མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་གུར་དྲག་སྤྱོད་པ་བསད་པ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༥/༡༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

 

ནེའུ་ཡོག་དུས་བབ་སོགས་རྒྱལ་སྤྱིའི་གསར་ལམ་ཁག་ཅིག་ཐོག་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་དབང་འཛིན་འོག་ཡོད་པའི་ཞིན་ཅིང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཟེར་བའི་ཨ་སི་ཁུ་(Asku) ས་གནས་ཀྱི་རྡོ་སོལ་གསེར་འདོན་ས་ཚིགས་ཤིག་ཏུ། དེ་རིང་སྔ་དྲོར་རྒྱ་ནག་རྒྱལ་སྲུང་དྲག་ཆས་དམག་དཔུང་གིས་གཏོར་རྒོལ་བཏང་སྟེ་ཡུ་གུར་བ་ ༡༦ དམར་གསོད་བཏང་ཡོད་པའི་གནས་ཚུལ་བཀོད་འདུག

 

898གནས་ཚུལ་འདིའི་སྐོར་ཨེ་ཕེ་(AP)གསར་ཁང་གིས་བཀོད་དོན། རྒྱ་ནག་གཞུང་འབྲེལ་ཐེན་ཧྲན་དྲ་ཚིགས་སྟེང་རྒྱ་ནག་རྒྱལ་སྲུང་དམག་དཔུང་གིས་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ལྗོངས་ཁུལ་དུ། ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་ཡིན་པའི་དོགས་ཡོད་མི་སྣ་ ༢༩ ལྷག་ཤི་རྨས་བཟོས་ཡོད་སྐོར་བཀོད་ཡོད་ཀྱང་། དོན་དངོས་ཐོག་རྒྱ་ནག་དྲག་ཆས་དམག་དཔུང་གིས་ཐེངས་འདིར་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ལྗོངས་ཀྱི་ཨ་སི་ཁུ་ས་ཁུལ་གྱི་རྡོ་སོལ་གཏེར་སྒོ་ཁུངས་ཞིག་ལ་གཏོར་རྒོལ་བཏང་བའི་ཁྲོད་མི་ ༡༦ དམར་གསོད་བཏང་ཡོད་པ་དང་། དེའི་གྲས་སུ་བུད་མེད་དང་བྱིས་པའང་ཡོད་པ་མ་ཟད། དོགས་གཞིའི་མི་སྣ་གཅིག་ད་ལྟ་འཛིན་བཟུང་བྱས་ཡོད་འདུག ཅེས་བཀོད་འདུག

 

གནས་ཚུལ་དེའི་ནང་མུ་མཐུད་དུ་བཀོད་དོན། རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་རྡོ་སོལ་གཏེར་ཁུངས་དེ་འགད་གཏོར་བཏང་བའི་དོན་རྐྱེན་དེའི་དངོས་ཡོད་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་ཀྱང་། རྒྱ་གཞུང་གིས་གནས་ཚུལ་དེ་བཀག་སྡོམ་བྱས་ཏེ་དོན་རྐྱེན་དེའི་ཁྲོད་ཤི་རྨས་ཐེབས་པ་དག་ཤིན་ཅང་ནང་ཡོད་པའི་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་ཡིན་ལུགས་སྙོན་འཛུགས་བྱས་ཡོད་པ་དང་། ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ལྗོངས་ནང་ཕྱི་ཕྱོགས་ཀྱི་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པར་འབྲེལ་བ་ཡོད་པའི་མི་སྣ་ཡོད་ལུགས་ཤོད་ཀྱི་ཡོད་པ་མ་ཟད། པེ་ཅིན་གཞུང་གིས་ཡུ་གུར་ཁ་ཆེ་གྲངས་ཉུང་མི་རིགས་དང་རྒྱ་ནག་ཧན་མི་རིགས་གཉིས་བར་འབྱུང་བཞིན་པའི་རྩོད་རྙོག་དེ་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཏུ་འགྲེལ་བཤད་བྱས་ཏེ། སྔ་རྗེས་སུ་བྱུང་བའི་དོན་རྐྱེན་ཡོད་ཚད་ཀྱི་དངོས་ཡོད་གནས་ཚུལ་གསང་རྒྱ་དང་རྫུན་བཟོ་བྱེད་ཀྱི་ཡོད་པ་རེད། ཅེས་འཁོད་འདུག

 

EN1902C-CHINA-XINJIANG-UNRESTགནས་ཚུལ་དེའི་ནང་། ཐེན་ཧྲན་དྲ་ཚིགས་སྟེང་རྒྱ་ནག་རྒྱལ་སྲུང་དམག་དཔུང་གིས་ཁ་ཆེ་འཇིགས་སྐུལ་པ་ ༡༡ དང་ཉེན་རྟོག་པ་ ༥ བཅས་བསད་རྗེས། དྲག་སྤྱོད་པ་དེ་དག་སྦས་སྐོང་བྱེད་སའི་རྡོ་སོལ་གཏེར་ཁུངས་དུ་སོང་ཡོད་ལུགས་བཀོད་འདུག་ཀྱང་། དོན་དངོས་སུ་རྒྱ་ནག་དྲག་ཆས་དམག་དཔུང་གིས་རྡོ་སོལ་གཏེར་སྒོ་དེ་འབར་རྫས་ཀྱིས་བཀལ་གཏོར་བཏང་ཡོད་པ་དང་། རྡོ་སོལ་གཏེར་སྒོ་དེ་ཡང་རྒྱ་ནག་ཧན་མི་རིགས་ཀྱི་གཏེར་འདོན་ཚན་པས་སྟངས་འཛིན་བྱས་ཡོད་པ་ཞིག་ཡིན་ཞིང་། གནས་ཚུལ་དེ་ཨ་རིའི་གཞུང་གིས་ཤེས་རྟོགས་བྱུང་སྟེ། ཁ་པར་སྐུལ་ལམ་ནས་ས་གནས་དཔོན་རིགས་ཁག་ཅིག་ལ་འབྲེལ་གཏུག་བྱས་ཀྱང་། ཁོ་ཚོས་དོན་རྐྱེན་དེའི་དངོས་ཡོད་གནས་ཚུལ་མཁོ་སྤྲོད་བྱས་མེད་པ་མ་ཟད་ཁ་པར་ལ་བརྡ་ལན་ཡག་པོ་ཞིག་ཀྱང་སྤྲད་མེད་སྐོར་བཀོད་འདུག

 

གཞན། ནེའུ་ཡོག་དུས་བབ་སོགས་བརྒྱུད་ལམ་གཞན་ཁག་ཅིག་ནང་། ཐེངས་འདིའི་དོན་རྐྱེན་ཁྲོད་ཡུལ་མི་ ༡༧ ནས་ ༥༠ བར་ཤི་རྨས་བྱུང་བའི་ཁྲོད་བུད་མེད་དང་བྱིས་པའང་ཡོད་པ་དང་། ཤིན་ཅང་ཡུ་གུར་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་འབྱུང་བཞིན་པའི་གནད་དོན་གྱི་འབྱུང་རྐྱེན་གཙོ་བོ་དེ་ས་གནས་སྲིད་གཞུང་གི་དྲག་ཆས་ཉེན་རྟོག་པས་ནམ་རྒྱུན་ཡུ་གུར་བ་ཚོར་ཚད་ལས་བརྒལ་བའི་དྲག་གནོན་བྱེད་ཀྱི་ཡོད་པས་རེད་འདུག ཡིན་ནའང་། རྒྱ་གཞུང་གིས་ད་དུང་རྒྱལ་ནང་གི་གྲངས་ཉུང་མི་རིགས་ཁག་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་བདེ་འཇགས་འགན་སྲུང་དང་འཚོ་གནས་ཡར་རྒྱས་གཏོང་གི་ཡོད་ལུགས་ཤོད་ཀྱི་ཡོད་པ་དང་། ཉེ་ལམ་ཧྥ་རན་སིའི་རྒྱལ་ས་ཕ་རེ་སིའི་ནང་འཇིགས་སྐུལ་བས་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་བསླངས་པ་དང་བསྟུན་ཏེ། རྒྱ་ནག་མི་དམངས་བདེ་འཇགས་ལྷན་ཁང་ཟེར་བས་ཐེན་ཧྲན་དྲ་ཚིགས་སྟེང་བསྒྲགས་གཏམ་སྤེལ་ཏེ། ད་རེབ་ཀྱི་རྡོ་སོལ་གཏེར་ཁུངས་ཀྱི་དོན་རྐྱེན་དེ་ཡང་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པར་ཏན་ཏན་འབྲེལ་བ་ཡོད་ལུགས་བརྗོད་དེ། དོན་རྐྱེན་དེའི་ཁུངས་ལྡན་གནས་ཚུལ་འགེབས་སྲུང་བྱེད་ཡོད་པ་རེད། ཅེས་སོགས་བཀོད་འདུག

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༦ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༦ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༠ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 1

  1. བརྩོན་རྒྱམ། says:
    ལོ་ 11 སྔོན།

    རྒྱ་ནག་དམར་གཞུས་གིས་དྲག་སྦྱོད་པ་ཁ་གཡར་ནས་གནས་ལུགས་མེད་པར་མི་རིགས་ཉམ་ཆུང་ཚོ་ལ་གསད་རྨེས་གཏོང་གི་ཡོད་པ་དངོས་ཡོད་ཡིན་ཙམ་གཞན་ཁ་འདོག་བྱེད་ས་ཡོད་པ་མ་རེད།  ད་བར་འཛམ་གླིང་ཐོག་རང་དབང་དང་དྲང་བདེན་མི་རྩི་མཁན་རྒྱལ་ཁབ་ཞིག་འཇོག་དགོས་ན་རྒྱ་ནག་དམར་གཞུང་ཐོག་མར་འཇོག་པ་རྩོད་མེད་རེད།  ད་བར་ཡང་ཡུ་གུར་བ་ཚོས་རང་དབང་དང་ཐོག་ཐང་མ་སྤྲད་པར་དོན་མེད་གསོད་རྨེས་གཏོང་བཞིན་ཡོད་པ་ཤེས་གསལ་རེད།  དུས་ནམ་ཡང་དམར་གཞུང་ལ་ཡིད་ཆེས་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese