མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པུ་ཀྲེ་ཆང་ལ་ལོ་བརྒྱད་ཀྱི་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༡༥/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་རིགས་ཁེ་དབང་དོན་གཉེར་བ་དང་ཁྲིམས་རྩོད་པ་པུ་ཀྲེ་ཆང་གིས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་རྒྱ་ནག་དམར་ཤོག་པའི་དྲག་གནོན་སྲིད་ཇུས་དང་ངལ་རྩོལ་སྒྲིག་འཛུགས། སྨྲ་བརྗོད་རང་དབང་སྐོར་གྱི་གསལ་བསྒྲགས་ཐེངས་ ༧ ཙམ་སྤེལ་བའི་ཉེས་འཛུགས་འོག་པེ་ཅིན་མི་དམངས་འབྲིང་རིམ་ཁྲིམས་ཁང་གཉིས་པས་ལོ་ ༨ ཁྲིམས་ཐག་བཅད་འདུག

 

puzhizhang-ss-courtཨེ་ཕེ་གསར་ཁང་སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་པེ་ཅིན་མི་དམངས་འབྲིང་རིམ་ཁྲིམས་ཁང་གཉིས་པས་རྒྱ་རིགས་སྤྱི་དམངས་ཁེ་དབང་དོན་གཉེར་བ་དང་ཁྲིམས་རྩོད་པ་པུ་ཀྲེ་ཆང་ (Pu Zhiqiang) ལ་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་མི་རིགས་བར་འཁོན་འཛིང་བསླངས་པ་དང་དཀྲུག་ཤིང་བཟོས་པ། ལྷག་དོན་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་སྲིད་ཇུས་དང་ངལ་རྩོལ་སྒྲིག་འཛུགས་སོགས་ཐེར་འདོན་བྱས་པའི་ཉེས་འཛུགས་འོག་ལོ་ ༨ ཀྱི་ཁྲིམས་ཆད་གཏན་འབེབས་བྱས་ཡོད་པ་དང་། སྐབས་དེར་དྲག་ཆས་ཉེན་རྟོགས་པས་པུ་ཀྲེ་ཆང་གི་མཐའ་སྐོར་ནས་རྒྱལ་ཁབ་ཕྱི་ནང་གི་རང་དབང་གསར་འགོད་པ་དང་ཁྲིམས་རྩོད་པ་གཅིག་ཀྱང་ཁྲིམས་ཁང་ནང་འགྲོ་རུ་བཅུག་མེད་པ་མ་ཟད། ཁྲིམས་ཁང་གི་ཕྱི་ལོགས་སུ་པུ་ཀྲེ་ཆང་ལ་རྒྱབ་སྐྱོར་གནང་མཁན་རྒྱ་རིགས་མི་མང་བརྒྱ་ཕྲག་མང་པོ་འདུ་འཛོམས་ཀྱིས། “རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་མི་འདུག རྒྱ་ནག་གི་ཉེན་རྟོག་པ་ཚོ་ཇག་ཚོགས་རེད། རྒྱ་ནག་གི་ཁྱི་ལ་ཐོབ་ཐང་འདུག མི་མང་ལ་ཐོབ་ཐང་མི་འདུག” ཅེས་ངོ་རྒོལ་སྐད་འབོད་བྱས་སྐབས། དྲག་ཆས་ཉེན་རྟོག་པས་མི་མང་པོ་འཛིན་བཟུང་བྱས་ཡོད་འདུག

 

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་ནང་ཁྲིམས་བཤེར་ཞིབ་འཇུག་པ་ཕ་ཊི་རེ་ཁི་ཕོན་ (Patrick Poon) ཟེར་བ་ཞིག་གིས། པུ་ཀྲེ་ཆང་གིས་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱས་པ་ཡིན་སྟབས། རྒྱ་ནག་གཞུང་གིས་ཁོ་ལ་ཁྲིམས་ཐག་བཅད་པ་དེ་ནི་ཆབ་སྲིད་ཀྱི་སྡུག་སྦྱོང་མནར་གཅོད་གཏོང་སྟངས་ཤིག་ཡིན་སྐོར་བརྗོད་འདུག

 
151214-china-pu-trial-rd-145a_840014c9f3fcffb5d242a8d4eecfd2be.nbcnews-ux-2880-1000རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚན་པའི་ཞིབ་འཇུག་པ་མ་ཡ་ཝང་ (Maya Wang) ཟེར་བ་ཞིག་གིས། པུ་ཀྲེ་ཆང་ལ་ནག་ཉེས་མེད་པ་ཧ་ཅང་གསལ་བོ་རེད། གལ་ཏེ་རྒྱ་ནག་གཞུང་གིས་ཁོ་ལ་ནག་མེད་ཉེས་འཛུགས་བྱས་པ་ཡིན་ན། དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་ཁྲིམས་སྣང་མེད་རྡོག་རོལ་བཏང་བ་རེད། ཅེས་བརྗོད་འདུག

 

དེ་མིན་ཧྲན་ཞི་ཞིང་ཆེན་ནས་ཡིན་པའི་རྒྱ་རིགས་དགེ་རྒན་ཆའུ་པའོ (Qu Biao) ཟེར་བ་ཞིག་གིས། པུ་ཀྲེ་ཆང་ལ་ནག་ཉེས་ཅི་ཡང་མེད་པ་ལོ་རྒྱུས་ཀྱིས་ཐག་ཆོད་ར་སྤྲོད་འབྱུང་གི་རེད། རྒྱ་ནག་གི་རྩ་ཁྲིམས་ཀྱིས་སྨྲ་བརྗོད་རང་དབང་འགན་སྲུང་དགོས་ཀྱི་ཡོད་སྟབས། ཁོང་ལ་ཁྲིམས་མེད་ལུགས་མེད་ཀྱིས་ཁྲིམས་ཐག་གཅོད་པ་ནི་དྲང་བདེན་མིན་པ་དང་རྒྱ་ནག་རང་ཉིད་ལ་ངོ་གནོང་དགོས་པ་ཞིག་ཆགས་ཡོད། ཅེས་སོགས་བརྗོད་འདུག

 

གནས་ཚུལ་ལྟར་ན། རྒྱ་རིགས་ཁྲིམས་རྩོད་པ་པུ་ཀྲེ་ཆང་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་མེད་མི་སེར་ལ་དམའ་འབེབས་དང་རྒྱལ་ནང་གི་ཐོན་ཟོག་བདེ་འཇགས། དེ་བཞིན། སྤྱི་ཚོགས་བརྒྱུད་ལམ་དང་གསར་འགོད་རང་དབང་སོགས་ཀྱི་ཁྲིམས་རྩོད་པ་ཞིག་ཡིན་ཞིང་། ཁོང་ཕྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་ ༥ ནང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་བྱུང་ནས་ལོ་ ༢༥ འཁོར་བའི་རྗེས་དྲན་ཚོགས་འདུ་ཞིག་གི་སྟེང་མཉམ་ཞུགས་ཀྱིས། རྒྱལ་ནང་གི་ཆབ་སྲིད་བཙོན་པ་ཚོར་ཁྲིམས་མཐུན་ལུགས་མཐུན་གྱི་ཁྲིམས་ཞིབ་མེད་པར་བཙོན་ཁང་ནང་སྡུག་སྦྱོང་གཏོང་བ་དང་དམའ་འབེབས་བྱེད་པ། ལྷག་པར་དུ་བོད་དང་ཡུ་གུར་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་འཛིན་པའི་དམར་ཤོག་ཚོགས་པའི་དྲག་གནོན་སྲིད་ཇུས་སོགས་ལ་ཐེར་འདོན་བྱས་པའི་ཉེས་འཛུགས་འོག འདས་པའི་ཟླ་བ་ ༩ རིང་བཀག་བསྐྱིལ་བྱས་ཏེ། དེ་རིང་གཞི་ནས་པེ་ཅིན་མི་དམངས་འབྲིང་རིམ་ཁྲིམས་ཁང་གཉིས་པའི་ནང་ལོ་ ༨ ཀྱི་ཁྲིམས་ཐག་བཅད་ཡོད་འདུག་ལ། ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྲིད་དབང་བཟུང་བ་ནས་རྒྱ་རིགས་ཁེ་དབང་རྩོད་ལེན་པ་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ། སྤྱི་ཚོགས་བརྒྱུད་ལམ་དང་གསར་འགོད་རང་དབང་སོགས་ལ་སྟངས་འཛིན་དང་དྲག་གནོན་བྱེད་མུས་ཡིན་པ་དང་། དེ་ཡང་གཙོ་བོ་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་སྲིད་ཇུས་སྲ་བརྟན་དང་བརྟན་ལྷིང་ཡོང་ཐབས་ཁོ་ནར་དམིགས་པ་ཞིག་ཡིན་འདུག

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

༢༠༢༦/༠༤/༡༦
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese