མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་སུ་འགྲིག་ཡོད་མེད་ཀྱི་མཐའ་མའི་ཐག་གཅོད་བྱེད་མཁན་མི་མང་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༡༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དོན་ཚན་དང་པོའི་ནང་༧གོང་ས་མཆོག་གི་བཀའ་དགོངས་ཐོག་ཤར་སྐྱོད་བྱ་རྒྱུ་ཟེར་བ་དང་། དོན་ཚན་བཞི་པའི་ནང་རང་བཙན་རྩོད་རྒྱུ་ཟེར་བ་གཉིས་ནང་འགལ་ཆགས་ཡོད་པ་དེ་འགྲིག་གི་མི་འདུག་ཟེར་གྱི་ཡོད།

 

nagwanཟླ་འདིའི་ཚེས་ ༡༦ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གཞོན་ལྷན་གྱི་ཚོགས་ཆེན་རིམ་པའི་ཐོག་གཏན་ལ་ཕབ་པའི་དམིགས་ཡུལ་དང་སྒྲིག་གཞིར་བརྩི་བཀུར་མི་བྱེད་པ་དང་། གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་མ་གཏང་བར་ཁྱབ་ཁོངས་འོག་གནས་ཐབས་མེད་སྐོར་བརྗོད་པ་མ་ཟད། ལོ་རྗེས་མའི་ཚོགས་ཆེན་ཐོག་མང་མོས་ཐག་གཅོད་ཇི་བྱུང་ལ་ཡང་མོས་མཐུན་བྱེད་འཆར་མེད་པ་སོགས་ལ་བརྟེན་ཏེ། གནས་སྐབས་རིང་ས་གནས་གཞོན་ནུ་ལྷན་ཚོགས་སྒོ་རྒྱག་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་སྟབས། འདི་གའི་གསར་འགོད་པས་ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་ཀྱི་གནོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ངག་དབང་དཔལ་ལྡན་ལགས་སུ་བཅར་འདྲི་ཞུས།

 

ངག་དབང་དཔལ་ལྡན་ལགས་སུ། ཉེ་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་ཐག་གཅོད་དེ་འདྲ་ཞིག་གནང་དགོས་པའི་རྒྱུ་མཚན་ཇི་ལྟར་བྱུང་མིན་དྲིས་པར་ཁོང་གིས། ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་ང་ཚོར་དབུས་གཞོན་ནུ་ལྷན་ཚོགས་ནས་ཚོགས་གཙོ་གཙོས་པའི་རྒྱུན་ལས་ལྔ་ཟླ་དེའི་ཚེས་ ༢༥ ཉིན་ས་གནས་ལ་ཕེབས་ནས་ཚོགས་འདུ་འཚོགས་རྒྱུ་ཡིན་པའི་གློག་འཕྲིན་འབྱོར་བ་ལྟར་ང་ཚོས་གྲ་སྒྲིག་བྱས་པ་ཡིན། ཁོ་རང་ཚོ་འདིར་ཕེབས་ཏེ་ང་ཚོ་དང་མཉམ་དུ་ཚོགས་འདུ་ཁག་གཉིས་ཚོགས་ཀྱང་གྲུབ་འབྲས་ཐོན་མ་སོང་། ང་ཚོས་ག་རེ་ཞུ་ཡི་ཡོད་ཟེར་ན། གཞོན་ནུའི་དཀའ་ངལ་དེ་ནེའུ་ཡོག་དང་ནེའུ་ཇར་སི་ཙམ་མ་རེད། སྤྱི་ཡོངས་ཀྱི་དཀའ་ངལ་ཞིག་ཆགས་ཀྱི་ཡོད་སྟབས། དཀའ་ངལ་དེ་སེལ་རྒྱུ་དབུས་ལ་འགན་ཡོད་པ་རེད་ཟེར་གྱི་ཡོད། སྔོན་མ་ང་ཚོ་རྒྱུན་ལས་སྐབས་བཅུ་གཉིས་པའི་སྐབས་ལ་དབུས་གཞོན་ནུ་ལྷན་ཚོགས་ལ་ཛ་དྲག་གི་ཚོགས་ཆེན་བསྐོང་དགོས་པའི་འབོད་སྐུལ་ཞུས་པ་ལྟར། ཁོ་ཚོས་ང་ཚོར་ཡི་གེ་ཞིག་བཏང་སྟེ་དེའི་ནང་དབུས་རྒྱུན་ཟུར་པ་མང་པོ་དང་གྲོས་བསྡུར་བྱས་རྗེས། གནས་སྐབས་རིང་ཛ་དྲག་གི་ཚོགས་འདུ་བསྐོང་དགོས་ཀྱི་མི་འདུག་གསུངས་ཡོད་པ་རེད། དེར་མ་ཟད་ ༢༠༡༦ ལོར་ཚོགས་ཆེན་ཚོགས་སྐབས་ལྷོ་གཞིས་ཁག་གི་ས་གནས་བརྒྱད་དེ་ངེས་པར་དུ་ཚོགས་འདུར་མཉམ་ཞུགས་གནང་འཇུག་རོགས། ཁོ་ཚོ་ཚོགས་འདུར་བཅར་བཅུག་པ་ཡིན་ན་ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་ཀྱང་ཚོགས་ཞུགས་བྱ་རྒྱུ་ཡིན་ལ། ཚོགས་འདུའི་ནང་བཀའ་སྡུར་དང་ཐག་གཅོད་གང་གནང་བ་དེར་ངོས་ལེན་ཞུ་རྒྱུ་ཡིན་ཞུས་པ་ཡིན། ཞེས་བརྗོད་བྱུང་།

 

ཐེངས་འདིར་དབུས་རྒྱུན་རྣམས་འདིར་ཕེབས་ཏེ་ཚོགས་འདུ་ཚོགས་སྐབས་གྲུབ་འབྲས་མ་ཐོན་པའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་མེད་དྲིས་པར་ཁོང་གིས། ད་ཐེངས་དབུས་ནས་རྒྱུན་ལས་མི་ ༥ ཕེབས་ཏེ་ང་ཚོ་ཚོགས་འདུ་རིམ་པ་གཉིས་ཚོགས་པ་ཡིན། ཚོགས་འདུར་གྲུབ་འབྲས་མ་ཐོན་པའི་རྒྱུ་མཚན་གཙོ་བོ་ང་ཚོས་ད་ལོའི་ཕྱི་ཟླ་ ༧ ཚེས་ ༢༡ ཉིན་དབུས་ལ་ཡི་གེ་ཞིག་བཏང་སྟེ་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་ལ་འགྱུར་བ་མ་ཕྱིན་བར་ས་གནས་ཀྱིས་དབུས་ལ་འབྲེལ་བ་ཞུ་རྒྱུ་མིན་ཟེར་བ་དེ་ཕྱིར་འཐེན་བྱེད་དགོས་གསུངས་ཡོད་པ་རེད།  དེ་ནས་ཁོ་ཚོས་ས་གནས་རྒྱུན་ལས་ཟུར་བ་རེ་ཟུང་ཞིག་དང་ཚོགས་འདུ་ཚོགས་ཏེ། ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་གཞོན་ནུ་སྒོ་རྒྱག་རྒྱུ་ཡིན་ལབ་པ་རེད། དེ་འགྲོ་སྟངས་ཀྱི་ཆ་ནས་ཏག་ཏག་བསྡད་ཡོད་པ་མ་རེད། གལ་སྲིད་ས་གནས་རྒྱུན་ལས་ཟུར་བ་སྐད་གཏོང་རྒྱུ་ཡིན་ན་ཚང་མ་གཏོང་དགོས་པ་རེད། ཁོ་ཚོས་རྒྱུན་ལས་ཟུར་བ་འཛོམས་དགོས་པའི་གསལ་བསྒྲགས་མ་བཏང་བར་ཁོ་རང་ཚོ་ལངས་ཕྱོགས་མཐུན་པ་ཁག་ཅིག་དང་། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་མི་སྣ་ཁག་ཅིག་སྐད་བཏང་སྟེ་ཚོགས་འདུ་ཚོགས་འདུག ང་ཚོ་ས་གནས་ཀྱི་རྒྱུན་ལས་སུ་གང་ལའང་འབྲེལ་བ་བྱས་མེད་པ་མ་ཟད། དེ་སྔོན་ས་གནས་གཞོན་ནུའི་རྒྱུན་ལས་འོས་འདེམས་བྱེད་སྐབས། ང་ཚོ་རྒྱུན་ལས་བཅུ་གཅིག་པ་ཕུད་པའི་ཁ་གཏད་མི་བཅུ་གཅིག་ལངས་ཡོད་པ་དེ་དག་ཁྲོད་ནས་མི་བདུན་སྐད་བཏང་ཡོད་པ་དེ་ཧ་ཅང་བློ་ཕམ་གྱི་རང་བཞིན་ཞིག་རེད། ཅེས་བརྗོད་བྱུང་།

 

ཡང་ཁོང་གིས་དབུས་གཞོན་ནུའི་གསལ་བསྒྲགས་ནང་གི་གནད་དོན་ཁ་ཤས་ཐོག་གསལ་བཤད་གནང་དོན། ང་ཚོའི་ཚོགས་འདུའི་ནང་བསམ་ཚུལ་མ་མཐུན་པ་བྱུང་ཡོད་པ་རེད། སྐབས་དེར་ས་གནས་ས་ཐོག་ནས་གསལ་བསྒྲགས་མ་བྱས་པར། ཝ་ཤིན་ཌོན་ལ་ཕྱིན་ཏེ་གསར་འགོད་གསལ་བསྒྲགས་སྤེལ་ཏེ། ང་ཚོས་དབུས་ལ་འབྲེལ་བ་བྱེད་ཀྱི་མེད་པ་གཙོས་ས་གནས་ནས་མ་འགྲིག་པ་དང་མ་བྱས་པ་མང་དག་ཅིག་ལབ་ཀྱི་འདུག དེ་དག་བདེན་པ་མ་རེད། དེ་བཞིན། ཁོ་རང་ཚོས་ཉེ་ལམ་འདིར་འོང་རྒྱུ་ཡིན། ལམ་གྲོན་ཁྱོད་རང་ཚོས་གཏོང་དགོས་ཟེར་བ་ཙམ་ལས་ད་བར་ས་གནས་ལ་འབྲེལ་བ་ཁྱོན་ནས་བྱས་མ་སོང་།

 

དབུས་ཀྱི་བཀའ་མོལ་མང་པོ་ཞིག་ཏག་ཏག་བསྡད་ཡོད་མ་རེད། དཔེར་ན། འགན་འཛིན་ལྷན་ཚོགས་སྐབས་གྲོས་ཆོད་བཞག་སྟེ། ལྷོ་ཕྱོགས་ཀྱི་གཞོན་ནུའི་ས་གནས་བརྒྱད་དང་ནེའུ་ཡོག་དང་ནེའུ་ཇར་སིའི་དཀའ་ཉོག་དེ་དབུས་ཀྱིས་སེལ་ཐབས་གནང་དགོས་ཞེས་འཁོད་ཡོད་ཀྱང་། ཁོ་རང་ཚོས་དཀའ་ངལ་སེལ་ཐབས་གནང་རྒྱུའི་ཚབ་ཏུ་ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་གཞོན་ནུ་ལྷན་ཚོགས་སྒོ་རྒྱག་རྒྱུ་ཡིན་ཟེར་གྱི་ཡོད་པ་རེད། ད་དུང་གྲོས་ཆོད་ནང་ས་གནས་བརྒྱད་དང་ནེའུ་ཡོག་གི་དཀའ་ངལ་སེལ་ཆེད་དབུས་ཀྱི་ས་གནས་ས་ཐོག་ལ་ཕེབས་ནས་མི་མང་ལ་གསལ་བཤད་མཐིལ་ཕྱིན་པ་རྒྱག་རྒྱུ་ཞེས་གསལ་བོར་འཁོད་ཡོད་ཀྱང་། ད་ཐེངས་དབུས་རྒྱུན་ལྔ་ཕེབས་ཡོད་ཀྱང་མི་མང་འདུ་སྐོང་གཅིག་རྐྱང་བྱས་ཡོད་པ་མ་རེད།

 

ད་དུང་ནེའུ་ཡོག་ས་གནས་ཀྱིས་ལོ་རྗེས་མའི་ཚོགས་ཆེན་སྟེང་གི་ཐག་གཅོད་ལ་མོས་མཐུན་བྱེད་ཀྱི་མི་འདུག་ཟེར་གྱི་ཡོད་པ་རེད། དེ་ཚོ་རྩ་བ་ནས་བདེན་པ་མ་རེད། གཅིག་ནས་ཚོགས་ཆེན་འཚོགས་རྒྱུར་ད་དུང་ཧ་ལམ་ལོ་གཅིག་ཡོད་སྟབས། ད་ལྟ་ཚོགས་ཆེན་ནང་གྲོས་ཆོད་གང་འཁྱེར་ཡོང་གི་ཡོད་མེད་དང་ཐག་གཅོད་གང་བྱེད་ཀྱི་ཡོད་མེད་ཤེས་རྒྱུ་ཁག་པོ་ཡིན་པར་བརྟེན། ང་ཚོས་ད་ལྟ་ནས་མོས་མཐུན་བྱེད་དང་མི་བྱེད་ལབ་ཐུབ་པ་ཞིག་མ་རེད། གཉིས་ནས་གཞོན་ནུའི་སྒྲིག་འཛུགས་དང་མ་འོངས་པའི་ཆིག་སྒྲིལ་ཆེད་ལྷོ་ཕྱོགས་ཀྱི་ས་གནས་བརྒྱད་དེ་མི་འབོར་དང་ས་གནས་གང་ཐད་ནས་ཧ་ཅང་གལ་ཆེན་པོ་རེད། ས་གནས་བརྒྱད་ཐེངས་རྗེས་མའི་ཚོགས་ཆེན་ལ་ཕེབས་པ་ཡིན་ན། ང་ཚོ་ཡང་བཅར་ཏེ་ཚོགས་ཆེན་ཐོག་གྲོས་ཆོད་གང་བྱུང་ཡང་ངོས་ལེན་བྱ་རྒྱུ་ཡིན་ཞུས་ཡོད། ཅེས་བརྗོད་བྱུང་།

 

ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་གཞོན་ནུའི་དགོས་འདུན་གཙོ་བོ་གང་ཡིན་དྲིས་པར་ཁོང་གིས། ད་ལྟའི་ཆར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལྟ་བ་ལངས་ཕྱོགས་དང་ལས་ཀ་བྱེད་ཕྱོགས་ཁག་ཅིག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མ་འཛུགས་སྐབས་ཀྱི་དམིགས་ཡུལ་བཞི་ཡོད་པའི་ནང་གི་དང་པོ་དང་རྒྱབ་འགལ་ཆགས་ཡོད་པ་རེད། དེ་གང་རེད་ཟེར་ན། གཞོན་ནུའི་དམིགས་ཡུལ་གྱི་དོན་ཚན་དང་པོའི་ནང་། ༧གོང་ས་མཆོག་གི་བཀའ་དགོངས་བཞིན་ཤར་སྐྱོད་བྱ་རྒྱུ་ཞེས་འཁོད་ཡོད་པ་དང་། དོན་ཚན་བཞི་པའི་ནང་རང་བཙན་འཐབ་རྩོད་བྱེད་རྒྱུ་ཡིན་ཟེར་བ་གཉིས་བར་འགལ་བ་ཆགས་ཡོད་པ་རེད། དམིགས་ཡུལ་འདི་ཐོག་མ་གཏན་འབེབས་བྱེད་སྐབས། ༧གོང་ས་མཆོག་དང་བོད་གཞུང་གི་ལངས་ཕྱོགས་དང་མཐུན་གྱི་ཡོད་པ་རེད། ཡིན་ནའང་རྗེས་སུ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕོགས་འགྱུར་བ་ཐེབས་ཡོད་པ་རེད། དངོས་ནས་༧གོང་ས་མཆོག་གི་བཀའ་དགོངས་ཐོག་ཤར་སྐྱོད་བྱ་རྒྱུ་ཡིན་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་ལའང་འགྱུར་བ་གཏོང་དགོས་པ་ཆགས་ཡོད་པ་རེད། ང་ཚོས་སྔ་ཕྱི་བར་གསུམ་དུ་ག་རེ་ཞུས་ཡོད་ཟེར་ན། ང་ཚོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་དང་འགལ་མེད་ལ། གཞོན་ནུ་ཐོག་མ་འཛུགས་སྐབས་ཀྱི་དམིགས་དང་ཡང་འགལ་མེད། ང་ཚོས་གཞོན་ནུའི་སྒྲིག་འཛུགས་ཀྱི་ཡུལ་དོན་ཚན་དང་པོ་དེ་གལ་ཆེ་ཤོས་སུ་བརྩིས་ཏེ། དེ་ལ་ང་ཚོས་ག་དུས་ཡིན་ཡང་བརྩི་བཀུར་ཞུ་བཞིན་ཡོད་ཟེར་གྱི་ཡོད། ཅེས་བརྗོད་བྱུང་།

 

བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་བཙན་བྱོལ་སྤྱི་ཚོགས་ནང་གི་ཚོགས་པ་ཆེ་ཤོས་ཤིག་ཡིན་པ་མ་ཟད། རྩ་དོན་འཐབ་རྩོད་ཐོག་ལའང་གལ་འགངས་ཆེན་པོ་ཆགས་ཡོད་སྟབས། མ་འོངས་པར་གཞོན་ནུ་ཆིག་སྒྲིལ་ཡོང་ཐབས་ཐད། དགོངས་པ་གང་འདྲ་བཞེས་ཀྱི་ཡོད་མེད་དྲིས་པར་ཁོང་གིས། ང་ཚོས་གཞོན་ནུ་ལྷན་ཚོགས་དུམ་བུ་གཉིས་སུ་མི་འགྲོ་ཐབས་ལ་དང་པོ་ནས་འབད་བརྩོན་ཞེ་དྲགས་བྱས་པ་ཡིན་ལ་ད་ལྟའང་བྱེད་བཞིན་ཡོད། ང་ཚོས་ཟླ་འདིའི་ཚེས་ ༢༦ ཉིན་རེས་གཟའ་སྤེན་པ་དང་བསྟུན་ཏེ། མི་མང་འདུ་སྐོང་བྱས་ཏེ་ཚོགས་འདུ་ཚོགས་རྒྱུ་ཡིན། ཚོགས་འདུའི་ཐོག་སུས་འགྲིག་ཡོད་མེད་བརྡར་ཤ་གཅོད་རྒྱུ་ཡིན། ད་ལྟ་དབུས་རྒྱུན་ཚོགས་གཙོ་དང་དྲུང་ཆེ་ཨ་རིར་བཞུགས་ཡོད་པ་རེད། ཚོགས་འདུའི་ཐོག་ཕེབས་ནས་མི་མང་ལ་བཀལ་མོལ་གནང་བ་ཡིན་ན། མི་མང་གིས་སུས་འགྲིག་ཡོད་མེད་ཐག་གཅོད་གནང་གི་རེད། གལ་སྲིད་མི་མང་གིས་ང་ཚོས་འགྲིག་མི་འདུག་གསུང་བ་ཡིན་ན། ཉིན་དེ་རང་ལ་ང་ཚོས་དགོངས་པ་ཞུ་རྒྱུ་ཡིན། སུས་འགྲིག་མིན་གྱི་མཐའ་མའི་ཐག་གཅོད་བྱེད་མཁན་དེ་མི་མང་ཡིན། ཞེས་བརྗོད་བྱུང་།

 

ཁོས་མུ་མཐུད་དུ་བརྗོད་དོན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ད་བར་རླབས་ཆེན་གྱི་བྱ་གཞག་མང་པོ་ཞིག་ཆབ་སྲིད་གཅིག་པུ་མིན་པར། སྤྱི་ཚོགས་ཞབས་ཞུ་དང་ཆོས་དང་རིག་གཞུང་ཐོག་ཞུས་ཡོད་པ་རེད། སྔོན་མ་ཡིན་ན་བོད་གཞུང་གི་གཞུང་ཞབས་ཡིན་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནང་འཛུལ་ཆོག་པ་དང་། རྒྱུན་ལས་ནང་བདམས་ན་གཞུང་ནས་བཀའ་ཁྲོལ་ཡོད་པ་མ་ཟད། རྒྱུན་ལས་ནས་ཐོན་མཚམས་གཞུང་ཞབས་ཁོངས་བསྐྱར་དུ་འཛུལ་ཆོག་པའི་ཆོག་མཆན་ཐོབ་ཀྱི་ཡོད་པ་མ་ཟད། དེ་བཞིན། ལས་དོན་ཆེ་ཁག་རིགས་གཞོན་ནུ་ལྷན་ཚོགས་ལ་བཀོད་ཁྱབ་གནང་རྒྱུ་སོགས་ཀྱི་ལམ་ལུགས་ཀྱང་ཡོད་པ་རེད། ད་ཆ་དེ་ཚོ་མེད་པ་ཆགས་པ་མ་ཟད་གཞོན་ནུ་ལྷན་ཚོགས་དང་གཞུང་བར་ཐག་རིང་པོ་ཆགས་པ་དང་། དེ་ལ་བརྟེན་ཏེ་རང་བཞིན་གྱིས་གཞོན་ནུ་ལྷན་ཚོགས་དང་མི་མང་བར་ལ་ཐག་རིང་དུ་འགྲོ་བཞིན་ཡོད་པ་རེད། དེ་ངས་ཞུ་དགོས་པ་ཞིག་མ་རེད། སྤྱི་ཚོགས་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ལྟ་སྟངས་གང་འདྲ་ཡོད་མེད་ཀྱིས་ཁ་གྲག་ཡོང་གི་ཡོད་པ་རེད། དེ་རྩ་བ་ཉིད་ནས་འགྲིག་གི་ཡོད་པ་མ་རེད། ཚོགས་པ་བྱེ་བྲག་པ་ཞིག་གིས་ག་ཚོད་ཀྱིས་མི་མང་དང་བར་ཐག་རིང་དུ་བཏང་བ་དེའི་ཚོད་ཀྱིས། ཚོགས་པའི་ནུས་ཤུགས་ལ་དོ་ཕོག་འགྲོ་རྒྱུ་ཡིན་པ་བཤད་མ་དགོས་པ་ཞིག་རེད། མ་འོངས་པར་སྒྲིག་འཛུགས་འདི་ཆིག་སྒྲིལ་འོག་གནས་དགོས་ན། ད་ལྟ་ནས་བོད་མིའི་སྒྲིག་འཛུགས་དང་གཞོན་ནུ་ལྷན་ཚོགས་བར་འབྲེལ་ལམ་ཡག་པོ་ཞིག་དང་། མི་མང་དང་གཞོན་ནུ་ལྷན་ཚོགས་བར་དམ་ཚིག་གཙང་མ་ཞིག་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་བརྗོད་བྱུང་།

 

མཇུག་ཏུ་གསར་འགོད་པས་ལོ་རྗེས་མའི་གཞོན་ནུའི་ཚོགས་ཆེན་སྟེང་ཐག་གཅོད་གང་གནང་ལ་མོས་མཐུན་ཞུ་རྒྱུ་ཡིན་མིན་དྲིས་པར་ཁོང་གིས། ཡིན་དང་ཡིན། ང་ཚོས་སྔོན་མ་ནས་ཞུས་པ་ཡིན་ལ་ད་ལྟ་དེ་བཞིན་ཡིན། ལོ་རྗེས་མའི་ཚོགས་ཆེན་ཐོག་ལྷོ་གཞིས་ཁག་གི་ས་གནས་བརྒྱད་ཀྱི་རྒྱུན་ལས་རྣམས་ཕེབས་པ་ཡིན་ན། ང་ཚོ་ཡང་ཚོགས་ཞུགས་བྱས་ཏེ་གོ་བསྡུར་སྦྱང་བཤད་བྱས་ཏེ། མཐའ་མར་སྤྱི་མོས་གྲོས་ཆོད་ག་རེ་བཞག་པ་ཡིན་ན། ང་ཚོས་དེར་གུས་བརྩི་ཞུ་རྒྱུ་ཡིན། གལ་སྲིད་དེ་ལྟར་མ་བྱུང་བ་ཡིན་ན། ཚོགས་འདུའི་ཐོག་ཐག་གཅོད་གང་གནང་ཡང་ང་ཚོས་ངོས་ལེན་བྱེད་ཐབས་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༢༣ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

མཆན། 4

  1. ཐོས་པ་དགའ། says:
    ལོ་ 11 སྔོན།

    དེ་ག་རང་རེད། གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་མ་སོང་ན་ཁྱབ་ཁོངས་སུ་གནས་རྒྱུ་མིན་པའི་ཐག་གཅོད་བྱེད་མཁན་ཇེ་མང་དུ་འགྲོ་དང་འགྲོ་བཞིན་པར་བརྟེན། འདིའི་དཀའ་ངལ་དངོས་དེ་སེལ་བ་ལ་གཞོན་ནུའི་ཚོགས་མི་ཡོངས་ཪྫོགས་བསྡུས་ནས་མང་གཙོའི་ལམ་ནས་ཐག་གཅོད་གཙང་མ་བྱེད་པའི་ཐབས་ལམ་ཅིག་འཚོལ་དགོས་པ་གལ་ཆེན་པོ་རེད་སྙམ། དེ་མིན་ན་ས་གནས་རེ་རེ་ནས་མཉམ་ཞུགས་མ་བྱས་པ་རྒྱུ་མཚན་དུ་བྱས་ནས་ས་གནས་ག་གེ་མོ་རེ་སྒོ་རྒྱབ་པ་ཡིན་ན། ལྷོ་ཕྱོགས་ཀྱི་ས་གནས་དེ་ཚོ་ཡང་སྒོ་རྒྱག་དགོས་པ་རེད་སྙམ།

    Reply
  2. གངས་སྲས། says:
    ལོ་ 11 སྔོན།

    ནེའུ་ཡོག་གི་གཞོན་ནུ་དང་ལྷོ་ཕྱོགས་ཀྱི་ས་གནས་གཞོན་ནུ་ཁག་གི་འདོད་ཚུལ་གཅིག་ཡིན་པས། ནེའུ་ཡོག་གི་ས་གཞོན་སྒོ་བརྒྱབ་རྗེས་ལྷོ་ཕྱོགས་ཀྱི་ས་གཞོན་ཁག་ཀྱང་སྒོ་རྒྱག་འཆར་ཡོད་དམ། དེ་མིན་ནེའུ་ཡོག་གི་ས་གཞོན་གྱིས་དམིགས་བསལ་འགལ་འཛོལ་གང་བྱས་ཡོད།
    ད་ཐེངས་ནེའུ་ཡོག་གི་ས་གཞོན་སྒོ་བརྒྱབ་པའི་ཟློས་གར་འདིའི་རྒྱབ་ན་འཇམ་ནོར་དང་། ཀླུ་མཁར་བྱམས། དོན་གྲུབ་ལྷ་དར་གྱི་ངན་བྱུས་བཤམས་པ་གོ་ཐོས་བྱུང་།
    དབུས་གཞོན་ནུས་གསལ་བཤད་ལེགས་པོ་ཞིག་མ་བྱས་ཚེ་ཚོགས་པའི་མ་འོངས་པར་གནོད་ཚབས་ཤིན་ཏུ་ཆེ།

    Reply
  3. Jigmey sonam says:
    ལོ་ 11 སྔོན།

    ནེའུ་ཡོག་ས་གནས་གཞོན་ནུར་རྒྱབ་སྐྱོར་ཡོད་
    རྡ་ས་ནསདབུས་རྒྱུན་ལས་ལྔ་ཕེབས་དགོས་ཀྱི་ཡོད་དམ་
    མིདམངས་ཀྱི་ལག་ནས་སྒོར་མོ་རེ་རེའི་བྱས་ནས་གསགས་པ་དེ་བོད་སྤྱོད་བྱས་ནས་ཕྱམས་ཕྱམས་ལ་ཕེབས་པ་རེད་དམ་ ཚོགས་གཙོ་ཚོགས་གཞོན་གཉིས་ཀྱི་མི་འགྲིགས་པ་ཨེ་ཡོད་
    ས་གནས་མི་དམངས་ཀྱི་འོས་བླུགས་པའི་ས་གནས་གཞོན་ནུའི་ལས་ཁུངས་སྒོ་རྒྱབ་ཀྱི་ཡོད་ན་ མ་འོངས་ས་གནས་མི་དམངས་ཀྱི་རྒྱབ་སྐྱོར་མེད་པའི་ རངབཙན་རྩོད་ལེན་པ་གཞོན་ནུའི་ལས་འགུལ་ལ་ཁ་བདེ་པོའི་མི་ཉུང་ཤས་ཞིག་གི་ལས་འགུལ་གང་འདྲ་སྤེལ་གྱི་ཡོད་ན་

    Reply
  4. རྡོ་རྗེ། says:
    ལོ་ 11 སྔོན།

    རྡ་རམ་ས་ལའི་གཞོན་ནུའི་ཕོ་གསར་མོ་གསར་ ༥ ་ཨ་རི་ནིའི་ཡོག་ས་གནས་གཞོན་ནུ་སྒོ་རྒྱག་གི་སོང་བ་དེ། གཞོན་ནུའི་ནང་རྙོག་ལ་ཁ་གཡར་ནས་ཨ་རིའི་ཝེ་ཟ་རེག་ཐབས་བྱས་པ་མ་རེད་དམ། དངོས་གནས་ཐབས་སྐྱོ་བོ་རེད། སྤྱི་དོན་གྱི་མིང་ཐོག་ནས་སྒེར་དོན་སྒྲུབ་ཟེར་བ་དངོས་གནས་དེ་འདི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese