མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲག་སྤྱོད་པར་ལྐོག་འབྲེལ་བ་ཡོད་པ་དག་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༥/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

པ་ཀི་སི་ཐན་ནང་གི་ཁ་ཆེའི་བུད་མེད་འབྱོར་ལྡན་སྐོར་ཞིག་གིས་ཤར་དཀྱིལ་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པར་དངུལ་དངོས་ཀྱི་རྒྱབ་རོགས་རོགས་དང་། པ་ཀི་སི་ཐན་ནས་སྐྱེས་དམན་ཡང་ཐབས་འཚོལ་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་འདུག

 

382764_img650x420_img650x420_cropཁ་སང་རྒྱ་གར་གྱི་ཚོང་ལས་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། པ་ཀི་སི་ཐན་ཀཱ་ར་ཆཱི་གྲོང་ཁྱེར་གྱི་ཉེས་དོན་ཉེན་རྟོག་པས། ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་གྱི་འབྱོར་ལྡན་བུད་མེད་ ༢༠ ཡིས་ཨི་རག་དང་སི་རེ་ཡའི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ (IS) ལ་རྒྱབ་སྐྱོར་བྱས་ཏེ། ཁོ་ཚོར་གོ་མཚོན་ཉོ་ཆེད་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་ཡོད་པ་མ་ཟད། དྲག་སྤྱོད་པར་མནའ་མ་བཙལ་ནས་ཁོ་ཚོའི་བག་མར་བཏང་དང་གཏོང་མུས་ཡིན་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་སྟེ། ད་ལྟ་གྲོང་ཁྱེར་ཡོངས་ལ་དམ་དྲག་བྱས་ནས་བུད་མེད་དེ་དག་འཛིན་བཟུང་བྱེད་བཞིན་ཡོད་འདུག

 

ཨལ་ཇཱ་ཛི་ར་དྲ་བ་ (Al Jazeera) སྟེང་པ་ཀི་སི་ཐན་གྱི་ཉེན་རྟོག་པ་ཞིག་གིས། ཉེ་ལམ་ང་ཚོས་ཨི་རག་དང་སི་རེ་ཡའི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ལ་གོ་མཚོན་སྤྲད་དེ། འདི་ལོའི་ཟླ་ ༥ པའི་ནང་ཀཱ་ར་ཆཱི་གྲོང་ཁྱེར་དུ་སྤྱི་སྤྱོད་རླངས་འཁོར་ཞིག་ལ་འཇབ་རྒོལ་བྱས་ཏེ། ཤཱ་སེ་ (Shias) ཆོས་བྱེད་ཡུལ་མི་ ༤༤ དམར་གསོད་གཏོང་དུ་བཅུག་མཁན་གྱི་དོགས་ཡོད་མི་སྣ་ཞིག་འཛིན་བཟུང་ཐུབ་ནས་འདྲི་རྩད་བྱས་པ་བརྒྱུད། ཁོའི་རྒྱབ་རོགས་ལ་བུད་མེད་མང་པོ་ཞིག་ཡོད་པ་ཤེས་རྟོགས་བྱུང་སྟེ། ད་ལྟ་བུད་མེད་དེ་དག་འཛིན་བཟུང་བྱེད་བཞིན་ཡོད། ཅེས་བརྗོད་འདུག

 

དེ་རིང་ཨེ་ཕེ་གསར་ལམ་སྟེང་པ་ཀི་སི་ཐན་སིན་མངའ་སྡེའི་འཇིགས་སྐུལ་རིང་ལུགས་པར་རྒོལ་རྡུང་གཏོང་མཁན་གྱི་ཚོགས་གཙོ་ར་ཇེ་ཨུ་མར་ (Raja Umar Khattab) གྱིས། “བདུན་ཕྲག་སྔོན་མའི་ང་ཚོས་ཀཱ་ར་ཆཱི་གྲོང་ཁྱེར་ནས་དེ་སྔོན་ཨི་རག་དང་སི་རེ་ཡ་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ལ་རྒྱབ་སྐྱོར་བྱས་ཏེ། སྤྱི་སྤྱོད་རླངས་འཁོར་ལ་མེ་མདའ་བརྒྱབ་ནས་མི་གསོད་བཅུག་མཁན་གྱི་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས་རྗེས། ཁོས་ཁོ་རང་གི་བཟའ་ཟླས་ཀཱ་ར་ཆཱི་ནང་ཆོས་ཚོགས་ཨལ་ཛེ་ར་ (Al Zikra) ཞེས་པ་ཞིག་བཙུགས་ཏེ། དེའི་ཡོང་འབབ་ཨི་རག་དང་སི་རེ་ཡ་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ལ་གཏོང་གི་ཡོད་པ་དང་། ཆོས་ཚོགས་དེའི་ནང་འབྱོར་ལྡན་བུད་མེད་ ༢༠ ཡོད་པ་དེ་དག་གིས་དྲག་སྤྱོད་པའི་བརྙན་ཐུང་ཕབ་བཤུ་བྱས་ཏེ། མི་མང་ལ་འགྲེམས་སྤེལ་བྱེད་ཀྱི་ཡོད་པ་ཁས་ལེན་བྱས་སོང་།” ཞེས་བརྗོད་འདུག

 

ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་གིས་ལོ་རེར་པ་ཀི་སི་ཐན་ནང་ཉུང་མཐར་འཇབ་རྒོལ་ཐེངས་ལྔ་ལྷག་བྱས་ཏེ། ཉེས་མེད་མི་སེར་བརྒྱ་ཕྲག་མང་པོ་གསོད་བཞིན་ཡོད་སྟབས། ད་བར་པ་ཀི་སི་ཐན་གཞུང་གིས་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་དང་ལོ་བཅུ་ལྷག་དམག་འཐབ་བྱས་མྱོང་ཡོད། ད་ལྟ་པ་ཀི་སི་ཐན་ནང་ཨི་རག་དང་སི་རེ་ཡ་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་གིས་གཞུང་ལ་ཁ་གཏད་གཅོག་གི་ཡོད་པ་དེ་ནི། པ་ཀི་སི་ཐན་གཞུང་ལ་མཚོན་ན་གནས་ཚུལ་གསར་པ་དང་དམག་འཐབ་གསར་པ་ཞིག་ཆགས་ཡོད་པ་རེད།

 

རྒྱ་གར་ཧིན་རྡུ་སི་ཐན་དུས་བབ་ཀྱིས་ད་ལྟ་ཨི་རག་དང་སི་རེ་ཡ་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་གིས་ཁ་ཆེ་ཆོས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས། རྒྱལ་ཁབ་ནང་ཟིང་འཁྲུག་བསླངས་ཏེ་སི་རེ་ཡ་དང་ཨི་རག་གི་ས་ཁུལ་གསུམ་ཆ་གཅིག་ལ་དབང་སྒྱུར་དང་། ལི་བྷེ་ཡའི་སར་ཌི་གྲོང་ཁྱེར་ (Sirte) དང་ཡཱ་མན་སོགས་ཀྱི་ནང་རྟེན་གཞི་བཙུགས་ནས་དྲག་ཟིང་ལས་འགུལ་འདྲ་མིན་སྤེལ་ཏེ། ད་བར་མི་སེར་ ༨༠༠༠༠ ལྷག་བསད་ཡོད་སྟབས། ཤོག་ཁག་དེར་ནེ་ཇེ་རི་ཡར་རྟེན་གཞི་བྱས་པའི་བྷོ་ཁཱོ་ཧ་རམ་ (Boko Haram) དྲག་སྤྱོད་སྒྲིག་འཛུགས་མགུ་པོ་བྱུང་སྟེ། ཚོགས་ཁོངས་སུ་བཞུགས་ནས་མཉམ་རུབ་ཐོག་དཀྱིལ་ཤར་ཡུལ་གྲུ་དང་ཨབ་གྷན། པ་ཀི་སི་ཐན་སོགས་སུ་དྲག་སྤྱོད་ལས་འགུལ་སྤེལ་ཏེ་ད་བར་ཁྱོན་མི་ ༢༨༩༥༡ ཙམ་བསད་སྟབས། ༢༠༡༥ ལོའི་ཟླ་ ༣ པ་ནས་ཟླ་འདིའི་ཚེས་ ༢༡ ཉིན་བར་ཡོ་རོབ་ཁུལ་དུ་སྐྱབས་བཅོལ་བ་ ༡༠༡༨༣༥༢ འབྱོར་བ་དང་། མི་ ༣༦༩༥ མཚོ་ཐོག་ནས་རྐྱེན་ལམ་ཕྱིན་ཡོད་པ་རེད་ཅེས་བརྗོད་འདུག

 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

དྷ་སར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༡༠ སྔོན་ལ།
༸གོང་ས་མཆོག་གི་མཛད་རྣམ་དངོས་བྱུང་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ།
Mobile App

བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་གློག་བརྙན་ལ་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་ལྟད་མོ་བའི་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡༡ སྔོན་ལ།
Tsadha County Nomad in haixi mongolian and Tibetan autonomous prefecture, Qinghai province
Mobile App

འབྲོག་པའི་ནོར་ལུག་སྔར་ལས་མང་བ་བཤས་རར་འདེད་དགོས་པའི་སྐུལ་འདེད་ཚོགས་འདུ་བསྡུས།

ཆུ་ཚོད་ ༡༡ སྔོན་ལ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་གཞུང་གི་ཁྲིམས་ཡིག་གསར་པར་སྐྱོན་བརྗོད་བྱས།

ཆུ་ཚོད་ ༡༣ སྔོན་ལ།
Front Slider

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༤།༢༢
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༡༤ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese