མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕ་རི་སི་ནས་བོད་ནང་ལ་གཟིགས་རོགས།

བོད་ཀྱི་དུས་བབ།
༢༠༡༥/༡༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དྷ་རམ་ས་ལར་གཞུང་འབྲེལ་མིན་པའི་ཚོགས་པ་གསུམ་གྱིས་བོད་ནང་གི་ཁོར་ཡུག་ཐོག་འཛམ་གླིང་རྒྱལ་ཁབ་ཁག་གིས་དོ་སྣང་བྱེད་དགོས་པའི་འབོད་སྐུལ་ལས་འགུལ་ཞིག་སྤེལ་སོང་།

1111དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཡོལ་ཙམ་ལ་དྷ་རམ་ས་ལའི་མེག་གྷན་སུམ་མདོ་རུ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་བུད་མེད་ལྷན་ཚོགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་བཅས་མཉམ་འབྲེལ་ཐོག མི་འགྱངས་བར་ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་རྒྱལ་ཚོགས་ཀྱི་ཀོབ་ ༢༡ (UN COP21)ལྷན་ཚོགས་ཚོགས་གཏན་འཁེལ་ཡོད་པ་ལྟར། བོད་འཛམ་གླིང་གི་སྣེ་མོ་གསུམ་པ་ཞེས་པའི་བརྗོད་གཞིའི་ཐོག་ནས་གནམ་གཤིས་ཀྱི་དོ་ཁུར་བོད་ནང་ལག་བསྟར་དགོས་པའི་འབོད་སྐུལ་གྱི་ཁྲོམ་གཞུང་ཟློས་གར་ཞིག་འཁྲབ་སྟོན་གནང་སོང་ལ། མི་རིང་བར་ཚོགས་འཆར་ཡོད་པའི་ལྷན་ཚོགས་ཐོག་བོད་ཀྱི་གནམ་གཤིས་དང་འབྲེལ་བའི་ཞུ་ཡིག་ཅིག་ཀྱང་འབུལ་རྒྱུ་ཡིན་འདུག

འབོད་སྐུལ་གྱི་ལས་འགུལ་ཐོག་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་ཚེ་ལྷ་ལགས་ཀྱིས། ང་ཚོས་ཁྲོམ་གཞུང་ཟློས་གར་འདི་འཁྲབ་སྟོན་བྱ་དགོས་དོན་ནི། བོད་ཀྱི་གནམ་གཤིས་འགྱུར་ལྡོག་གི་གནས་བབ་ཛ་དྲག་ཆགས་ཡོད་པ་དེ་གསལ་འདོན་བྱ་ཆེད་ཡིན་ཞེས་དང་། བོད་ཀྱི་འཁྱག་རོམ་ནི་འཛམ་གླིང་བྱང་རྩེའི་གནས་སྟངས་ཇི་བཞིན་ཆག་འཇིག་གི་གནས་སུ་གྱར་ཡོད། བོད་ཀྱི་གནམ་གཤིས་ཚ་དྲོད་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་ཚ་དྲོད་འཕར་ཚད་ལས་ལྡབ་གཉིས་མྱུར་བ་ཡིན། བོད་མཐོ་སྒང་ནི་འཇིག་ཉེན་གྱི་གནས་སྟངས་ཤིག་ཏུ་གྱུར་ཡོད་པས་ངེས་པར་དུ་དེར་སྲུང་སྐྱོབ་བྱ་དགོས། འོན་ཀྱང་། རྒྱ་གཞུང་གིས་ཐུན་མོང་མ་ཡིན་པའི་ས་ཆ་འདིར་གཞི་རྒྱ་ཆེ་བའི་ཆུ་མཛོད་བརྒྱ་ཕྲག་མང་པོ་དང་གཏོར་སྐྱོན་ཆེ་བའི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཤུགས་ཆེར་བརྩམས་དང་རྩོམ་བཞིན་པ་དེས། ཁོར་ཡུག་རང་བཞིན་གྱི་གཏོར་བརླག་གིས་རྩ་ཆེ་ཞིང་ཐུན་མོང་མ་ཡིན་པའི་བོད་ཀྱི་རང་བྱུང་ཁམས་ལ་གཏོར་སྐྱོན་ཆག་འཇིག་བཟོ་བཞིན་ཡོད་པ་རེད། ཅེས་བརྗོད་སོང་།

ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཁོར་ཡུག་སྡེ་ཚན་གྱི་ལས་བྱེད་ནོར་འཛིན་སྒྲོལ་མ་ལགས་ཀྱིས། ནང་ཁུལ་གྱི་ཆུའི་དཀའ་ངལ་གླེང་ན། རྒྱ་གཞུང་གིས་ཚད་ལས་བརྒལ་བའི་ཆུ་མཛོད་རྒྱག་པ་དང་ཆུའི་ཁ་སྒྱུར་བྱེད་པའི་ལས་གཞི་སྣ་ཚོགས་རྩོམ་བཞིན་ཡོད། ལས་གཞི་འདི་རིགས་ཀྱིས་ལྷོ་ཤར་ཨེ་ཤ་ཡའི་ནང་གི་མི་མང་ས་ཡ་མང་པོའི་འཚོ་རྟེན་གྱི་ཆུ་ལ་དཀའ་ངལ་བཟོ་བ་ཙམ་མ་ཟད། བོད་མི་སྟོང་ཕྲག་མང་པོ་འཚོ་གནས་མ་ཐུབ་པ་དང་སྡོད་གནས་སྤོར་དུ་བཅུག་པ། ས་གནས་ཀྱི་གཙང་པོའི་རང་བྱུང་ཁམས་བཅས་ལ་གཏོར་སྐྱོན་བཟོ་བ་བཅས་ཀྱི་རྩ་བ་ཆགས་ཡོད། ཅེས་བརྗོད་སོང་།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ལས་བྱེད་ཉི་མ་ལྷ་མོ་ལགས་ཀྱིས། བོད་ཀྱི་གནམ་གཤིས་འཕོ་འགྱུར་གྱི་ཤུགས་རྐྱེན་ནི་ས་ཁུལ་རང་བཞིན་ཙམ་མ་ཡིན་པར་རྒྱལ་སྤྱི་རང་བཞིན་གྱི་གནད་དོན་ཞིག་ཡིན་ཞེས་དང་། ང་ཚོས་རྒྱ་གར་གཞུང་དང་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་དག་ལ། ཚན་རིག་པ་དང་བོད་ནང་གི་འབྲེལ་ཡོད་མི་སྣ། བོད་ཀྱི་གཙང་པོ་ཁག་ལ་རྟེན་ཡོད་པའི་རྒྱལ་ཁབ་དག་གི་འགན་འཁུར་མི་སྣ་བཅས་མཉམ་ཞུགས་ཐོག བོད་མཐོ་སྔ་གི་གནས་སྟངས་ལ་ཚད་དང་ལྡན་པའི་ཞིབ་འཇུག་ཞིག་ཡོང་ཐུབ་པ་གནང་རོགས་ཞེས་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་འགོག་སྲིད་ཀྱང་ཛ་དྲག་རང་བཞིན་གྱི་གནད་དོན་འདིའི་ཐད་ནས་མཚོ་བོད་མཐོ་སྒང་དང་དེའི་རང་བྱུང་ཐོན་རྫས་ཀྱི་དོ་དམ་དང་ཐག་གཅོད་ཐད་བོད་མི་རང་མཉམ་ཞུགས་དགོས། ལྷག་པར་དུ་བོད་ཀྱི་འབྲོག་པ་མང་ཚོགས་ཚོ་ལ་དབང་ཚད་འདི་ཡོད་དགོས། ཞེས་བརྗོད་སོང་།

ཐེངས་འདིའི་ལས་འགུལ་བརྒྱུད་འབོད་སྐུལ་དོན་ཚན་གསུམ་གནང་ཡོད་པ་ནི། གཅིག ཕ་རི་སི་ཡི་ལྷན་ཚོགས་སྟེང་། ས་ཁུལ་འཚོ་སྡོད་རིག་གནས་དང་གནམ་གཤིས་འགྱུར་ལྡོག་ཞི་འཇམ་སྙོམ་སྒྲིག་ལ་ངོས་འཛིན་མཉམ་ལས་བྱེད་སྐབས། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མཐོང་དང་གོ་ལའི་ཚ་དྲོད་ ༡་༥ བར་སྙོམ་སྒྲིག་ཡོང་ཐབས་བཅས་ཀྱི་ཐོག་གྲོས་ཆོད་ཅིག་འཇོག་ཐུབ་པ་གནང་རོགས།

གཉིས། བོད་ཀྱི་འབྲོག་པ་ཚོར་སོ་སོར་བདག་པའི་རྩྭ་སའི་བདག་དབང་སྤྲོད་རྒྱུ་དང་ཨེ་ཤ་ཡའི་ཆུའི་མགོ་ཁུངས་ལ་རྒྱག་བཞིན་པའི་ཆུ་མཛོད་ལས་གཞི་རིགས་མཚམས་འཇོག་ཡོང་ཆེད། རྒྱ་ནག་གཞུང་ལ་འཁན་མ་ཁུར་བའི་བོད་ནང་གི་ཁོར་ཡུག་སྲིད་བྱུས་རིགས་མཚམས་འཇོག་བྱ་དགོས་པའི་གནོན་ཤུགས་སྐུལ་འདེད་གནང་རོགས།

གསུམ། ང་ཚོས་བོད་ཀྱི་གཙང་པོ་དག་འབབ་ཡུལ་གྱི་རྒྱལ་ཁབ་བཅུ་ལ་འབོད་སྐུལ་ཞུ་རྒྱུར། ལྷོ་དང་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་མཉམ་སྤྱོད་ཀྱི་ཡུལ་དུ་གྱུར་བའི་བོད་ཀྱི་གཙང་པོ་དག་སྔར་ལས་སྲུང་སྐྱོབ་ཡོང་ཐབས་དང་། ཆུ་དང་ཟས་རིགས་སྲུང་སྐྱོབ། དཔལ་འབྱོར་གྱི་བདེ་འཇགས། རང་བྱུང་ཁམས་ཀྱི་བདེ་འཇགས་བཅས་ཀྱི་ཆེད་དུ་བོད་ནང་ལ་རྩོམ་བཞིན་པའི་རྒྱ་ནག་གཞུང་གི་ཆུ་མཛོད་དང་། གཏེར་ཁ་སྔོག་འདོན་གྱི་ལས་གཞི་རིགས་འཕྲལ་དུ་རང་འགུལ་གྱིས་མཚམས་འཇོག་ཡོང་བར་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཤུགས་ཆེར་ཞུ་རྒྱུ་ཡིན་ཞེས་བཀོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

ཆུ་ཚོད་ ༤ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༦ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese