྱང་།
ཨ་རིའི་བུད་མེད་མོ་ནེ་ཧན་ Maura Moynihan
གྱིས་དེ་བས་ཀྱང་ལན་འདེབས་དྲི་བ་ཚ་ནན་དུ་སྤེལ་བས།
ཁོང་གི་ཁང་པའི་དངུལ་དེ་ཡང་སྙིང་སུ་ཞིག་གིས་སྤྲད་མིན་ནི་ཧ་ཅང་དོགས་གཞི་ཅན་ཞིག་ཆགས་ཡོད་པ་རེད།
དེ་ཧ་ཅང་དོགས་གཞི་ཅན་ཞིག་ཆགས་དགོས་དོན་ནི།
བློ་བཟང་སེང་གེ་དེ་སྔར་བཀའ་བློན་ཁྲི་པར་ལངས་སྐབས་ཀྱི་འོས་བསྡུའི་ཁྱབ་བསྒྲགས་ཀྱི་འགྲོ་སོང་ཡོང་ཁུངས་ཐད།
དེ་རིང་སང་ཉིན་ཨ་རིའི་གཞུང་གིས་རྒྱ་ནག་གི་སོ་པའི་དོགས་གཞིའི་འོག་བཀག་ཉར་འདྲི་རྩད་བྱེད་བཞིན་པའི་རྒྱ་རིགས་ཚོང་པ་བྷན་དང་
Banja min wey འབྲེལ་བ་ཡོད་པའི་དོགས་སློང་བྱས་འདུག
རྒྱ་རིགས་བྷན་གྱི་འབོད་སྐུལ་འོག་བློ་བཟང་སེང་གེ་དེ་སྔར་རྒྱ་ནག་ཏུ་ཚོགས་འདུར་འགྲོ་སྐབས།
འགྲོ་རྒྱུར་མཐུན་འགྱུར་ཞུ་མཁན་གྱི་འབྲེལ་ཡོད་མི་སྣ་ཡོངས་རྫོགས་རྒྱ་རིགས་བུད་མེད་རྐྱང་རྐྱང་ཆགས་ཡོད་པ་དང་།
བློ་བཟང་སེང་གེ་གདན་འདྲེན་ཞུ་མཁན་ Ms.Huxiao jiang་
ནི་རྒྱ་ནག་གི་བདེ་སྲུང་དང་གསང་བའི་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཞིག་ཡིན་པའང་གསལ་བོ་བཟོས་པ་རེད།
དེའི་རྐྱེན་གྱིས་ཨ་རིའི་བུད་མེད་རྩོམ་པ་པོ་ Maura Moynihan
ལགས་ཀྱིས་སྲིད་སྐྱོང་གི་ཁང་རིན་ཡོང་ཁུངས་མི་སྣ་དེ་དག་དང་འབྲེལ་བ་ཡོད་པའི་དོགས་སློང་གནང་ཡོད་ལ།
དེ་རྣམས་གསལ་བོ་བཟོ་ཕྱིར་མུ་མཐུད་ལྕམ་སྐུ་མོ་ནེ་ཧན་གྱིས་དྲི་བ་བཏང་དང་གཏོང་བཞིན་པ་རེད།
ཨིན་ཡིག་གི་ལམ་ནས་ཕྱི་རྒྱལ་མི་སྣས་བོད་ཀྱི་དབུ་ཁྲིད་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེས་ཁང་རིན་ཡོང་ཁུངས་རྩད་གཅོད་དོགས་འདྲི་བྱེད་བཞིན་པ་འདི་རིགས།
བོད་ཕྱི་ནང་གི་སྤྱི་ཚོགས་སུ་གནས་ཚུལ་གསལ་བོ་ཞིག་ཆགས་ཀྱི་མེད་ཁར།
སྲིད་སྐྱོང་ལས་ཐོག་པས་ཀྱང་གསལ་བཤད་གསལ་བོ་ཞིག་ད་དུང་མ་གནང་བས།
གནད་དོན་འདི་རྒྱལ་སྤྱིའི་སྒང་བོད་ཀྱི་ཆེ་མཐོང་དང་༧གོང་ས་མཆོག་གི་མཚན་ཤོས་འགྲོ་གཞིར་གྱུར་དང་འགྱུར་བཞིན་པ་མ་ཟད།
བོད་མི་ནང་ཁུལ་གྱི་ཆིག་སྒྲིལ་ལའང་གནོད་པ་ཚབས་ཆེན་ཐེབས་གཞིར་གྱུར་དང་འགྱུར་བཞིན་པ་རེད།
དེ་ཅི་ལྟར་ཞེ་ན།
རྒྱལ་སྤྱིའི་གསར་ལམ་གྲགས་ཅན་ཝ་ཞིན་གྲོན་དུས་བབ་རྒྱུད་སྲིད་སྐྱོང་མཆོག་གི་ཁང་རིན་ཡོང་ཁུངས་སྐོར་གྱི་དོགས་གཞི་རྣམས་མཐོང་སྐབས།
བོད་ལ་ཤ་ཚ་རྒྱབ་སྐྱོར་ཡོད་པའི་ཕྱི་རྒྱལ་བའི་ཚོགས་སྡེ་དང་མི་སྒེར་མང་པོ་ཞིག་གིས་ཐུགས་ཁྲལ་གནང་བཞིན་པ་གསལ་བོ་རེད།
ངེད་ལ་ཨ་རི་བ་གྲོགས་པོ་བོད་དོན་ལ་ཤ་ཚ་ཞིང་དབུ་མའི་ལམ་ལ་བསྟོད་བསྔགས་གནང་མཁན་ཞིག་ཡོད་པ་དེས་ང་ལ་གསུང་རྒྱུར།
”རྙོག་དྲ་འདི་པེད་ཤག་དང་འབྲེལ་སྟབས་མང་ཉུང་ལ་མ་ལྟོས་པར་གནད་དོན་བཙོག་པའི་རིགས་རེད།
དེ་ཡང་ཁྱོད་ཚོའི་ཆབ་སྲིད་དབུ་ཁྲིད་ལས་ཐོག་དང་འབྲེལ་བ་ཡིན་སྟབས།
ངེས་པར་དུ་གཙང་མ་བཟོ་དགོས་པ་རེད།
འདིས་རླབས་ཆེན་༧ཏཱ་ལའི་བླ་མ་མཆོག་གི་ཞབས་འདྲེན་ངེས་རེད་ལ།
རོགས་ཚོགས་ཁག་ལའང་བསམ་ཕྱོགས་ཡོང་མི་སྲིད་པ་མ་རེད།
ཁྱོད་ཚོ་མང་གཙོ་ཡིན་སྟབས་དྲི་བ་བཏང་ནས་གསལ་བོ་བཟོ་དགོས་པ་རེད་ཟེར།’’
གོང་གི་བཀའ་མོལ་འདི་ནི་དཔེ་མཚོན་གཅིག་རེད།
གཙོ་བོ་པེད་ཤག་གི་མང་ཉུང་མ་རེད།
པེད་ཤག་དང་འབྲེལ་བའི་རྙོག་གླེང་ཞིག་རྒྱལ་སྤྱིའི་གསར་ལམ་ཆེ་ཁག་ཏུ་ཐོན་ན་བོད་མི་རིགས་སྤྱིའི་ལར་རྒྱར་གནོད་ཀྱི་ཡོད་པ་ཚང་མས་གསུངས་བཞིན་པ་དེ་ག་རང་རེད།
དེ་བཞིན་ནང་ཁུལ་ཆིག་སྒྲིལ་ལ་ཅི་ལྟར་གནོད་དམ་ཞེ་ན།
ཁ་ཤས་ཀྱིས་རྙོག་དྲ་འདི་མི་ཅིག་གིས་བཟོས་པ་རེད། ཉིག་གིས་བཟོས་པ་རེད།
ཡང་གནས་ཚུལ་ཆ་ཚང་མགོ་མི་འཚོས་མཁན་ཚོས་འོས་བསྡུའི་སྐབས་གཞི་མེད་རྙོག་དྲ་སློང་གི་ཡོད་པ་རེད་ཅེས་བསྒྲགས་ཏེ།
རྒྱུ་མཚན་མེད་པར་གནད་དོན་འདི་ཆོལ་ཁའི་ཕྱོགས་སུ་འཐེན་འགྲོ་མཁན།
བཙན་གྱིས་སྦྱོར་མཁན། མ་ཤེས་པར་སྦྱོར་མཁན།
བསམ་བཞིན་ཁྱད་གསོད་ཀྱིས་སྦྱོར་མཁན་མང་པོ་ཞིག་ཡོང་གི་ཡོད་པ་མཐའ་དག
ང་ཚོས་མཐོང་གསལ་ཡིན་སྟབས།
གནས་ཚུལ་འདི་གཙང་མ་མ་ཆགས་པར་བསམ་ཕྱོགས་དེ་དག་གཙང་མ་མི་ཆགས་པ།
གཟུར་གནས་མཁས་པ་སུ་ལ་དྲིས་ཀྱང་ཧ་ཅང་གསལ་བོ་རེད།
ངས་བསམས་པར།་གནད་དོན་འདི་རྒྱལ་སྤྱིའི་སྒང་གི་བོད་དོན་གླེང་སྟེགས་ཁག་གི་གླེང་གཞི་ཞིག་ཀྱ་ཆགས་ཡོད་སྟབས།
གལ་སྲིད་༧གོང་ས་མཆོག་ལ་བཀའ་འདྲི་ཞུས་ཏེ་ག་རེ་གནང་དགོས་པ་རེད་དམ་ཞེས་ཞུས་ན།
ཏན་ཏན་དེ་སྲིད་སྐྱོང་མཆོག་གིས་གཙང་མ་བཟོ་དགོས་པ་རེད་ཅེས་བཀའ་ཕེབས་པ་ཐེ་ཚོམ་མི་དགོས་པ་ཞིག་ཏུ་སེམས་ན།
ཨ་རིའི་བུད་མེད་རྩོམ་པ་པོ་ལྕམ་སྐུ་མོ་ནེ་ཧན་གྱིས་ཡོངས་བསྒྲགས་དོགས་སློང་བྱས་པ་དང་།
དེར་ཨ་རིའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་ཀེ་རྡོར་གྱིས་ལན་བཏབས་པ།
ཡང་དེར་ལྕམ་སྐུ་མོ་ནེ་ཧན་གྱིས་གསལ་བཤད་དོགས་འདྲི་ཚ་ནན་བྱས་པ་བཅས་ཀྱི་སྲིད་སྐྱོང་གི་ཁང་རིན་ཐད་ཀྱི་དོགས་འདྲིའི་ཐད།
ངེད་ཀྱི་རེ་བར།
༡ ཨ་སྒོར་ཉིས་འབུམ་ཉིས་ཁྲི་བདུན་སྟོང་གི་དོགས་འདྲི་འདི་དང་།
༢ ད་ལྟ་ཨ་རིའི་གཞུང་གི་རྒྱ་གཞུང་གི་སོ་པའི་དོགས་གཞིའི་འོག་བཀག་ཉར་འདྲི་རྩད་བྱེད་བཞིན་པའི་རྒྱ་རིགས་ཚོང་པ་བྷན་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་འབྲེལ་བ་ཅི་ཡིན།
༣ དེ་བཞིན་རྒྱ་ནག་ཏུ་ཚོགས་འདུར་གདན་འདྲེན་ཞུ་མཁན་རྒྱ་རིགས་བུ་མོ་ཧུའུ་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་འབྲེལ་བ་ཅི་ཡིན་བཅས་གནད་དོན་གསུམ་གྱི་ཐད་ངེས་པར་དུ་གསལ་བཤད་ས་རིས་ཐང་གསལ།
འཇིག་རྟེན་མིག་ཁ་འབྱེད་པ།
རང་གཞན་སུ་ལའང་བློ་དོགས་འབྱུང་མི་དགོས་པ་ཞིག་ཅི་ནས་ཀྱང་བཟང་སྤྱོད་དང་ལྡན་པའི་ངང་གནང་རོགས་ཞུ་རྒྱུ་དང་།
དེ་ནི་སྐུ་ཉིད་ད་ལྟ་སྲིད་སྐྱོང་ལས་ཐོག་ཡིན་པའི་ཆ་ནས།
ལྐོག་ཟ་རུལ་སུངས་དང་འབྲེལ་བའི་གནས་ཚུལ་ཆེ་ཕྲ་བདེན་རྫུན་གང་ཞིག་ཡིན་ཡང་།
མི་རིགས་དང་རྒྱལ་ཁབ་ཀྱི་ལ་རྒྱ།
མི་མང་གི་རེ་བ་ཡིད་ཆེས་བཅས་ལ་དགོངས་ནས་གསལ་བོ་གསལ་རྐྱང་བཟོ་དགོས་པ་སྨྲས་མེད་ཐོག
གསལ་བོ་མ་བཟོས་ན་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ཉེར་གཅིག་པ།
སྲིད་སྐྱོང་དང་བཀའ་བློན་གྱི་འོས་ཆོས་ཞེས་པའི་ནང་གསེས་དོན་ཚན་དགུ་བ་༼བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང་།
གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ་བཅས།༽
ཞེས་གསལ་བར་འགལ་འདུག་པའི་གླེང་གཞི་སླེབས་ན་དམངས་སེམས་འཁྲུགས་འགྲོ་བ་སྨྲ་ག་ལ་དགོས།
མཐའ་དོན་ངས་གོང་དུ་གང་གླེང་ཡོད་པ་མཐའ་དག་ཚིག་དོན་གཉིས་ཆར་གསལ་བ་དེ་ལྟར།
བོད་མི་རིགས་ཀྱི་ཆེད་དུ་ཁུངས་ལྡན་ཚུལ་མཐུན་གླེང་སློང་བྱས་ཡོད་པ་བཞིན།
གལ་སྲིད་རྒོལ་གཏམ་གཏོང་མཁན་དང་ཀླན་ཀ་འཚོལ་མཁན་རིགས་བྱ་འདོད་ཡོད་མཁན་ཚོས་ཀྱང་།
དེ་ལྟར་ཡིན་ལུགས་ཚུལ་མཐུན་གནང་རོགས་ཞེས་ཞོར་དུ་ཞུ་འདོད་བྱུང་།
བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག
༢༠༡༥། ༡༠། ༧། ཉིན།།
འགའ་ཤས་ཀྱི་གནད་དོན་འདི་བདེན་པ་རེད་ཟེར་མཁན་དང་ཡང་འགའ་ཤས་ཀྱི་བདེན་གཏམ་མ་རེད་ཟེར་གང་ལྟར་སྲིད་སྐྱོང་ཁོང་གིས་ལན་གང་འདྲ་གནང་འདུག་ཟེར་ན་བཟའ་མི་གཉིས་ཕྱི་རྒྱལ་ལ་སོང་ནས་ལོ་བཅུ་གཉིས་ཙམ་འགོར་ཡོད་པ་རེད་དེས་བར་གྱི་ལས་དཀའི་གླ་ཆ་ཡི་སོན་རབ་ཞིག་བརྗོད་པ་དེ་ནང་བཞིན་རེད་ཟེར་བ་ཙམ་ལས་གསལ་བཤད་གནང་མ་ཐུབ་པ་འདི་ངོ་མ་བློ་འགྱོད་སྐྱེ་བ་ཞིག་རེད། སྦྱིར་འདི་འདྲ་མི་སྲིད་པ་ཞིག་རེད་དྲན་ན་ཡང་འདི་གསལ་བཤད་ལས་སླའོ་ཞིག་ལ་མེད་ན་དོགས་པ་ཟ་རི་འགྲོ་བ་ཆོས་ཉིད་རེད་གནས་སྟངས་འདི་འདྲའི་རིགས་དེ་གཞེས་བཞུགས་བོད་མི་ཚོས་ཐོས་པ་དང་མཐོང་བ་བྱུང་ཚེ་བློ་འགྱོད་སྐྱེ་ངེས་རེད།
ཤར་ཕྱོགས་ཁུག་རྟ་ནི་སྲིད་སྐྱོང་གིས་གནས་ནས་དབྱུངས་ཟིན་པའི་གད་སྙིགས་ཤིག་རེད། ཡིན་ན་ཡང་ཁོས་བོད་ཡིག་སྡེབ་སྦྱོར་ཡག་ཙམ་ཤེས་པས། ལག་ཆ་དེ་བེད་སྤྱད་ནས་སྲིད་སྐྱོང་ལ་སྙོན་འཛུགས་བྱེད་ཀྱིན་ཡོད་རེད། ཁོས་ཇི་ལྟར་ནག་འདེད་བྱས་ཀྱང་། མི་དམངས་ཀྱིས་ཤར་ཁུག་ཟེར་བ་ཅི་འདྲ་ཞིག་ཡིན་པ་ཤེས་ཟིན་པས་ཡིད་ཆས་བྱེད་མི་དཔེ། ཡང་གཅིག་བྱས་ན་ཁོས་ད་རེབ་གི་སྐབས་འདི་འཇུས་ནས་སྲིདསྐྱོང་ལ་ཁ་གཏད་དཀྱག་ན་འོས་ཐོབ་རྒྱུར་ཕན་གི་རེད་བསམ་ཡོད་སྲིད་ཀྱང་། དེ་ནི་དམངས་ཚོགས་ལ་གོ་རྟོག་ཡོད་ན་བླུག་མི་སྲིད་པ་ཞིག་རེད། ཁོ་གྲོས་ཚོགས་སུ་སླེབས་ན་བཀྲ་མི་ཤིས་པ་ཞིག་བཟོ་ཡིང་བ་གཏན་ཁེལ་རེད།
ཤར་ཁུག་ཁྱོད་ཅིའི་ཕྱིར་སྲིད་སྐྱོང་ལ་ཉེས་མེད་ཉེས་བཙུགས་བྱེད།
ཡག་པོ་བྲིས་འདུག དྲི་བ་འདིར་སྲིད་སྐྱོང་བློ་བཟང་སངྒེས་ངེས་པར་དུ་ལན་གསལ་བོ་ཞིག་སྤྲོད་དགོས་རེད།
སྲིད་སྐྱོང་གི་ཁང་ཉོ་རྙོག་ཁྲའི་སྐོར་ད་ལན་གྲོས་ཚོགས་ནང་གསལ་འགྲེལ་གནང་ཟིན་ཅིང་སྤྱི་འཐུས་རྣམ་པར་དོགས་པའི་གནས་མེད་སྟབས་ཞིབ་འཇུག་ཚོགས་ཆུང་སོགས་འཛུགས་དགོས་མི་བྱུང་བས་ཀྱང་ལྐོག་ཟ་མིན་པ་ཤེས་ཐུབ།
ཤར་ཕྱོགས་ཁུག་རྟས་སྲིད་སྐྱོང་ལ་སྐྱོན་བརྗོད་ལས་དགེ་མཚན་ལེགས་ཆ་ནམ་ཡང་གླེང་མི་སྲིད། དེ་ཁོ་རང་གི་ཁྱད་ཆོས་དང་དམིགས་ཡུལ་གཙོ་བོ་རེད།
གཞན་གྱི་ཡོན་ཏན་དཀར་སེར་དམར་ལྗང་མཐོང་བར་དང་པོར། རང་ཉིད་ཀྱི་རྒྱུ་ལ་ཡོད་པའི་ཞེ་སྡང་གི་མིག་ཤེལ་ནག་པོ་མར་ཕུད་དགོས། ཕྱོགས་ལྷུང་དང་གཞན་ལ་མི་དགའ་བའི་མིག་ཤེལ་ནག་པོ་གོན་ཚར་རྗེས་ཚང་མ་ནག་པོ་མཐོང་ངེས་རེད། རྒྱུ་མཚན་དང་དངོས་ཡོད་ག་ཚོད་རྣ་བར་གཏད་ཀྱང་སྟོང་པ་རེད།
སྔར་དེང་ཐོག་སྲིད་སྐྱོང་ལ་ལང་སྐབས་ཤེས་ཡོན་པ་ཁྲི་ཕྲག་སྐྱེད་སྲིང་དང་གསར་གཏོད་སོགས་ཁས་ལེན་བྱས་ཡོད་མོད། ཉེ་སྔོན་སྐད་ཆེར་ཉན་ཡོང་དུས་དེ་དག་གི་སྐོར་ནས་འབྲུས་བུ་མ་སྨིན་སྟབས། བཤད་རྒྱུ་གང་ཡང་མ་རེག་པར་གྲུབ་འབྲས་ལྷང་འཇགས་ཟེར་བ་ཞིག་བཤད་པ་མིན་ནམ།་འདི་ནི་དགྲ་ཤར་སྒོར་བཞག་ནས་མདའ་ནུབ་སྒོར་འཕངས་ཟེར་བ་དེ་མ་ཡིན་ནམ
མིག་ཚར་བ་ཡིན་ནམ། ལྷིང་འཇགས་ཀྱི་སྤྱི་ཚོགས་འདི་མགོ་རྟིང་སློག་པ་ཡིན་་་་་ཧ་ཧ་
ཤར་ཕྱོགས་ཁུག་རྟས་རྩོམ་ཡིག་ལེགས་པོ་ཞིག་འབྲི་ཁུལ་བྱས་མོད་ཀྱང་དོན་དམ་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པར་སྙམ། སྲིད་སྐྱོང་མཆོག་དེ་སྔོན་Harvard གཙུག་ལག་སློབ་གྲྭའི་དགེ་རྒན་ཆེན་མོའི་གནང་ཡོད་པ་རེད། ཁོང་ལ་ཟླ་རེར་གླ་ཕོགས་ག་ཚོད་ཡོད་མེད་ཤར་ཕྱོགས་ཁུག་རྟའི་རྩོམ་ཡིག་ནང་དུ་འཁོད་ཡོད་ན་ང་ཚོས་སྲིད་སྐྱོང་མཆོག་ལ་དངུལ་ཇི་ཙམ་ཡོད་མེད་ཚོད་དཔག་བྱེད་ཐུབ། དགེ་རྒན་བྱས་ནས་ལོ་ཇི་ཙམ་སོང་ཡོད་པ་དང་བཟའ་ཟླར་ལས་ཀ་ཡོད་མེད་དང་ཉིན་རེའི་འཚོ་གྲོན་ཇི་ཙམ་འགྲོ་མིན་བརྩིས་ཅིག་བསྐྱོན་པ་ཡིན་ན། ལོང་བ་མིན་ན་གཞི་ནས་དམར་རྗེན་དུ་མཐོང་ངེས་པ་དང་། འོན་པ་མིན་ན་གོ་ངེས།
ཤར་ཕྱོགས་ཁུག་རྟ་ཁོང་དེ་སང་ཕོ་རོགས་དཀར་པོ་ལྟར་ཆགས་འདུག སྙིང་རྗེ། རང་ཉིད་ཡར་འགྲོ་བར་འབད་བརྩོན་བྱས་རུང་མར་ཟགས་སོང་བ་རེད། མི་ཚང་མས་དེང་སང་ཁོང་མི་ཁེ་མཚར་དེ་འདྲ་བརྩི་བཞིན་འདུག རང་ཉིད་ཀྱིས་གང་བྱས་མིན་དེར་བསམ་བློ་མི་གཏོང་བར་མིར་སྐྱོན་ཁོ་ན་བརྗོད་ན་ག་ལ་འགྲིག བོད་པའི་ཡ་རབས་བཟང་སྤྱོད་དང་འགལ་འགྲོ། ཟམ་གདོང་རིན་པོ་ཆེ་ཕུད་ད་ལྟའི་ཆར་བློ་བཟང་སེང་གེ་ལས་ལྷག་ཅིག་མེད་པ་ང་ཚོ་ཚང་མས་ཤེས་གསལ་རེད།
སྲིད་སྐྱོང་གི་ཁང་རིན་སྐོར་ཁ་ཉིན་ཨ་རིའི་ཀུན་གླེང་ནང་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སོང་། ཤར་ཕྱོགས་ཁུག་རྟས་ཆོ་མེད་ཀྱི་སྐད་ཆ་རྐྱང་བཤད་ཀྱི་འདུག མི་ངོ་མ་ཁྱོ་མེད་ཅིག་རེད། དྲན་རྒྱུ་རྒོད་པོ། ཕྲ་དོག་ཚ་པོ། སྒེར་ནད་མ་ཐེབས་ནས་སྐྱོན་འདྲ་མི་འདྲ་འཚོལ་གྱི་འདུག དེ་འདྲ་བྱེད་ན་ཡག་པོ་མི་འདུག བོད་སྤྱི་པར་གནོད་ཀྱི་རེད།
ཆེས་ཡ་མཚན་པ་བ་ཞིག་ལ་རང་རིགས་ཤར་ཁུག་མིང་ཅན་འདིའི་སྔ་རྗེས་བར་གསུམ་དུ་དཔལ་ལྡན་སྲིད་སྐྱོང་བློ་སེང་ལ་གཞི་མེད་སྐྱོན་བརྗོད་བྱེད་དང་བྱེད་བཞིན་པ་ཁག་མཐོང་བས། མང་གཙོའི་སྤྱི་ཚོགས་ནང་རྒྱུ་མཚན་ཡོད་ན་གང་ལེགས་ཀྱང་མེད་བཞིན་དུ་སྤྱི་ཚོགས་ནང་འདི་བཞིན་རྒྱུན་དུ་བསྒྲགས་བཞིན་པ་འདི་ལ་རང་རིགས་ཚང་མས་ཐུགས་སྣང་གནང་རྒྱུ་གལ་ཆེན་དུ་མཐོང་བ་མ་ཟད་། འདི་ནི་མང་གཙོའི་ལམ་སྲོལ་དང་བཟང་སྤྱོད་དེང་གི་ང་ཚོའི་གནས་བབ་དང་ཡོངས་སུ་འགལ་བ་ཙམ་མ་ཡིན་པ་དགྲ་དགའ་གཉེན་སྡུག་གི་བྱ་བ་བསྒྲུབ་བཞིན་པ་ཞིག་ཏུ་མཐོང་། དཔལ་ལྡན་སྲིད་སྐྱོང་མཆོག་ལ་མཚན་སྨད་ཇི་ལྟར་ཞུས་ཀྱང་ཁུག་རྟ་རང་ཉིད་ངལ་བའི་རྒྱུ་ལས་ཉི་ཤར་སྦར་མོས་འགེབས་མི་ཐུབ་པ་དང་ཆེས་མཚུངས་སོ།།
གནས་ཚུལ་ཅི་ཞིག་ཡིན་མོད་ཞིབ་གསལ་བདེན་དཔང་དགོས་པ་ནི་གལ་གང་ཧ་ཅང་ཆེ།
འབྲོག་རྒན་ནས་ཡག་མོ་བཤད་འདུག། ཤར་ཕྱོགས་ཁུག་རྟས་སྨྱུག་ཐོགས་ཡིན་ཁུལ་གྱི་སྨྱོན་གཏམ་ཁུངས་མེད་མང་པོ་བརྗོད་འདུག་པའི་ཆིག་སྒྲིལ་ལ་གནོད་པ་ཆེ།
ཨ་རོགས། མྱི་ལྡང་། ད་ཟུག་ནས་མ་འདུག སྲིད་སྐྱོང་ལགས་ཀྱི་ཁང་རིན་གསོབ་པར་ལོ་སུམ་ཅུ་འགྲོ་ནི་ཁྱེད་ཀྱི་ཇི་ལྟར་ཤེས། དེ་ནས་ཁོང་ལ་དངུལ་མེད་པ་ཇི་ལྟར་ཤེས། ཁང་གླ་དེ་སྔོན་ཡིན་ན་སྲིད་སྐྱོང་མ་ཐོབ་སྔོན་གྱི་བདུན་ཕྲག་གཅིག་རེད་ཟེར། ད་ཁྱོབ་གིས་བདུན་ཕྲག་གཅིག་རྗེས་ལ་རེད་ཟེར་གི། ཡང་སྙིང་ཅི་རེད། ཁྱེད་ཀྱིས་སྔོན་དང་རྗེས་གཉིས་བརྗེ་པོ་བརྒྱབ་བཞག་ནི་མ་རཱ། དངུལ་རྐྱང་སྤྲད་ཆོག་མིན་གྱི་རྙོག་དྲ་ཞིག་ཡོད་ན་ཨ་རིའི་ཁྲིམས་ཁང་གི་ག་རེ་བྱེད་ནས་ཐག་མ་གཅོད་ནི་རེད། སྲིད་སྐྱོང་བཟའ་ཚང་གཉིས་ཀྱི་ལོ་༡༦རིང་དཀའ་ལས་བརྒྱབ་ན་དངུལ་དེ་འདྲ་ལོས་གསོག་ཐུབ། འདི་ནས་ཁྲིམས་འགལ་བྲོས་བྱོལ་དུ་འགྲོ་མཁན་ཚོས་ཀྱང་ལོ་གསུམ་བཞིའི་ནང་ཧིན་སྒོར་འབུམ་བཅུ་ཁ་ཞིག་བཟོ་བཞག་གི་འདུག་གཱ། དངུལ་ལ་བསམ་ན་སྲིད་སྐྱོང་བློ་བཟོང་སེང་གེ་རྡ་སར་མ་ཡོང་ན་འགྲིག་གཱ། ད་སྲིད་སྐྱོང་ལ་ཁ་གཏོང་ནི་མ་འདུག ཁོང་ལ་ཅི་གནོད་ནི་མ་རེད། ཁྱེད་རང་ཉིད་གད་སྙིགས་ནང་ཟག་འགྲོ་རྒྱུ་རེད། དྲང་མོ་དྲང་བཞག་ཡིན་གོ། གཞི་མེད་སྐྱོན་འཛུགས་བྱེད་ན་ཉེས་པ་གསག་ནི་རེད།