མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དགའ་ལ་སྡང་བའི་ཨ་རི།

བོད་ཀྱི་དུས་བབ།
༢༠༡༥/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

མོ་རོན་ཞོའུ་ཚོན་གྱིས་བྲིས། འཇིགས་མེད་རྒྱ་མཚོས་བསྒྱུར།

དགའ་སྡིང་པར།ཨ་རིའི་ཁང་རྩེག་འགས་གཏོར་གྱི་ཉིན་མོ་ ༩།༡༡ དོན་རྐྱེན་བྱུང་ནས་ལོ་ ༡༠ འཁོར་བའི་ཉིན་མོར་རྒྱ་ནག་རྨ་བྱ་བརྙན་འཕྲིན་ཁང་གིས་དངོས་བྱུང་ཟིན་ཐོའི་བརྙན་ཐུང་ཞིག་བསྟན་ཏེ། རྒྱ་ནག་མི་མང་གིས་ ༩།༡༡ དོན་རྐྱེན་དང་ཨ་རིའི་རྒྱལ་ཁབ་ལ་ལྟ་ཚུལ་ཅི་ཡོད་རྟོག་ཞིབ་བྱས་འདུག  དེའི་ནང་དུ་ཚོང་བ་ཡིན་མདོག་གི་སྐྱེས་པ་གཅིག་གིས་ “དཔེ་ཡག་པོ་བཀད་སོང་།” ཞེས་བརྗོད་འདུག ཡང་སྟོད་ཐུང་ཁྲ་ཁྲ་གྱོན་པའི་སྐྱེས་པ་ཞིག་གིས་ “ཨ་རི་ལ་དོན་རྐྱེན་དེ་དག་ཐེངས་མང་ཡོང་དགོས་ཀྱི་འདུག” དེ་བཞིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཡོད་པའི་སློབ་མ་ཞིག་གིས་དགའ་སྣང་གིས། “ཨ་རི་བཙན་དབང་རིང་ལུགས་ཡིན་སྟབས། ཁོ་ལ་བརྙས་བཅོས་བྱས་ན་ང་དགའ་ཡི་འདུག” ཅེས་བརྗོད་འདུག འོན་ཀྱང་ཅུང་ཙམ་གྱི་རྗེས་སུ་བརྙན་ཐུང་དེའི་ནང་། གསར་འགོད་པས་གནམ་བདེ་སྒོ་མོའི་ཆེའི་སློབ་མ་དེར་ཁོའི་མ་འོངས་དམིགས་འདུན་ག་རེ་ཡིན་པ་དྲིས་སྐབས། ཁོས་ཨ་རིར་སློབ་སྦྱོང་ལ་འགྲོ་འདོད་ཡོད་སྐོར་དང་ཨ་རིར་དགའ་བོ་ཡོད་ཚུལ། གལ་སྲིད་ཨ་རི་ནས་ཕྱིར་ལོག་མ་དགོས་པ་བྱུང་ན་ཕྱིར་སློག་རྩིས་མེད་སྐོར་སོགས་བརྗོད་འདུག

 

བརྙན་ཐུང་དེ་ལོ་ ༤ ཡི་སྔོན་ལ་བླངས་པ་ཞིག་རེད། ལོ་བཞིའི་རྗེས་སུ་རྒྱ་ནག་པས་ཨ་རིར་ལྟ་སྟངས་དེ་འགྱུར་བ་ཆེན་པོ་གང་ཡང་བྱུང་མི་འདུག ཕྱི་ཟླ་ ༩ པའི་ཚེས་ ༣ ཉིན་ཞི་ཅིན་ཕིན་གྱིས་པེ་ཅིན་ནས་གཞི་རྒྱ་ཆེ་བའི་དམག་དཔུང་རུ་སྒྲིག་རྔམ་སྟོན་བྱས་སོང་། ངའི་སློབ་གྲོགས་གཅིག་གིས་དམག་མིའི་རུ་སྒྲིག་དང་། དེང་དུས་ཀྱི་དམག་ཆོས་མཐོང་དུས་ཁོ་སྤྲོ་སྣང་གིས་མཚན་གང་བོར་གཉིད་ཁུག་མེད་པར་སྐད་འཕྲིན་ཚོགས་པའི་ནང་དུ། “ཨ་རི་བཙན་རྒྱལ་རིང་ལུགས་ཀྱིས་ང་ཚོ་གཏོར་བཤིག་གཏོང་རྒྱུའི་བསམ་བློ་ཡོད་སྟབས། གྲོགས་པོ་ཚོས་དོགས་ཟོན་བྱ་དགོས།” ཞེས་བྲིས་འདུག

 

འོན་ཀྱང་ཟླ་ཤས་སྔོན་ལ་ཁོས་རང་ཉིད་ཀྱི་བུ་མོ་ཨ་རིའི་བྷོ་སི་ཊོན་དང་ཧྭ་ཝ་ཌི་སློབ་ཆེན་ནང་སྤྲོ་འཆམ་དུ་ཁྲིད་ཡོད་པ་དང་། སྐབས་དེར་ཁོས་ཨ་རིའི་སྡིག་སྲིན་ཧ་ཅང་ཆེན་པོ་ཟོས་པའི་སྐོར་སོགས་སྤྱི་ཚོགས་དྲ་ཐོག་ཏུ་བཀོད་ཡོད་པ་མ་ཟད། རང་གི་བུ་མོ་ཨ་རིར་གཏོང་རྒྱུའི་དམ་བཅའ་འང་བྱས་ཡོད་འདུག ད་དུང་ཁོས་ “ང་ཚོའི་མི་རབས་རྗེས་མ་རྣམས་ངེས་པར་དུ་ཁོར་ཡུག་འབགས་བཙོག་མིན་ཞིང་། ཟ་སྣུམ་བསྐྱར་དུ་མི་སྤྱོད་པ། འོ་རྩམ་ནང་དུག་མེད་པའི་ས་ཆ་ཞིག་ནས་འཚོ་སྡོད་བྱ་དགོས་ཀྱི་འདུག” ཅེས་བྲིས་འདུག

 

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་གཞོན་སྐྱེས་དེ་དང་ངའི་སློབ་གྲོགས་རྙིང་བ་དེ་གཉིས་སེམས་རྣལ་དུ་མི་གནས་པར། ཨ་རི་ལ་འགལ་ཟླའི་ཚོར་སྣང་ཡོད་པ་དེ་དམིགས་བསལ་གང་ཡང་མ་རེད། རྒྱ་རིགས་མང་པོ་ཞིག་ལ་མཚོན་ན། ཁོ་ཚོས་ཨ་རིའི་སྲིད་བྱུས་ཀྱི་ལམ་ལུགས་དང་འཚོ་བ་སྐྱེལ་སྟངས་སོགས་ལ་ཡིད་སྨོན་འཆོར་བཞིན་ཡོད་ཀྱང་། དེ་དང་མཉམ་དུ་ཨ་རི་ལ་དགྲ་ཟླའི་འདུ་ཤེས་ཤུགས་ཆེན་པོ་བཟུང་ཡོད།

 

ལོ་འདིའི་ལོ་སྟོད་ལ་ཕེའོ་ཉམས་ཞིབ་ལྟེ་གནས་ཁང་ (Pew Research Center ) གིས་བཏོན་པའི་སྙན་ཐོའི་ནང་། རྒྱ་ནག་མི་མང་བརྒྱ་ཆ་ ༤༤ ཨ་རི་ལ་དགའ་བ་དེ་རྒྱལ་ཁབ་ ༤༠ ཡི་ནང་ཉམས་ཞིབ་བྱས་པའི་ཁྲོད་ཀྱི་ཨང་རིམ་ ༣༣ ཆགས་ཡོད་ཅིང་། དེ་ལྷོ་ཀོ་རི་ཡ་དང་བསྡུར་ན་བརྒྱ་ཆ་ ༨༣ དང་ཉི་ཧོང་དང་བསྡུར་ན་བརྒྱ་ཆའི་ ༧༦ ལས་ཚད་དམའ་བོ་ཆགས་ཡོད་འདུག

 

རྒྱ་ནག་མི་མང་ཨ་རི་ལ་སྡང་སེམས་ཡོད་པ་དེ་གཙོ་བོ་རྒྱ་གཞུང་གིས་ཁྱབ་བསྒྲགས་ལས་བྱུང་ཡོད་འདུག གང་ཡིན་ཞེ་ན། གསར་འགྱུར་དང་བརྡ་འཕྲིན་ལྟ་ཀློག་བཀག་སྡོམ་བྱས་ཡོད་སྟབས། རྒྱ་ནག་མི་མང་མང་ཆེ་བས་ཕྱིའི་རྒྱལ་ཁབ་ཁག་གི་དངོས་ཡོད་འཚོ་བར་རྒྱུས་ལོན་བྱེད་ཐུབ་ཀྱི་མེད་པས་རེད། ཉེ་བའི་ལོ་བཅུ་ཕྲག་རིང་རྒྱ་ནག་གཞུང་གིས་རྒྱུན་པར་ཨ་རིའི་དངོས་ཡོད་གནས་ཚུལ་མང་པོ་ཞིག་ལ་གཡོལ་ཐབས་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་གྱིས་ཨ་རི་ནི་རྒྱ་ནག་གི་དགྲ་བོ་ཡིན་པ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་མ་ཟད། འདས་པའི་མི་ལོ་ ༦༠ ནང་ཨ་རི་དང་འགལ་ཟླ་ཡིན་པའི་སློབ་གསོ་སྤྲད་ཡོད་སྟབས། མི་མང་ཆེ་བས་རྗེས་དཔག་གིས་ཨ་རི་ལ་ཁོན་སེམས་འཆིང་ཡོད་འདུག

 

༢༠༡༣ ལོར་རྒྱ་ནག་དམག་དོན་གྱི་དངོས་བྱུང་བརྙན་ཐུང་གཞན་པ་ཞིག “ཁུ་སིམ་པོའི་འགྲན་བསྡུར་” ཞེས་པའི་ནང་ཨ་རི་དགྲ་ནག་གཏེ་བོ་རུ་བརྩིས་ཡོད་པ་མ་ཟད། ཨ་རིའི་འཐབ་ཇུས་ངན་པས་རྒྱ་ནག་དབང་བསྒྱུར་དང་ཁ་འབྲེལ་ཏུ་གཏོང་གི་ཡོད་པ་སོགས་བརྗོད་འདུག དེའི་རིགས་ནི་རྒྱ་ནག་གཞུང་འཛིན་པས་དུས་རྒྱུན་དུ་ཁ་ནས་བཤད་ཀྱི་ཡོད་ཀྱང་རེད། སྒེར་སྤྱོད་སྲིད་གཞུང་མང་ཆེ་བ་གཅིག་མཚུངས་རེད། རྒྱ་ནག་སྲིད་གཞུང་གིས་ཁོ་ཚོ་ནི་མི་དམངས་སྲུང་སྐྱོབ་བྱེད་མཁན་གྱི་ལྷ་ལྟ་བུ་ཞིག་འཁྲབ་སྟོན་བྱ་རྒྱུར་དགའ་བོ་ཡོད་སྟབས། གལ་སྲིད་རྒྱ་ནག་ལ་སྟོབས་ཤུགས་ཆེ་བའི་ཕྱི་དགྲ་ཆེན་པོ་ཞིག་གླེང་རྒྱུ་མེད་ན། ཁོ་ཚོའི་སྲུང་སྐྱོབ་ལ་དོན་སྙིང་མེད་པ་ཆགས་འགྲོ་སྟབས། རྒྱ་ནག་གཞུང་ལ་སྟོབས་ཤུགས་དང་སྡུག་རྩུབ་ཆེ་བའི་ཨ་རི་ལྟ་བུ་ཞིག་ཡོད་དགོས་པ་དེ་ཁོ་ཚོའི་སྲིད་གཞུང་ཡང་དག་ཡིན་པའི་འབྱུང་རྩ་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད།

 

གོ་ལ་གཅིག་གྱུར་གྱི་དུས་རབས་འདིར། ཨ་རྒྱ་གཉིས་ཀྱིས་འབྲེལ་འདྲིས་གང་མང་བྱས་པར་རྒྱ་ནག་སྲིད་གཞུང་གིས་གནས་ཚུལ་ཡོངས་རྫོགས་བཀག་སྡོམ་བྱ་ཐབས་མེད་སྟབས། ཨ་རི་ལ་རྒྱུས་ལོན་དང་སློབ་སྦྱོང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག ཨ་རིའི་གློག་བརྙན་དང་བརྙན་འཕྲིན། ཚོང་རྫས་སོགས་རིག་གཞུང་གི་ཤུགས་རྐྱེན་མང་པོ་ཞིག་རྒྱ་ནག་གི་ཉིན་རེའི་འཚོ་བའི་ནང་འཐིམ་བཞིན་ཡོད་སྟབས། རྒྱ་ནག་གི་དྲ་རྒྱའི་ཐོག དྲ་འབུ་མང་པོ་ཞིག་གིས་སྐད་གསང་མཐོན་པོས་ཨ་རིའི་གཞུང་གི་ཆབ་སྲིད་ལམ་ལུགས་དང་། གོ་ལ་སྤྱི་ཡོངས་ཀྱི་ལས་དོན་སྲུང་སྐྱོབ་བྱེད་པར་བསྔགས་བརྗོད་བྱེད་བཞིན་ཡོད་པ་མ་ཟད། མི་ཁ་ཤས་ཀྱིས་ཉེ་བའི་ལོ་མང་རིང་རྒྱ་ནག་གཞུང་གིས་ཨུ་རུ་སུའི་གཞུང་ལ་མཉེས་པོ་གནང་གི་ཡོད་སྟབས། ཨ་རི་དང་ཨུ་རུ་སུ་གཉིས་ཀྱིས་རྒྱ་ནག་ལ་བཞག་པའི་བག་ཆགས་གཤིབ་བསྡུར་བྱས་ཏེ་ཁོ་ཚོས་དོགས་གཞི་ཆེན་པོས་ “ང་ཚོས་གྲོགས་པོ་བདམས་པ་ནོར་མེད་དམ།” ཞེས་དོགས་འདྲི་བྱེད་ཀྱི་འདུག

 

རྒྱ་ནག་གི་མི་མང་པོ་ཞིག་གིས་ཕྱོགས་གཅིག་ནས་ཨ་རིས་རྒྱ་ནག་ལ་ཡག་པོ་བྱེད་ཀྱི་མེད་པའི་ཚོར་སྣང་ཡོད་ཀྱང་། དེ་དང་མཉམ་དུ་ཨ་རི་ལ་སོང་ནས་འཚོ་བ་བསྐྱལ་རྒྱུར་རེ་འདོད་ཆེན་པོ་བྱེད་ཀྱི་ཡོད་པ་རེད། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཁོ་ཚོས་ཀྱང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་གི་ཁོར་ཡུག་སོགས་ལ་ཁྲོ་སེམས་བཟུང་སྟེ། རང་ཉིད་ཀྱི་རྒྱུ་ནོར་བདེ་འཇགས་ཆེད་མང་པོ་ཞིག་གིས་ཨ་རིའི་ནེའུ་ཡོག་ལ་སོང་ནས་ཁང་པ་ཉོ་འདོད་བྱེད་མཁན་མང་པོ་ཡོད་ཀྱང་། རྒྱ་ནག་སྲིད་གཞུང་དང་ལམ་ལུགས་ལོགས་ཀ་ཡིན་པའི་རྒྱལ་ཁབ་གང་རུང་ཞིག་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་སྐབས། ཁོ་ཚོ་ལམ་སང་རྒྱ་ནག་གི་ཕྱོགས་སུ་ལང་པ་དང་མཉམ་དུ། ཁོ་ཚོས་རྒྱུན་དུ་ཨ་རིའི་ནང་མི་རིགས་དབྱེ་འབྱེད་དང་མེ་མདས་གནོད་འཚེ་སོགས་ཀྱི་སྐྱོན་ཆ་ཡོད་སྐོར་བགྲང་ཡོང་གི་ཡོད།

 

འཛམ་གླིང་སྟེང་ཨ་རི་ལ་དགའ་སྡང་གི་ཚོར་ཤུགས་འདྲེས་མ་ཡོད་པ་རྒྱ་ནག་གཅིག་པུ་མ་རེད། འོན་ཀྱང་རྒྱ་ནག་ལ་དམིགས་བསལ་ཞིག་ཡོད་པ་དེ་རྒྱ་ནག་གཞུང་འབྲེལ་དཔོན་རིགས་ཚོ་དང་མཐོ་རིམ་མི་སྣའི་ཁྲོད་དུའང་ཨ་རིར་དགའ་སྡང་འདྲེས་མའི་ལྟ་སྟངས་ཡོད་པ་དེ་རེད། རྒྱ་ནག་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཚོས་རང་ཉིད་ཀྱི་ཕྲུ་གུ་ཨ་རིར་བསྐྱལ་ནས་སློབ་སྦྱོང་བྱས་པ་དང་མ་དངུལ་བཞག་ནས་གནས་སྡོད་བྱེད་འཇུག་གི་ཡོད། འདས་པའི་ལོ་མང་པོའི་ནང་རྒྱ་ནག་དམར་པོའི་སྲིད་གཞུང་གི་མཐོ་རིམ་མི་སྣ་ཚོས་རང་ཉིད་ཀྱི་བུ་ཕྲུག་དང་ཚ་བོ་ཚ་མོ་སོགས་ཨ་རིའི་ནང་གི་ཆེས་སྐད་གྲགས་ཆེ་བའི་སློབ་ཆེན་དག་གི་ནང་དུ་བསྐྱལ་ཡོད་པ་དང་། དཔེར་ན། ཆེས་སྙན་གྲགས་ཡོད་པའི་སྲིད་འཛིན་ཞི་ཅིན་ཕིན་གྱི་བུ་མོས་ཀྱང་ཧྭ་ཝ་ཌི་སློབ་ཆེན་ནས་སློབ་སྦྱོང་བྱས་ཡོད་པ་རེད། རྒྱ་ནག་གི་མི་འདི་དག་གིས་བག་ཕེབས་ལྷིང་འཇགས་ངང་ཨ་རིའི་ནང་གི་ཁྱད་དུ་འཕགས་པའི་འཚོ་བ་ལོངས་སུ་སྤྱོད་པ་དང་མཉམ་དུ། སྤྱི་ཚོགས་ནང་ཡོངས་གྲགས་སུ་ཚུལ་འཆོས་ཀྱི་ལྟ་ཚུལ་འགལ་ཟླར་བཏོན་པ་དེ་གཡོ་འགེབས་བྱ་ཐབས་མེད་པ་ཞིག་ཆགས་འདུག

 

སྤྱིར་རྒྱལ་སྲིད་གཞུང་གི་མགོ་ཁྲིད་ཚོས་ཕྱོགས་གཉིས་ཀྱི་འབྲེལ་བ་ལ་ཡིད་རྟོན་བྱེད་ཀྱི་མེད་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་ལ་ཡིད་ཆེས་བྱེད་ཀྱི་མེད་ཀྱང་། ཞིབ་བཤེར་གྱི་གྲིབ་མའི་འོག་མིའི་སེམས་ལ་ངར་ཤུགས་སློང་བ་ཞིག་ནི་རྒྱ་ནག་མི་སེར་དཀྱུས་མ་ཁ་ཤས་ཀྱིས་མིག་ཕྱེས་ཏེ། རྒྱལ་ཁབ་འདི་དང་ང་ཚོའི་འཇིག་རྟེན་གྱི་དངོས་ཡོད་གནས་ཚུལ་ལ་ཞིབ་ལྟ་བྱེད་བཞིན་ཡོད་སྟབས། ཨ་རིའི་དཔོན་རིགས་ཚོས་ཀྱང་གནས་ཚུལ་འདི་མཐོང་གི་ཡོད་སྟབས། ཨ་རྒྱ་གཉིས་བར་གྱི་འབྲེལ་བའི་རེ་བ་ཞིག་ཀྱང་ཆགས་ཡོད། འོན་ཀྱང་། གལ་སྲིད་ད་ལྟའི་རྒྱ་ནག་སྲིད་གཞུང་གིས་ཁོ་ཚོ་མི་དམངས་སྲུང་སྐྱོབ་བྱེད་མཁན་གྱི་ལྷ་རུ་འཁྲབ་སྟོན་བྱས་ཏེ། ཨ་རི་དང་འགལ་ཟླ་ཡིན་པའི་ཁྱབ་བསྒྲགས་ཐད་དུ་འབད་བརྩོན་བྱས་ན། ཨ་རྒྱ་གཉིས་ཀྱི་མཛའ་འབྲེལ་ནི་རྒྱང་ཐག་རིང་བའི་རྨི་ལམ་ཉག་ཅིག་གོ།

 

མ་རྩོམ་འབྲེལ་ཐག

 

http://cn.nytimes.com/opinion/20151016/c16iht-edmurong/

 

http://cn.nytimes.com/opinion/20151016/c16iht-edmurong/en-us/

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༦ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 1

  1. བརྩོན་རྒྱམ། says:
    ལོ་ 10 སྔོན།

    གང་ལྟར་གནས་སྟངས་གང་ལ་ལྟས་ན་རྒྱ་ནག་ཨ་རི་ལ་དགའ་བ་དང་དགའ་བའི་བྱ་བ་སྒྲུབ་ཡོད་པ་མ་རེད་མ་ཟད་དུས་ནམ་ཞིག་ལ་ཨ་རི་ལ་བཀྲ་མ་ཤིས་བ་ཞིག་མ་བྱུང་བ་ཡིན་ན་དེ་དུས་རྒྱ་ནག་གིས་འདོད་པ་གང་ཡོད་པ་རེད་ཡིན་ན་ཡང་ད་ལྟ་ནས་རྒྱས་མིག་ནང་གི་ཚེར་མ་སུ་རེད་ཟེར་ན་ཨ་རི་དང་ཉི་ཧོང་གཉིས་ཡིན་ནི་རེད་དེ་གཉིས་ལ་བཀྲིས་ཞིག་མ་བྱུང་བ་ཡིན་ན་རྒྱ་ནག་གིས་འདོད་པ་དེ་རེད།  ཡིན་ན་ཡང་ད་ལྟའི་དུས་ཚོད་ལ་འགྲོ་སྟངས་ཤིག་བྱེད་དགོས་བྱུང་དུས་འདི་འདྲ་རྔ་ལྟས་ནས་འཆམ་རྒྱག་དགོས་ཐུག་པ་རེད་མ་ཟད་རྒྱས་ངན་གཡོ་ཚང་མ་ད་ཕྱི་གསལ་གནང་གསལ་ཆག་བཞིན་ཡོད་པ་རྟགས་ན་ཤེས་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese