མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒྲིག་གཞི་ཁ་གསལ་མེད་པའི་སྐྱོན་འདུག

བོད་ཀྱི་དུས་བབ།
༢༠༡༥/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

 

བློ་ཕངས་པ་ཞིག་ལ་འོས་མིར་འགྲོ་གྲོན་གཏོང་ཕྱོགས་ཀྱི་སྒྲིག་ཁྲིམས་འདིའི་ནང་གསལ་ཁ་མེད་པའི་གནད་དོན་ཡོད་རྐྱེན། གཞུང་གི་ངོས་འཛིན་ཡོད་ཀྱང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁ་ཤས་ཀྱིས་སྒྲིག་ཁྲིམས་དེར་གཡོལ་བའི་ཐོག་ནས་ཁོ་ཚོས་འོས་འདོན་བྱས་པའི་འོས་མི་ཚོར་དམིགས་བསལ་ཁེ་བཟང་རག་གི་ཡོད་ཟེར།

 

DSC_8575དེ་རིང་ཞོགས་པའི་ཆུ་ཚོད་ ༩ སྟེང་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲོག་འོག ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༥ ནས་ ༢༠ བར་གྱི་ཉིན་གྲངས་ལྔའི་རིང་། ཨེ་ཤ་ཡ་དམངས་གཙོ་འབྲེལ་མཐུད་ཁང་ (ADN) དང་ཨེ་ཤ་ཡ་རང་དབང་འོས་བསྡུའི་འབྲེལ་མཐུད་ཁང་ (ANFREL) གཉིས་ཀྱི་ཆེད་ཕེབས་སྐུ་ཚབ་བཞིས་བཙན་བྱོལ་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ལས་རིམ་ཧྲིལ་བོར་ཞིབ་འཇུག་གོ་བསྡུར་ཞུས་པའི་སྐོར་གྱི་གསལ་འགོད་ལྷན་ཚོགས་ཤིག་སྐོང་འཚོགས་གནང་སོང་།

 

གསར་འགོད་ལྷན་ཚོགས་སྟེང་སྐུ་མགྲོན་གཙོ་བོ་ཨེ་ཤ་ཡ་རང་དབང་འོས་བསྡུའི་འབྲེལ་མཐུད་ཁང་གི་འབྲེལ་མཐུད་པ་སྐུ་ཞབས་ར་ཡན་ (Ryan D. Whelan) ལགས་དང་། བལ་ཡུལ་དུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་འོས་བསྡུ་རྟོག་ཞིབ་མཐུན་ཚོགས་ (NEMA) ཀྱི་འབྲེལ་མཐུད་པ་སྐུ་ཞབས་ཕི་ར་ཌི་ཕུ་གྷི་མེར་ (Pradip Ghimire) ལགས་དང་སྲས་མོ་ཀཱན་ཆིན་ཁ་ཐི་རི་ (Kanchan Khatri) ལགས་གསུམ་ཆེད་ཕེབས་ཐོག སྐུ་ཞབས་ར་ཡན་ལགས་ནས་ད་རེབ་ཀྱི་བཙན་བྱོལ་བོད་མིའི་སྔོན་འགྲོའི་རྒྱལ་ཡོངས་འོས་བསྡུའི་ལས་རིམ་སྐོར་གྱི་གསར་འགོད་གསལ་བསྒྲགས་བསྐྱངས་པའི་ནང་། ད་རེབ་བཙན་བྱོལ་བོད་མི་མང་པོས་སྐབས་ ༡༥ པའི་སྲིད་སྐྱོང་དང་སྐབས་ ༡༦ པའི་སྤྱི་འཐུས་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་དེ་བཞིན་ཞི་འཇགས་དང་ཚགས་ཚུད་ཀྱི་ཐོག་ནས་འོས་འདེམ་གནང་བར་འདི་ག་འབྲེལ་མཐུད་ཁང་གཉིས་ནས་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུ་རྒྱུ་དང་། ཐེངས་འདིའི་སྔོན་འགྲོའི་འོས་བསྡུའི་ལས་རིམ་བརྒྱུད་ནས་བྱུང་བའི་ཉམས་མྱོང་གཞིར་བཟུང་ཐོག མ་འོངས་པར་བཙན་བྱོལ་བོད་མིའི་དམངས་གཙོའི་ལས་རིམ་འདི་སྔར་བས་སྲ་བརྟན་ཡོང་བར་ང་ཚོས་ཡིད་ཆེས་དང་རེ་བ་བྱེད་བཞིན་ཡོད། ༢༠༡༡ ལོའི་འོས་བསྡུ་དང་བསྡུར་ན། འདི་ལོའི་འོས་བསྡུའི་ལས་རིམ་ནང་མང་ཚོགས་སྔར་བའི་མང་པོ་ཚ་ཚ་འུར་འུར་དུ་མཉམ་ཞུགས་བྱས་ཡོད་པའི་རྒྱུ་མཚན་ནི། ད་རེབ་འོས་བསྡུའི་ཁྱབ་བསྒྲགས་དང་བགྲོ་གླེང་སོགས་དམངས་གཙོའི་ལས་རིམ་ཆ་ཚང་སྔོན་ཆད་དང་བསྡུར་ན་གྲ་རྒྱས་པོ་དང་ཚགས་ཚུད་པོ་བྱུང་འདུག་པ་དང་། ལྷག་པར་དུ་ཕྱི་ཚེས་ ༡༨ ཉིན་གྱི་སྔོན་འགྲོའི་འོས་བསྡུའི་སྐབས་སུ་མི་མང་འོས་བསྡུའི་ས་ཚིགས་སོ་སོར་གྲལ་རིང་པོ་སྒྲིག་ནས་ཧ་ཅང་དོ་སྣང་ཆེན་པོའི་སྒོ་ནས་འོས་བླུགས་སོང་། ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༣ ཚེས་ ༢༠ ཉིན་མཐའ་མའི་དངོས་གཞིའི་འོས་བསྡུ་མཇུག་མ་སྒྲིལ་བར་དུ། མང་ཚོགས་བྱིངས་འོས་བསྡུའི་ནང་མཉམ་ཞུགས་དང་དོ་ཁུར་མུ་མཐུད་ཡོང་རྒྱུར་དགའ་བསུ་དང་སྐུལ་འདེད་བྱ་རྒྱུ་གལ་ཆེན་པོ་རེད།

 

དེ་བཞིན་འདི་ག་ཚོགས་པ་གཉིས་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལྷན་ཁང་གིས་ངལ་བ་འཛེམ་མེད་གནང་སྟེ། སྔོན་འགྲོའི་འོས་བསྡུའི་ལས་རིམ་རྣམས་ཚགས་ཚུད་སྒྲུབ་ཐུབ་པ་གནང་བར་བསྔགས་བརྗོད་ཞུ་བཞིན་ཡོད་ལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་འཛམ་གླིང་ཡུལ་ལུང་གང་སར་ཁ་འཐོར་དུ་གྱར་ཡོད་ནའང་། དབུས་འོས་བསྡུ་ལྷན་ཁང་གིས་ས་ཁུལ་དང་ཡུལ་ལུང་ཚང་མར་འོས་བསྡུའི་ས་ཚིགས་བཙུགས་ཏེ། མི་མང་བྱིངས་འོས་བསྡུའི་ནང་མཉམ་ཞུགས་ཡོང་ཐུབ་བཟོས་ཡོད་པ་དེ་ཆེས་བསྔགས་སུ་འོས་པ་མ་ཟད། འཛམ་གླིང་ཡུལ་ལུང་གཞན་པའི་འོས་བསྡུ་ལྷན་ཁང་ཁག་གི་ངོས་ནས་ཀྱང་མིག་དཔེར་ལྟ་དགོས་པ་ཞིག་ཆགས་ཡོད། ད་ཆར་མཐའ་མའི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་མ་འཐོན་བར་གྱི་ཟླ་བ་ ༥ ལྷག་གི་དུས་ཡུན་འདི་བེད་སྤྱད་ནས། སྔོན་འགྲོའི་སྐབས་ཀྱི་ཉམས་མྱོང་ག་རེ་ཐོབ་ཡོད་མེད་ཐད་ལ་ཕྱིར་རྟོགས་བྱས་ཏེ། མཐའ་མའི་འོས་བསྡུའི་སྐབས་སུ་དམངས་གཙོའི་ལས་རིམ་དེ་སྔར་བའི་གཏིང་ཇེ་ཟབ་དང་ཚགས་ཇེ་ཚུད་དུ་བཏང་བ་ཡིན་ན། དམངས་གཙོའི་ལས་རིམ་འདི་ཡར་རྒྱས་གོང་འཕེལ་ཡོང་བར་ཕན་ཐོག་ཆེན་པོ་ཡོང་གི་རེད།

 

སྤྱིར་འོས་བསྡུ་ལྷན་ཁང་ག་འདྲ་ཞིག་ཡིན་ནའང་། འོས་བསྡུ་ལྷན་ཁང་ནས་དྲང་སྙོམས་དང་རང་ཚུགས་ལྡན་པ། ལས་དོན་བྱེད་ཕྱོགས་ཚགས་ཚུད་ཡོང་དགོས་པ་དེ་གལ་ཆེན་པོ་ཡིན་པ་སྨོས་མེད་ཐོག ད་ལྟའི་རང་ཚུགས་ལྡན་པའི་འོས་བསྡུ་ལྷན་ཁང་གི་ལས་དོན་ཁག་སྔར་བའི་སྲ་བརྟན་ཡོང་བའི་ཆེད་དུ། འོས་བསྡུ་ལྷན་ཁང་གིས་ད་ལྟའི་འོས་བསྡུའི་སྒྲིག་གཞི་འདི་ཡར་རྒྱས་དང་ཕྱོགས་ཡོངས་ནས་གཅིག་མཚུངས་ལག་བསྟར་ཡོང་བར་ལས་དོན་ཁ་ཤས་ཤིག་བསྒྲུབ་དགོས་འདུག་པར་ང་ཚོས་ངོས་འཛིན་དང་རེ་བ་བྱེད་ཀྱི་ཡོད། དེ་ཡང་དཔེར་ན། འོས་བསྡུའི་སྐབས་སུ་འོས་མིའི་ཐད་འགྲོ་སོང་གཏོང་བར་ཚད་བཀག་བཟོས་ཡོད་པ་དེ་ཕྱོགས་ཡོངས་ནས་འདྲ་མཉམ་གྱིས་ཁྱབ་ཐུབ་བྱ་རྒྱུར་བསམ་ཞིབ་ནན་མོ་གཏོང་དགོས་ཀྱི་འདུག་ལ། དེ་དག་འདྲ་མཉམ་ཡོང་བའི་ཆེད་དུ་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་ལས་དོན་བསྒྲུབ་དགོས་ པ་མ་ཟད། སྔོན་འགྲོའི་སྐབས་ཀྱི་སྲིད་སྐྱོང་གི་འོས་ཤོག་གྲུབ་འབྲས་དེ་གང་མགྱོགས་སྒོས་མང་ཚོགས་ལ་གསལ་འདོན་ཐུབ་རྒྱུར་འབད་བརྩོན་བྱ་དགོས། ཞེས་དང་།

 

གསར་འགོད་གསལ་བསྒྲགས་ནང་མུ་མཐུད། བློ་ཕངས་པ་ཞིག་ལ་འོས་མིར་འགྲོ་གྲོན་གཏོང་ཕྱོགས་ཀྱི་སྒྲིག་ཁྲིམས་འདིའི་ནང་གསལ་ཁ་མེད་པའི་གནད་དོན་ཡོད་རྐྱེན། གཞུང་གི་ངོས་འཛིན་ཡོད་ཀྱང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁ་ཤས་ཀྱིས་སྒྲིག་ཁྲིམས་དེར་གཡོལ་བའི་ཐོག་ནས་ཁོ་ཚོས་འོས་འདོན་བྱས་པའི་འོས་མི་ཚོར་དམིགས་བསལ་ཁེ་བཟང་རག་གི་ཡོད། དེར་བརྟེན། འོས་བསྡུ་ལྷན་ཁང་གི་འགྲོ་གྲོན་དང་འབྲེལ་བའི་སྒྲིག་ཁྲིམས་དེ་དག་འདྲ་མཉམ་དང་ཚད་ལྡན་ཡོང་ཆེད། དབུས་འོས་བསྡུ་ལྷན་ཁང་གིས་གཞུང་གི་ངོས་འཛིན་ཡོད་ཀྱང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དེ་དག་གིས་ལེན་བཞིན་པའི་ཁེ་བཟང་རྣམས་གཏན་འགོག་བྱ་རྒྱུའམ། ཡང་ན་གཞུང་གི་ངོས་འཛིན་ཡོད་མེད་ཅི་རིགས་ཀྱི་ཚོགས་སྡེ་ཚང་མར་འདྲ་མཉམ་ཐོག་ཁྱབ་པ་བྱ་དགོས། ཞེས་སོགས་འཁོད་འདུག

 

དེའི་རྗེས་དྲི་བ་དྲིས་ལན་སྐབས་སུ། གསར་འགོད་པས་དབུས་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་འོས་མི་ལྔའི་ནང་ནས་འོས་མི་གཉིས་པ་དང་གསུམ་པའི་བར་ཁྱད་པར་བརྒྱ་ཆ་ ༢༠ ལས་ཉུང་བ་ཡོད་ན། འོས་མི་གསུམ་པ་དེ་འདོན་རྒྱུ་ཡིན་སྐོར་གསལ་བསྒྲགས་ཟིན་པ་ལྟར། དེའི་སྐོར་ལ་དགོངས་ཚུལ་ག་རེ་ཡོད་མེད་དྲིས་པར། སྐུ་ཞབས་ར་ཡན་ལགས་ཀྱིས་དེ་ནོར་བ་རེད། སྤྱིར་བཏང་གནས་ཚུལ་དེ་སྔོན་འགྲོའི་འོས་བསྡུ་མ་ཚུགས་གོང་ནས་མང་ཚོགས་ལ་གསལ་བཤད་བྱས་ནས་དོགས་གཞི་མེད་པ་བཟོས་དགོས་པ་རེད། ཅེས་བརྗོད་སོང་།

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

ཆུ་ཚོད་ ༢ སྔོན་ལ།
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

ཆུ་ཚོད་ ༤ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༢༢ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༢༢ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

ཆུ་ཚོད་ ༢༢ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese