མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁུང་ཙི་ཞི་བདེའི་གཟེངས་རྟཊ་མི་དགོས་ཟེར།

བོད་ཀྱི་དུས་བབ།
༢༠༡༥/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་ནག་གི་འདི་ལོའི་ཁུང་ཙི་ཞི་བདེའི་གཟེངས་རྟཊ་ཟེར་བ་དབང་ཆ་སྒེར་གཅོད་པ་ཞིག་ལ་སྤྲོད་གཏན་འཁེལ་ཡོད་ཀྱང་རིན་ཐང་མེད་པར་བརྗོད་དེ་དང་ལེན་བྱས་མི་འདུག

 

22SINO-MUGABE01-articleLargeཉེ་སྔོན་རྒྱ་ནག་རྒྱལ་སྤྱིའི་ཞི་བདེ་ཞིབ་འཇུག་ལྟེ་གནས་ཚད་ཡོད་ཚོང་གཉེར་ཁང་ཟེར་བ་ཞིག་གིས། འདི་ལོའི་ཁུང་ཙི་ཞི་བདེའི་གཟེངས་རྟགས་དེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཛིམ་དྷབ་ཝེ(Republic of Zimbabwe)ཡི་སྲིད་འཛིན་རོ་བྷར་ཊི་མོ་གྷ་བྷི་(Robert Mugabe)ཞེས་པར་སྤྲོད་གཏན་འཁེལ་བ་གསལ་བསྒྲགས་བྱས་ཡོད་ཀྱང་། སྲིད་འཛིན་མོ་གྷ་བྷི་ཡིས་གཟེངས་རྟགས་དེར་རིན་ཐང་མེད་པ་མ་ཟད། དེ་བླངས་བ་ཡིན་ན་རྩོད་རྙོག་ཡོང་གཞི་ཞིག་ཏུ་འགྱུར་སྲིད་སྐོར་བརྗོད་དེ་དང་ལེན་བྱ་རྒྱུ་མིན་པ་ཕྱིར་བསྒྲགས་བྱས་འདུག

 

སྲིད་འཛིན་མོ་གྷ་བྷི་ལ་ཁུང་ཙི་ཞི་བདེའི་གཟེངས་རྟགས་སྤྲོད་གཏན་འཁེལ་བ་གསལ་བསྒྲགས་བྱས་རྗེས། ནུབ་གླིང་རྒྱལ་ཁབ་ཁག་གིས་གཙོས་རྒྱལ་སྤྱིའི་ཐོག་ནས་གླེང་སློང་ཆེན་པོ་བྱུང་སྟེ། སྲིད་འཛིན་མོ་གྷ་བྷི་ནི་ཨ་ཧྥེ་རི་ཁ་གླིང་གི་སྲིད་དབང་སྒེར་གཅོད་པའི་གཏེ་བོ་དང་། མི་གསོད་ཁྲག་སྦྱོར་བྱེད་མཁན་གྱི་དམག་དཔོན་ཆེན་མོ་ཞིག་ཡིན་སྐོར་གྱི་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༢༨ ཉིན་རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པས་གཟེངས་རྟགས་དེ་རྒྱ་ནག་གཞུང་དང་འབྲེལ་བ་གང་ཡང་མེད་ལ། དེ་སྔོན་རྒྱ་ནག་སློབ་གསོ་ཁང་གིས་གཟེངས་རྟགས་དེ་སྤྲོད་མཚམས་འཇོག་དགོས་པའི་ཉེན་བརྡ་ཐེངས་མང་བཏང་ཡོད་ཀྱང་བཀག་ཐུབ་མེད་སྐོར་བསྒྲགས་འདུག

 

རྒྱ་ནག་རྒྱལ་སྤྱིའི་ཞི་བདེ་ཞིབ་འཇུག་ལྟེ་གནས་ཚད་ཡོད་ཚོང་གཉེར་ཁང་ཟེར་བ་དེས། མོ་གྷ་བྷར་ཁུང་ཙི་ཞི་བདེའི་གཟེངས་རྟགས་སྤྲོད་དགོས་པའི་རྒྱུ་མཚན་འགྲེལ་བརྗོད་བྱས་པའི་ནང་། སྲིད་འཛིན་མོ་གྷ་བྷ་ཡིས་དུས་རབས ༢༠ པའི་ལོ་རབས ༨༠ ནས་བཟུང་ཛིམ་དྷབ་ཝེ་རྒྱལ་ཁབ་ཀྱི་སྲིད་འཛིན་བྱས་ཏེ། དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར་གྱི་སྒྲིག་གཞི་གསར་འཛུགས་བྱེད་པར་ཐོག་མཐའ་བར་གསུམ་དུ་འབད་བརྩོན་བྱས་ཏེ། མི་མང་ལ་ཕན་བདེ་བསྐྲུན་ཡོད་པ་མ་ཟད། མི་རིགས་ནག་པོས་དབང་སྒྱུར་གྲལ་རིམ་ལ་ངོ་རྒོལ་བྱེད་པའི་བསམ་བློའི་རླབས་རྒྱུན་དང་། ཨ་ཧྥེ་རི་ཁའི་རང་བཙན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ཧྥེ་གླིང་གི་གནའ་བོའི་ཤེས་རིག་བསྐྱར་དར་ལ་བྱས་རྗེས་མི་དམན་པ་བཞག་ཡོད་པ་དང་། ལྷག་པར་དུ་འདི་ལོའི་ཕྱི་ཟླ་ ༢ པ་ནས་ཁོ་བོས་ཨ་ཧྥེ་རི་ཁའི་མནའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོའི་འགན་འཁུར་ཏེ། གླིང་ཆེན་དེའི་ནང་ཞི་བདེའི་བྱ་གཞག་སྐུལ་འདེད་གཏོང་བཞིན་ཡོད་པ་དེ་ནི། དུས་རབས་ཉེར་གཅིག་པའི་མིའི་རིགས་ཀྱི་ཞི་བདེའི་བྱ་གཞག་གི་ལོ་རྒྱུས་འཕེལ་རིམ་ལ་གསོན་ཤུགས་གསར་པ་ཞིག་བསྐྲུན་ཡོད་སྟབས། ཕྱི་ལོ་ ༢༠༡༥ ལོའི་སྐབས་དྲུག་པའི་ཁུང་ཙི་ཞི་བདེའི་གཟེངས་རྟགས་སྤྲད་པ་ཡིན། ཞེས་བཀོད་འདུག

 

དེ་ཡང་རྒྱ་ནག་ལས་དོན་ཞེས་པའི་རྒྱ་ཡིག་དྲ་བའི་རྩོམ་སྒྲིག་པ་ཝུའུ་ཧྥན་ལགས་ཀྱིས། ཁུང་ཙི་ཞི་བདེ་གཟེངས་རྟགས་ཟེར་བ་དེ་འདུ་ཤེས་འཛིན་སྟངས་ཙམ་རེད་མ་གཏོགས་ཞི་བདེ་དང་གཏན་ནས་འབྲེལ་བ་མེད་པ་མ་ཟད། རྒྱ་ནག་གིས་གཟེངས་རྟགས་དེ་སྤྲད་ནས་གུང་ཁྲན་རིང་ལུགས་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་སྤེལ་བྱེད་ཐུབ་པའི་དམིགས་ཡུལ་བཅངས་ཡོད་སྟབས། གཟེངས་རྟགས་དེ་ཞི་བདེ་དང་ཁུང་ཙིར་འབྲེལ་བ་གང་ཡང་མེད། ཁུང་ཙི་ནི་འཛམ་གླིང་སྤྱི་མཐུན་གླེང་མཁན་གྱི་སློབ་དཔོན་ཞིག་ཡིན་ཡང་། ཁུང་ཙི་གཟེངས་རྟགས་དེ་སྤྲོད་སའི་མི་སྣ་དག་ནི་སྲིད་དབང་སྒེར་གཅོད་པ་ཤ་སྟག་ཡིན་སྐོར་བརྗོད་འདུག་ལ། ཆབ་སྲིད་དཔྱད་བརྗོད་པ་མང་པོས་རྒྱ་གཞུང་གིས་འཛམ་གླིང་ཐོག་སྙན་གྲགས་ཆེས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལ་འགྲན་སློང་འདོད་པ་ཙམ་ལས། ཁུང་ཙི་ཞི་བདེའི་གཟེངས་རྟགས་ལ་དོན་དངོས་ཀྱི་སྙིང་པོ་གང་ཡང་མེད་སྐོར་བརྗོད་འདུག

 

ཁུང་ཙི་ཞི་བདེའི་གཟེངས་རྟགས་ནི་རྒྱ་ནག་རྒྱལ་སྤྱིའི་ཞི་བདེ་ཞིབ་འཇུག་ལྟེ་གནས་ཚད་ཡོད་ཚོང་གཉེར་ཁང་ཟེར་བ་ཞིག་གིས་ཕྱི་ལོ་ ༢༠༡༠ ལོར་གསར་དུ་བཙུགས་ཡོད་ཅིང་། ཕྱི་ལོ་ ༢༠༡༡ ལོར་ཧོང་ཀོང་ནང་གནས་སྤོར་བྱས་ཡོད་པ་དང་། བྱ་དགའི་དངུལ་རྒྱ་སྒོར་ཁྲི་ ༥༠ ཡོད་པའི་གཟེངས་རྟགས་དེ་འདི་ལོར་སྤྲོད་ཐེངས་དྲུག་པ་ཡིན་ལ། ཐེངས་དང་པོ་དེ་རྒྱ་ནག་དང་ཐའེ་ཝན་བར་འབྲེལ་མོལ་བྱེད་པར་འབད་བརྩོན་ཆེན་པོ་བྱེད་མཁན་ཐའེ་ཝན་གྱི་སྲིད་བློན་ཟུར་པ་ཉན་ཀྲན་ལ་སྤྲད་ཡོད་པ་དང་། དེའི་རྗེས་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཨན་ནན་(Kofi Atta Annan)། ཁུའུ་བྷའི་སྲིད་འཛིན་ཁཱ་སུ་ཊོར་ར་ཛི་ (Fidel Alejandro Castro Ruz)སོགས་ལ་སྤྲད་ཡོད་ཀྱང་། རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཆོས་དཔོན་སི་ཡས་ཁྲིན་མ་གཏོགས། གཟེངས་རྟགས་ཕུལ་བའི་མཛད་སྒོར་དངོས་སུ་ཞུགས་ཏེ་གཟེངས་རྟགས་གཅིག་གིས་ཀྱང་བླངས་མེད་པ་རེད།

 

སྲིད་འཛིན་མོ་གྷ་བྷི་ད་ལྟ་ལོ་ན་ ༩༡ ཡིན་ཞིང་། ཕྱི་ལོ་ ༡༩༨༠ ལོར་ཛིམ་དྷབ་ཝེ་རྒྱལ་ཁབ་ཀྱི་སྲིད་བློན་བྱས་པ་དང་། ཕྱི་ལོ་ ༡༩༨༧ ལོ་ནས་ད་ལྟའི་བར་སྲིད་འཛིན་གྱི་འགན་འཁུར་ཏེ། ཁྱོན་ལོ་ངོ་ ༣༣ རིང་སྲིད་དབང་སྒེར་འཛིན་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོའི་ཛིམ་དྷབ་ཝེའི་སྲིད་འཛིན་འོས་འདེམས་སྐབས། སྔོན་འགྲོའི་འོས་འདེམས་ནང་ཁོ་བོའི་ཁ་གཏད་འོས་མི་ཅི་ལཱ་ལི་ལ་རྒྱལ་ཁ་ཐོབ་ཡོད་ཀྱང་། དབང་ཤུགས་ཀྱི་འཇིགས་སྐུལ་འོག་མཐའ་མའི་འོས་འདེབས་སྐབས་ཁ་གཏད་འོས་མི་ཅི་ལཱ་ལི་འོས་ཁོངས་ནས་ཕྱིར་འཐེན་བྱས་ཏེ། ཁོ་བོ་བསྐྱར་དུ་སྲིད་འཛིན་གྱི་གོ་གནས་སུ་བསླེབས་ཡོད་འདུག ཕྱི་ལོ་ ༢༠༡༣ ལོར་འདས་པའི་ལོ་ངོ་ ༣༠ ལྷག་རིང་བསྐྱར་བཅོས་བྱས་མེད་པའི་ཛིམ་དྷབ་ཝེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་ ༢༠ པར་བསྐྱར་བཅོས་བྱས་ཏེ། ཁོ་བོས་མོས་མཐུན་གྱི་མིང་རྟགས་བཀོད་ཡོད་པ་དང་། རྩ་ཁྲིམས་བསྐྱར་བཅོས་དེའི་ནང་སྲིད་འཛིན་ལས་ཡུན་ལོ་ ༥ དང་བསྟུན་མར་ཐེངས་གཉིས་མ་གཏོགས་བསྐྱར་བསྐོས་མི་ཆོག་པ་གཏན་འབེབས་བྱས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༣ སྔོན་ལ།
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

ཆུ་ཚོད་ ༣ སྔོན་ལ།
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

ཆུ་ཚོད་ ༢༡ སྔོན་ལ།
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese