མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་གཅེས་དཔའ་བོའི་རྗེས་དྲན་ཉིན་མོ་གཏན་འབེབས་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༥/༡༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

 

ཁ་སང་སུད་སིར་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་བགྲོ་གླེང་ཚོགས་འདུག་ཞིག་ཚོགས་པའི་སྟེང་བོད་པ་མི་རེ་ངོ་རེར་བོད་དོན་འཐབ་རྩོད་ཀྱི་འགན་ཡོད་པ་དང་མ་འོངས་པར་རྒྱལ་གཅེས་དཔའ་བོའི་ཉིན་མོ་གཏན་འབེབས་སྲུང་གཙི་ཞུ་དགོས་སྐོར་སོགས་གླེང་ཡོད་འདུག

 

ཁ་སང་ཚེས་ ༢༠ ཉིན་སུད་སི་གྲོང་ཁྱེར་ཛུ་རིག་ནང་། ནམ་ཁོ་རྫ་རྡོ་ལགས་ཀྱི་གོ་སྒྲིག་འོག ‘རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་ཐེངས་གསུམ་པ’ ཞེས་པ་ཚོགས་ཏེ། བོད་བསྟན་པ་ཆབ་སྲིད་ཆེད་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་ཡོངས་དང་། དམིགས་བསལ་སྐུ་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་རྗེས་དྲན་གནང་སོང་། འདུ་འཛོམས་འདིའི་ཐོག་ཡུ་རོབ་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་དང་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་དཔའ་བོ་ལགས། བོད་དོན་འཐབ་རྩོད་པ་མིག་དམར་སྒྲོལ་མ་ལགས། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཞོན་མཁར་འཕག་ལགས་བཅས་ཀྱིས་གཏམ་བཤད་གནང་སོང་།

 

བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དཔའ་བོ་དཔའ་མོར་རྗེས་དྲན་གྱི་ཉིན་མོ་ཞིག་གཏན་འབེབས་ཁྱབ་བསྒྲགས་བྱས་ཏེ། འཛམ་གླིང་གང་སར་ཡོད་པའི་བོད་མི་ཡོད་དོ་ཅག་གིས་ལོ་ལྟར་ཉིན་བརྒྱ་དུས་གཅིག་ལ་དུས་དྲན་འདི་སྲུང་གཙི་ཞུ་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། གནད་དོན་དེ་ཡུ་རོབ་སྤྱི་འཐུས་བརྒྱུད་དེ་བོད་མིའི་སྒྲིག་འཛུགས་ལ་འབོད་སྐུལ་ཞུ་དགོས་པ་བཅས་བསམ་ཚུལ་བྱུང་སོང་།

 

སྐབས་དེར་མགོ་ལོག་འཇིགས་མེད་ལགས་ཀྱིས་རྒྱ་དམག་གིས་བོད་སར་འཛུལ་བྱས་པ་ནས་ད་ལྟའི་བར་སྡུག་སྦྱོང་མནར་གཅོད་བཏང་ཚུལ་སྒྲུང་ཞིག་དང་འབྲེལ་ཏེ་གསུངས་དོན། ང་ཚོ་བོད་པ་མི་རེ་ངོ་རེ་ལ་རྩ་དོན་འཐབ་རྩོད་ཐོག་འགན་རེ་ཡོད། ང་རང་ལ་མཚོན་ནའང་ལས་ཀ་ཏོག་ཙམ་བྱས་པ་ཚང་མ་བོད་མི་ཞིག་ཡིན་བསམ་པའི་ཐོག་ནས་བྱེད་ཀྱིན་ཡོད་མ་གཏོགས་ང་མགོ་ལོག་འཇིགས་མེད་ལ་མིང་དང་སྙན་གྲགས་ཤིག་ཨེ་ཐོབ་ན་སྙམ་པའི་བསམ་བློ་བཏང་མྱོང་མེད། ད་ལྟའང་དེ་བཞིན་ཡིན། དེར་བརྟེན། བོད་མི་ཚོས་ལས་འགུལ་འདི་ལྟ་བུ་ག་རེ་སྤེལ་ནའང་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཡོད། ཅེས་བརྗོད་སོང་།

 

ཡུ་རོབ་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་ཀྱིས་བརྗོད་དོན། དཔའ་བོ་དཔའ་མོའི་རྗེས་དྲན་མུ་མཐུད་གནང་དགོས་པ་ནི་ལོ་རྒྱུས་ཀྱི་གནད་འགག་ཅིག་ཆགས་ཡོད། མ་འོངས་པར་ང་ཚོའི་བུ་རབས་ཚ་རྒྱུད་རྣམས་ཀྱིས་ལོ་རྒྱུས་ཁྲོད་ཀྱི་དཔའ་བོ་དཔའ་མོ་རྣམས་ངོ་ཤེས་པ་དང་། ཐ་ན་པར་ཅིག་མཐོང་ནའང་ཁོང་ཅག་སུ་ཡིན་པ་ཤེས་ཐུབ་པ་ཞིག་བྱ་དགོས། དེ་ལ་ང་ཚོར་ལྷག་བསམ་དང་སྙིང་སྟོབས་ཡོད་པ་གཅིག་པུས་མི་ཡོང་བར། འཇོན་ཐང་དང་མཉམ་རུབ་སོགས་ཕྱོགས་གང་ཐད་ནས་འདང་དགོས། དེ་རིང་ང་ཚོས་འདིར་རྗེས་དྲན་བྱེད་པ་ཁོ་ན་མ་ཡིན་པར་མ་འོངས་པར་རྗེས་དྲན་གནང་ཕྱོགས་སོགས་ལའང་ཐག་གཅོད་དང་གྲུབ་འབྲས་ཐོན་པ་ཞིག་གནང་རྒྱུ་གལ་ཆེན་པོ་རེད། ཞེས་བརྗོད་སོང་།

 

བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་དཔའ་བོ་ལགས་ཀྱིས། འཛམ་གླིང་འདིའི་ནང་མི་རིགས་མང་པོ་ཡོད་པའི་ཁྲོད་དུ་བོད་མི་རིགས་ནི་བློ་ཁོག་དང་སྙིང་སྟོབས་ཧ་ཅང་ཆེན་པོ་ཡོད་པའི་མི་རིགས་ཤིག་རེད། རྒྱ་ནག་ལྟ་བུའི་ནང་དཔའ་བོ་ཟེར་ནས་རྒྱལ་ཁབ་ཀྱི་ངོས་ནས་རྗེས་དྲན་རྒྱ་ཆེན་པོ་དང་གཟི་བརྗིད་ཆེན་པོར་བརྩི་བཞིན་པ་དག་གཡུལ་འཁྲུག་ཁྲོད་རང་སྲོག་ཤོར་བ་རྣམས་རེད་ལ། རྒྱལ་ཁབ་གཞན་པ་ཁག་ཏུའང་དེ་ལྟར་རེད། དེར་བརྟེན། བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ནི་རང་ཉིད་སྒེར་གྱི་ཚེ་སྲོག་དང་འཚོ་བ་ཉེན་ཁར་ཐུག་སྟེ་ཤི་བ་མིན་པར་བོད་མི་རིགས་ཀྱི་ཆེད་དུ་རང་ཐག་རང་གཅོད་གནང་སྟེ་ཞི་བདེ་དང་རང་དབང་གི་ཆེད་དུ་སྐུ་སྲོག་བློས་གཏོང་གནང་བ་ཡིན་སྟབས་ང་ཚོས་ངེས་པར་དུ་རྗེས་དྲན་ཞུ་དགོས། ཞེས་སོགས་བརྗོད་སོང་།

 

གཞན་མིག་དམར་སྒྲོལ་མ་ལགས་ཀྱིས་བརྗོད་དོན། དཔའ་བོ་དཔའ་མོ་ཁོང་ཅག་གི་ཞལ་ཆེམས་ཁག་ནི་ང་ཚོར་བཅོལ་བའི་མཐའ་མཇུག་གི་རེ་བ་རེད། དེར་བརྟེན། འུ་ཚོས་རྒྱ་ནག་ནི་སྟོབས་ཆེན་རྒྱལ་ཁབ་ཡིན་སྟབས་ང་ཚོས་ཁ་གཏད་གཅོག་མི་ཐུབ་པའི་བསམ་ཚུལ་བཟུང་སྟེ་སྡོད་པ་ནི་ཧ་ཅང་ཐབས་སྐྱོ་བོ་རེད། ཞེས་བརྗོད་པ་དང་འབྲེལ་ཏེ་འཇར་ནང་བྲིས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་སྙན་ཚིག་ཅིག་ཀློག་འདོན་བྱས་སོང་།

 

བོད་ཀྱི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཞོན་མཁར་འཕག་ལགས་ཀྱིས་བརྗོད་དོན། མཚམས་རེར་ང་ནི་བོད་པ་ཞིག་ཏུ་སྐྱེས་པ་སྤོབས་པ་སྐྱེ་ཡི་འདུག རྒྱུ་མཚན་ང་ཚོར་༧གོང་ས་མཆོག་ལྟ་བུའི་དབུ་ཁྲིད་རླབས་ཆེན་ཞིག་ཡོད་པ་དང་། བོད་བསྟན་སྲིད་གྱི་ཆེད་དུ་བློས་གཏོང་ཅི་ཡང་བྱེད་ཕོད་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་མཚམས་མ་ཆད་པར་ཡོང་གི་འདུག་ཀྱང་། མཚམས་ལ་རེར་བོད་པ་ཁ་ཤས་ཀྱིས་ལས་འགུལ་འདི་ལྟ་བུར་དོ་སྣང་མི་བྱེད་པ་དང་། ལྷག་པར་དུ་བོད་མི་རེ་འགས་ང་ཆབ་སྲིད་ལ་དགའ་བོ་མེད་ཚུལ་བཤད་དེ་མཉམ་ཞུགས་མི་བྱེད་པ་ནི་ངོ་ཚ་དགོས་པ་ཞིག་རེད། བོད་མི་ཚོ་ཕྱི་རྒྱལ་ཁག་དུ་ཡོང་དུས་སོ་སོས་སྒྲུང་རྫུན་མ་བཟོས་ཏེ་ཆབ་སྲིད་ལས་ཀ་བྱས་མེད་ཀྱང་ཡོད་མདོག་མདོག་གིས་ཡིག་ཆ་རག་ཐབས་བྱེད་ཀྱི་ཡོད་པ་རེད། ཡིག་ཆ་དང་འཚོ་བ་ཅུང་ཡག་ཏུ་ཕྱིན་སྐབས་ང་ཆབ་སྲིད་ལ་དོ་སྣང་མེད་ལབ་ན་ངོ་ཚ་རེད། ཅེས་བརྗོད་སོང་།

 

རྗེས་དྲན་གོ་སྒྲིག་གནང་མཁན་ནམ་ཁོ་རྫ་རྡོ་ལགས་ཀྱིས་དཔའ་བོ་དཔའ་མོར་རྗེས་དྲན་ཞུ་དགོས་པའི་རྒྱུ་མཚན་ཁག་ཅིག་བྲིས་ཡོད་པའི་ནང་། ང་ཚོའི་ལུང་པ་རྒྱ་ལག་ཏུ་ཤོར་ནས་བོད་མི་ཚོའི་རང་དབང་ཡོད་ཚད་རྒྱ་ལག་ཏུ་ཤོར་བ་མ་ཟད་བོད་མི་དཔའ་བོ་དཔའ་མོ་ས་ཡ་ལྷག་གི་ཚེ་སྲོག་ང་ཚོའི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཤོར་ཡོད། ལྷག་པར་དུ་ ༢༠༠༩ ནས་ད་ལྟའི་བར་དུ་མི་རབ་གསར་བའི་དཔའ་བོ་དཔའ་མོ་ ༡༤༤ ལྷག་གིས་རང་ཉིད་ཀྱི་ལུས་པོ་མེར་བསྲེགས་ཏེ་ཁྱོད་དང་ང་ཡི་མ་འོངས་བདེ་སྐྱིད་ཀྱི་དོན་དུ་འཐབ་རྩོད་དང་བློས་གཏོང་གནང་ཡོད་པ་རེད། བོད་མི་ཧ་ཅང་མང་པོ་ཞིག་གིས་སྐབས་ཐོག་གི་སེམས་ཚོར་དང་སེམས་ཤུགས་ཙམ་ཕྱི་ལ་སྟོན་པ་ལས། དཔའ་བོ་དཔའ་མོ་རྣམས་ཀྱི་བློས་གཏོང་གི་དགོས་པ་རྒྱུ་མཚན་དང་། གནས་ལུགས་རྒྱབ་ལྗོངས་ལ་བསམ་བློ་ཞིབ་ཏུ་མི་གཏོང་བར། ཟླ་ཤས་དང་ལོ་ཤས་རྗེས་སུ་དཔའ་བོ་དཔའ་མོ་རྣམས་གཏིང་བརྗེད་དུ་འགྲོ་བཞིན་འདུག ཁོང་ཅག་གི་རླབས་ཆེན་བློས་གཏོང་ནི་ལོ་དང་ཟླ་བ་ཙམ་མ་ཡིན་པར་བསྐལ་བ་མ་སྟོང་བར་དུ་བརྗེད་ཐབས་མེད། རྒྱལ་ཁབ་དང་མི་རིགས་ཀྱི་རྣམ་པ་དང་ངོ་བོ་ཇི་ལྟར་འགྱུར་ཡང་དཔའ་བོ་དཔའ་མོ་རྗེས་དྲན་གྱི་འདུ་ཤེས་འདི་ཉིད་རྒྱུན་འཛིན་ཐུབ་དགོས། འོན་ཀྱང་རླབས་ཆེ་བའི་རྗེས་དྲན་འདུ་འཛོམས་འདི་ལྟ་བུ་ཞིག་གི་གུས་པ་ལྟ་བུ་ཞིག་གིས་གོ་སྒྲིག་ཞུ་དགོས་བྱུང་བ་ནི་ཡིད་སྐྱོ་དགོས་པ་ཞིག་རེད། རབ་ཡིན་ན་དཔའ་བོ་རྗེས་དྲན་གྱི་ལས་རིམ་འདི་རིགས་གཞུང་དང་ཚོགས་པ་ཆེ་ཁག་ནས་ལོ་ལྟར་གོ་སྒྲིག་ཞུ་དགོས་པ་ཞིག་ཆགས་ཡོད། ཅེས་སོགས་འཁོད་འདུག

 

གནས་ཚུལ་གཏོང་མཁན། ཙ་ཡུས་ཕུན་ཚོགས་ཡིན།

འབྲེལ་ཡོད་གསར་འགྱུར།

tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

ཆུ་ཚོད་ ༧ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

ཆུ་ཚོད་ ༩ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese