མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཉན་ནད་རེག་དུག་ཤིང་སྡོང་བཞིན་རྒྱས་བཞིན་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༥/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་དང་བསྟུན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གཙོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་གཉན་ནད་རེག་དུག་གི་ཉིན་མོ་སྲུང་བརྩི་དང་འབྲེལ་མི་མང་ལ་གོ་རྟོགས་སྤེལ་བཞིན་འདུག

 

Screen Shot 2015-12-01 at 1.49.48 PMདེ་རིང་ཞོགས་པ་ཆུ་ཚོད་ ༩།༣༠ སྟེང་བཞུགས་སྒར་དྷ་རམ་ས་ལའི་མེག་གྷན་བཞི་མདོ་རུ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁང་གིས་གཙོས་ས་གནས་བུད་མེད་ལྷན་ཚོགས་དང་ཀུན་ཕན་ཚོགས་པ་བཅས་མཉམ་རུབ་ཐོག་འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་སྲུང་བརྩི་བྱས་སོང་བ་དང་། གཉན་ནད་རེག་དུག་ནི་སྡང་པོ་བཞིན་ཡལ་ག་རྒྱས་ཏེ་འཛམ་གླིང་གང་སར་དར་ཁྱབ་འགྲོ་བཞིན་ཡོད་པའི་མཚོན་རྟགས་སུ། ཁོང་ཚོས་སྡང་པོ་ཞིག་བཙུགས་ནས་དེའི་ཐོག་ལ་གཉན་ནད་རེག་དུག་གི་མཚོན་རྟགས་འདྲ་མིན་དང་སྲུང་ཤུབས་སོགས་བཀལ་ནས་ཁྱབ་བསྒྲགས་བྱས་སོང་བ་དང་། ཉིན་རྒྱབ་ནོར་གླིང་དུ་ཤེས་རབ་དགའ་ཚུལ་སློབ་གླིང་གི་སློབ་ཕྲུག་ཚོས་གཉན་ནད་རེག་དུག་གི་འཁྲབ་སྟོན་བྱེད་བཞིན་ཡིན་འདུག དེ་བཞིན། བདེ་ལེགས་སྨན་ཁང་དང་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ། དྷ་ས་རོ་ཊ་རེ་སྤྱི་ཚོགས་ཞབས་ཞུ་ཁང་ (Rotary Club Dharamshala) བཅས་མཉམ་འབྲེལ་ཐོག དེ་རིང་སྔ་དྲོར་མེག་གྷན་བཞི་མདོ་རུ་འཛམ་གླིང་གཉན་ནད་རེག་དུག་ཉིན་མོ་སྲུང་བརྩི་གནང་བ་དང་འབྲེལ། མི་མང་ལ་གཉན་ནད་རེག་དུག་གི་རྒྱུན་ཤེས་ཡིག་ཆ་འགྲེམས་སྤེལ་བཅས་གནང་སོང་།

 

སྐབས་དེར་ཀུན་ཕན་ཚོགས་པའི་འགན་འཛིན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་རྒྱུར། ང་ཚོས་འཛམ་གླིང་གཉན་ནད་རེག་དུག་ལོ་ལྟར་སྲུང་བརྩི་བྱེད་བཞིན་ཡོད་པ་དང་། ད་ལོར་འཕྲོད་བསྟེན་ལས་ཁུངས་དང་ས་གནས་བུད་མེད་ལྷན་ཚོགས། ཀུན་ཕན་ཚོགས་པ་བཅས་མཉམ་འབྲེལ་ཐོག་ལས་འགུལ་སྤེལ་གྱི་ཡོད། སྤྱིར་བཏང་ང་ཚོས་ལས་འགུལ་ག་རེ་སྤེལ་གྱི་ཡོད་ནའང་གཞུང་འབྲེལ་མིན་པའི་ཚོགས་པ་ཚང་མར་འབྲེལ་བ་བྱེད་ཀྱི་ཡོད། དཔེར་ན། ལྷ་སྤྱི་ཚོགས་ཞབས་ཞུ་ལྟ་བུ་ཡིན་ན་ཐོག་མར་ང་ཚོས་འབྲེལ་བ་ཞུས་ཀྱང་ལས་འགུལ་སྤེལ་གྱི་མིན་གསུངས་སོང་། ཡིན་ཡང་ད་ལྟ་ཟུར་དུ་ལས་འགུལ་ཞིག་སྤེལ་བཞིན་འདུག དེ་ངས་ཧ་གོ་མ་སོང་། སྤྱིར་བཏང་ང་ཚོས་མཉམ་དུ་ལས་ཀ་བྱེད་པར་ཐབས་ཤེས་བྱེད་བཞིན་ཡོད། ཅེས་དང་།

 

ཡང་ཁོང་གིས་མུ་མཐུད་དུ་ལས་འགུལ་ག་རེ་གནང་ཡོད་མེད་སྐོར་ལ། དེ་རིང་གཉན་ནད་རེག་དུག་གི་མཚོན་རྟགས་ཆེད་དམིགས་བསལ་གྱི་ཤིང་སྡོང་ཞིག་བཟོས་ཏེ། དེའི་ཐོག་ལ་གཉན་ནད་རེག་དུག་གི་མཚོན་རྟགས་དང་སྲུང་ཤུབས་སོགས་བཀལ་ནས་མང་ཚོགས་ལ་གོ་རྟོགས་སྤེལ་ཏེ། གཉན་ནད་རག་དུག་གི་ནད་ཚ་དེ་ཤིང་སྡོང་བཞིན་འཛམ་གླིང་སྤྱི་དང་ལྷག་པར་བོད་པའི་སྤྱི་ཚོགས་ནང་ལ་འཕེལ་གྱི་ཡོད་པ་རེད་ཅེས་ནས་གོ་རྟོགས་སྤེལ་བ། དེ་བཞིན་སྲུང་ཤུབས་སོགས་བེད་སྤྱོད་བྱེད་སྟངས་ཤེས་དགོས་པ་དང་། ད་ལོ་སྐུ་མདུན་དགུང་ལོ་ ༨༠ ཕེབས་པ་དང་འབྲེལ་ནས་ཉལ་ཐ་དང་མྱོ་རྫས་སྨན་སོགས་ཀྱི་སྐོར་ལ་དམིགས་བསལ་ཀྱི་ཡིག་ཆ་བཟོས་ནས་འགྲེམས་སྤེལ་བྱེད་ཀྱི་ཡོད། དེ་རིང་དམིགས་བསལ་སྡེ་ཚན་གཉིས་བཟོས་ཏེ་གཅིག་ནོར་བུ་གླིང་ཀའི་མང་ཚོགས་ལ་གཉན་ནད་རེག་དུག་གི་གོ་རྟོགས་སྤེལ་ཆེད། འཕྲོད་བསྟེན་ལས་ཁང་གི་སྨན་པ་དང་སྨན་རྩིས་ཁང་གི་སྨན་པ་གདན་འདྲེན་ཞུས་ནས་བཀའ་སློབ་དང་གོ་རྟོགས་སྤེལ་གྱི་ཡོད། ཅེས་བརྗོད་སོང་།

 

༡༡༢ཡང་བདེ་ལེགས་སྨན་ཁང་དང་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ། དྷ་ས་རོ་ཊ་རེ་སྤྱི་ཚོགས་ཞབས་ཞུ་ཁང་བཅས་ཀྱི་ལས་འགུལ་སྐབས། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་དགེ་སློབ་དང་ཚོགས་པ་ཁག་གཞན་གྱི་འབྲེལ་ཡོད་ལས་མི་ཁག་མཉམ་ཞུགས་ཀྱིས་དེ་རིང་གི་ཉིན་མོ་དང་འབྲེལ་བའི་གླུ་གཞས་ཤིག་བཏང་རྗེས། གཉན་ནད་རེག་དུག་གིས་ཕར་རྒོལ་གཏོང་སྟངས་དང་སྲུང་ཤུབས་ཀྱིས་ཇི་ལྟར་སྲུང་སྐྱོབ་བྱེད་པའི་སྐོར་གྱི་འཁྲབ་སྟོན་ཆུང་ཆུང་ཞིག་བྱས་སོང་། དེའི་རྗེས་ཚོགས་ཞུགས་པ་རྣམས་ཀྱིས་འཛམ་གླིང་གཉན་ནད་རེག་དུག་ཉིན་མོ་ཞེས་འཕྲེད་དར་བཟུང་ནས་མེག་གྷན་ཁྲོམ་གཞུང་དུ་སྐོར་སྐྱོད་ཐེངས་གཅིག་བྱས་སོང་བ་དང་། ཉིན་རྒྱབ་ཆུ་ཚོད་ ༡།༠༠ བར་དུ་བཞི་མདོ་རུ་གཉན་ནད་རེག་དུག་གི་རྒྱུན་ཤེས་ཡིག་ཆ་འགྲེམས་སྤེལ་བྱས་ཏེ་མི་མང་ལ་གཉན་ནད་རེག་དུག་གི་གོ་རྟོགས་སྤེལ་སོང་།

 

སྐབས་དེར་བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། དེ་རིང་འཕྲོད་བསྟེན་ལས་ཁུངས་དང་ཀུན་ཕན་ཚོགས་པ། ས་གནས་བུད་མེད་ཚོགས་པ་བཅས་ནས་ཕར་ཕྱོགས་ལ་ལས་འགུལ་གྱི་གོ་རྟོགས་སྤེལ་བཞིན་འདུག དང་པོ་ང་ཚོ་བཀའ་མོལ་མཉམ་དུ་བྱུང་བ་ཡིན་ན། ལས་འགུལ་ཏོག་ཙམ་རྒྱ་ཆེ་རུ་གཏོང་ན་བསམས་པ་ཞིག་བྱུང་། ཡིན་ཡང་གོ་རྟོགས་སྤེལ་རྒྱུ་གང་མང་མང་དང་ག་ས་གང་ནས་སྤེལ་ཐུབ་པ་ཡིན་ན་ཡག་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོ་བདེ་ལེགས་སྨན་ཁང་དང་མཉམ་དུ་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ། དྷ་ས་རོ་ཊ་རེ་སྤྱི་ཚོགས་ཞབས་ཞུ་ཁང་བཅས་ཡོད། དེ་རིང་གི་ལས་དོན་གཙོ་བོ་དེ་ཡིག་ཆ་དང་སྲུང་ཤུབས་སོགས་འགྲེམས་སྤེལ་བྱེད་བཞིན་ཡོད་པ་མ་ཟད། གཏམ་བརྗོད་ཐུང་ཐུང་ཞིག་འཁྲབ་སྟེ་མང་ཚོགས་ལ་གོ་རྟོགས་སྤེལ་བཞིན་ཡོད། དེ་བཞིན་བདེ་ལེགས་སྨན་ཁང་གི་ཡན་ལག་སྨན་ཁང་ནས་རིན་མེད་ཐོག་ནས་ཁྲག་བརྟག་དཔྱད་བྱ་རྒྱུ་ཞིག་གོ་སྒྲིག་བྱས་ཡོད། ཅེས་བརྗོད་སོང་།

 

དྷ་ས་རོ་ཊ་རེ་སྤྱི་ཚོགས་ཞབས་ཞུ་ཁང་གི་སྤྱི་ཁྱབ་འགན་འཛིན་ཝེ་རེན་གྷའི་ ( Virinder Singh Parmar ) ཡིས་ལས་འགུལ་ནང་མཉམ་ཞུགས་བྱེད་དགོས་དོན་སྐོར་ལ་ཁོང་གིས། ཐེ་ལན་ཌིའི་རྒྱལ་ས་བྷན་ཁོ་ཁི་(Bangkok) རུ་འཁྲིག་སྤྱོད་ཀྱི་ཚོང་ལས་གཉེར་མཁན་མང་པོ་ཡོད་ཀྱང་། ཁོ་ཚོའི་ལུང་པའི་ནང་གཉན་ནད་རེག་དུག་གི་ནད་ཚའི་བརྒྱ་ཆ་ཧ་ཅང་དམའ་བོ་ཡོད་པ་དེ། དུས་རྒྱུན་ཁོ་ཚོར་གཉན་ནད་རེག་དུག་གི་གོ་རྟོགས་ལས་རིམ་འདྲ་མིན་སྤེལ་གྱི་ཡོད་པས་རེད། དྷ་རམ་ས་ལ་ལྟ་བུ་ཡིན་ན་འཛམ་གླིང་རྒྱལ་ཁབ་དང་མི་རིགས་འདྲ་མིན་སྣ་ཚོགས་ཕེབས་ཀྱི་ཡོད་སྟབས། ན་ཚ་འདྲ་མིན་སྣ་ཚོགས་ཡོང་མི་སྲིད་པ་མིན་སྟབས། གལ་སྲིད་ང་ཚོས་གོ་རྟོགས་མ་སྤེལ་བ་ཡིན་ན་ཉེན་ཁ་ཆེན་པོ་ཆགས་འགྲོ་ཡི་རེད། དེར་བརྟེན་ལས་འགུལ་འདིའི་རིགས་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཞིག་མཐོང་ནས་ལས་འགུལ་ནང་མཉམ་ཞུགས་བྱས་པ་ཡིན། ཞེས་བརྗོད་སོང་།

 

གཞན་ཡང་། དེ་རིང་གི་ཉིན་མོ་དང་བསྟུན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་ཡོངས་ཁྱབ་གསུང་འཕྲིན་ཞིག་གནང་བའི་ནང་། དེ་རིང་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡ ཉིན་ང་ཚོས་སླར་ཡང་སྲོག་ཉེན་ཅན་གྱི་ནད་གཞི་གཉན་ནད་རེག་དུག་ལ་རྒོལ་བའི་འཛམ་གླིང་གཉན་ནད་རེག་དུག་ཉིན་མོ་ཞེས་སྲུང་བརྩི་ཞུ་ཡི་ཡོད། ང་ཚོས་ཉིན་མོ་བྱེ་བྲག་པ་འདི་འདེམས་དགོས་དོན་ནི་ནད་གཞི་དེས་རྐྱེན་པས་རྒྱལ་སྤྱིའི་ས་ཁུལ་དུ་འཕྲད་བཞིན་པའི་དཀའ་སྡུག་རྣམས་གསལ་སྟོན་དང་། ནད་གཞི་དེའི་དཀའ་རྙོག་དང་ཁྱབ་འཕེལ་འགོག་པའི་འཐབ་རྒོལ་བྱ་རྒྱུར་ང་ཚོས་ལྷག་བསམ་ཟོལ་མེད་ཀྱི་གཞུང་སྒེར་གཉིས་ཀའི་འབད་བརྩོན་རྣམས་སྐྱར་གསོ་ཡོང་བའི་དྲན་སྐུལ་ཞུ་རྒྱུ་ཡིན། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོད་རྩིས་ལྟར་བྱས་ན། ཕྱི་ལོ་ ༢༠༡༤ ལོར་གཉན་ནད་རེག་དུག་གི་མི་གྲངས་ས་ཡ་ ༣༦.༩ ཙམ་དང་། དེའི་ཁྲོད་ནས་མི་འབོར་ས་ཡ་ ༢.༦ ནི་ལོ་ན་བཅོ་ལྔ་མན་གྱི་ཕྲུ་གུ་ཆགས་ཡོད། ཕྱི་ལོ་ ༢༠༡༤ ལོ་དེ་རིང་བར་གཉན་ནད་རེག་དུག་གི་ནད་གཞི་གསར་དུ་ཕོག་པ་མི་གྲངས་ས་ཡ་ ༢ ཙམ་དང་། ནད་གཞི་དེས་རྐྱེན་པས་མི་གྲངས་ས་ཡ་ ༡.༢ ཙམ་འདས་གྲོངས་སུ་གྱུར་ཡོད་པ་སྟེ། ནད་གཞི་འདི་ཡིས་ད་དུའང་ང་ཚོའི་ཚེ་སྲོག་ལ་འཇིགས་ཉེན་བཟོ་བཞིན་ཡོད་པ་ཁ་གསལ་སྟོན་བཞིན་པ་མ་ཟད། ད་བར་ང་ཚོས་འབད་བརྩོན་སྣ་ཚོགས་ཤིག་བྱས་ཡོད་ཀྱང་འཛམ་གླིང་གཉན་ནད་རེག་དུག་ལས་འགུལ་ཁང་གི་རྒྱལ་སྤྱིའི་འཆར་འགོད་ཚོགས་ཆུང་གིས་གསལ་སྟོན་བྱས་པའི་བརྗོད་གཞི་ལྟར་འགོ་ནད་ཀྱི་གྲངས་ཚད་ཀླད་ཀོར་དུ་སླེབས་པར་འབད་བརྩོན་སྔར་ལས་མང་བ་བསྟེན་དགོས་ཀྱི་ཡོད། “ གཉན་ནད་རེག་དུག་གི་དབང་གིས་འཆི་རྐྱེན་མི་འབྱུང་བ་དང་། ནད་གཞི་འདི་རིགས་ཕོག་པ་རྣམས་ལ་དབྱེ་འབྱེད་མི་བྱེད་པ། ནད་གཞི་གསར་པ་མི་འབྱུང་བ།” ཞེས་པ་དེ་ནི་ ༢༠༡༡ ནས་ ༢༠༡༥ བར་དུ་བདམས་པའི་ལོ་མང་གི་བརྗོད་གཞི་ཞིག་ཡིན། གཉན་ནད་རེག་དུག་དང་། ལུས་ཟུངས་ཟད་པའི་གཉན་ནད་ཀྱི་ནད་གཞི་ནི་རྒྱལ་སྤྱིའི་དཀའ་ངལ་ཞིག་ཏུ་འགྱུར་ཡོད་ཅིང་དེས་འཛམ་གླིང་གི་ཡུལ་གྲུ་ཀུན་ལ་གནོད་ཚབས་བཟོ་བཞིན་ཡོད། ང་ཚོས་ལུས་ཟུངས་ཟད་པའི་གཉན་ནད་ཀྱི་ནད་གཞི་ལ་བཅོས་ཐབས་མེད་པ་ཤེས་ཀྱི་ཡོད་མོད་ཀྱང་། དེ་ནི་སྔོན་འགོག་ཐུབ་རུང་ཞིག་ཡིན། རྒྱུ་མཚན་དེར་བརྟེན་གཉན་ནད་རེག་དུག་དང་། ལུས་ཟུངས་ཟད་པའི་གཉན་ནད་ཀྱི་ནད་གཞི་ཁྱབ་འཕེལ་འགོག་པའི་ཐབས་ལམ་ཡག་ཤོས་གཅིག་ནི་ཤེས་ཡོན་སློབ་གསོ་སྤེལ་རྒྱུ་དེ་ཡིན་པ་རེད། ཅེས་དང་།

 

ཁོང་གིས་མུ་མཐུད་དུ། ང་ཚོ་བོད་མི་རང་ཉིད་ཀྱི་སྤྱི་ཚོགས་ནང་དུ་ནད་གཞི་དེ་ཉིད་འགོ་ཉེན་སླ་བར་ངོས་འཛིན་ཆོག་པའི་མི་སྣའི་སྡེ་ཁག་སྣ་ཚོགས་ཤིག་འདུས་ཡོད། འཛམ་གླིང་ཁྱོན་ཡོངས་སུ་ཡོད་པའི་རྙིང་ཞེན་ཅན་གྱི་རིག་གཞུང་ལྡན་པའི་ཚོགས་སྡེ་ཀུན་དང་མཚུངས་པར་བོད་མིའི་ཚོགས་སྡེ་ཁག་གི་ནང་དུའང་རིག་གཞུང་གི་ཚོར་སྐྱེན་དང་ལྟ་སྟངས། དེ་བཞིན་ནད་གཞི་དེའི་ཐད་ཕྱོགས་ཡོངས་ཀྱི་ཤེས་ཡོན་གྱི་གོ་རྟོགས་ཧ་ཅང་ཞན་རྐྱེན་གྱིས་ནད་གཞི་དེའི་སྐོར་ལ་ཕྱི་གསལ་ནང་གསལ་གྱི་བགྲོ་གླེང་ཞིག་ཡོང་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད། དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ནོར་ཝེ་རོགས་ཚོགས་(Norwegian Church Aid) ཀྱིས་མཐུན་འགྱུར་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་གཉན་ནད་རེག་དུག་པ་རྣམས་ལ་བདེ་སྡུག་ལྟ་སྐྱོང་དང། གཉན་ནད་རེག་དུག་གི་ནད་གཞི་འགོག་སྡོམ་གྱི་ལས་འཆར་ཞིག་གཉེར་བཞིན་ཡོད། ལས་འཆར་འདིར་དམིགས་ཡུལ་གཉིས་ཡོད་པ་ནི་འགོ་ནད་གསར་པ་ཁྱབ་འཕེལ་འགྲོ་རྒྱུར་སྔོན་འགོག་དང་། གཉན་ནད་རེག་དུག་གི་ནད་གཞིས་ཟིན་པ་རྣམས་མི་ཚེ་བདེ་ཐང་ངང་ཡུན་རིང་འཚོ་གནས་ཐུབ་ཆེད་སྨན་བཅོས་དང་། དབྱེ་འབྱེད་མེད་པར་མི་ཚེ་དོན་སྙིང་ལྡན་པའི་ངང་འཚོ་ཐུབ་ཆེད་སྤྱི་ཚོགས་ཀྱི་ནུས་སྟོབས་གོང་འཕེལ་གཏོང་རྒྱུ་བཅས་ཕྱོགས་གཉིས་ཐད་ནས་རོགས་སྐྱོར་བྱ་རྒྱུ་དེ་ཡིན། ལས་འཆར་དེ་ལ་གཞི་རྒྱ་ཆེ་བའི་སྔོན་འགོག་གི་རྣམ་པ་ཞིག་ཡོད་པ་ནི་དེས་རྒྱ་ཆེ་མང་ཚོགས་སྤྱི་དང་། ཡང་སྒོས་ལོ་ལྟར་གཞོན་སྐྱེས་དང་སློབ་གྲྭར་སྐྱོད་བཞིན་པའི་སློབ་ཕྲུག་རྣམས་ཀྱི་ཐོག་ནད་གཞི་འགོག་སྡོམ་བྱ་རྒྱུར་དམིགས་འབེན་བཟུང་བཞིན་ཡོད། དེ་རིང་ནི་ས་གནས་འཕྲོད་བསྟེན་ཡན་ལག་སྨན་ཁང་བརྒྱུད་རྒྱ་གར་དུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ཡོངས་དང། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་འོག་ཡོད་པའི་སློབ་གྲྭ་ཁག་གི་ནང་འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད། ང་ཚོས་ཉིན་མོ་འདི་སྲུང་བརྩི་ཞུ་དགོས་དོན་ནི་འབྱུང་འགྱུར་གཉན་ནད་རེག་དུག་གི་ནད་གཞི་མེད་པའི་ཚོགས་སྡེ་ཞིག་དང་། གཉན་ནད་རེག་དུག་མེད་པའི་འཛམ་གླིང་ཞིག་བསྐྲུན་ཆེད་ནད་གཞི་དེའི་སྐོར་ལ་ཕན་ཚུན་དབར་ཤེས་ཡོན་སློབ་གསོ་སྤེལ་རེས་དང་། ནད་གཞི་ཕོག་པ་རྣམས་ལ་སྨན་བཅོས་དང་གསར་དུ་མི་འཕོག་པའི་སྔོན་འགོག་ཆེད་འབད་བརྩོན་བྱ་རྒྱུར་རང་ངོས་ནས་དྲན་སྐུལ་གཏོང་དགོས་པ་ཡིན། ཞེས་གསུངས་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese