དེ་རིང་ཞོགས་པའི་ཆུ་ཚོད་ ༨།༣༠ ཙམ་ལ་བོད་མིའི་སྐྱབས་མགོན་༧གོང་ས་མཆོག་བཞུགས་སྒར་ནས་ཆིབས་འཐོན་གྱིས་ཨ་རིའི་མ་ཡོ་སྨན་ཁང་དུ་སྨན་བཅོས་གནང་བར་ཕེབས་ཡོད་འདུག
དེ་རིང་ཉིན་རྒྱབ་དགའ་ལྡན་ཕོ་བྲང་གིས་གནས་ཚུལ་བསྒྲགས་པའི་ནང་། ༧གོང་ས་མཆོག་དེ་རིང་ཚེས་ ༡༩ ཉིན། དྷ་ས་ནས་ཕེབས་ཐོན་གྱིས་ཨ་རིའི་གྲོང་ཁྱེར་མི་ནི་སོ་ཀྲ་མེ་ཡོ་སྨན་ཁང་དུ་ (Prostate) ཞེས་ལྒང་པའི་སྨན་བཅོས་དང་སྐུའི་ངལ་གསོ་བཅས་ཟླ་གཅིག་ཙམ་རིང་གནང་རྒྱུ་ཡིན་པ་དང་། ཕྱི་ཟླ་གསུམ་པའི་ནང་འཆར་ཅན་མཛད་འཆར་ཁག་རྒྱུན་སྐྱོང་གནང་རྒྱུ་ཡིན། ཞེས་འཁོད་འདུག
ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་དེ་རིང་བཞུགས་སྒར་ནས་ཕེབས་ཐོན་གྱིས་ཨ་རིའི་དཀྱིལ་ནུབ་མངའ་སྡེ་མེན་ནི་སོ་ཊ་ (Minnesota) ཡི་གྲོང་ཁྱེར་རའོ་ཆ་སི་ཊར་ (Rochester) ནང་ཡོད་པའི་མ་ཡོ་སྨན་དཔྱད་ཁང་ (Mayo Clinic) ཁང་དུ་སྤྱན་ལ་རྟགས་དཔྱད་གནང་དུ་ཕེབས་ཡོད་པ་དང་། ཁོང་བཞུགས་སྒར་ནས་མ་ཕེབས་སྔོན་ཏག་ཏག་ལ་གསར་འགོད་པར། ཁོང་གི་སྐུ་གཟུགས་བདེ་ཐང་ཡིན་གསུངས་ཡོད་པ་དང་། གྷ་གྷལ་གནམ་ཐང་དུ་ཁོང་གིས་གསར་འགོད་པར། འདས་པའི་ལོ་ངོ་ ༩ རིང་ལ་ངོས་རང་མ་ཡོ་སྨན་དཔྱད་ཁང་དུ་གཟུགས་པོར་རྟགས་དཔྱད་གཏོང་བར་འགྲོ་བཞིན་ཡོད། གལ་ཏེ་སྨན་པས་ངོས་ལ་ནད་ཚ་ཕྲན་བུ་ཡོད་པ་ཤེས་རྟོགས་བྱུང་ན་ཁོ་ཚོས་སྨན་བཅོས་ལེགས་པོ་གནང་གི་རེད། ཅེས་དང་། ཡང་ངོས་ཀྱི་མིག་གཡས་པ་སྐྲངས་འདུག་ཅེས། སྤྱན་ཤེལ་ཕུད་ནས་ཅུང་སྐྲངས་སྦོས་བྱུང་ཡོད་པའི་སྤྱན་གཡས་པ་གསར་འགོད་པ་བསྟན་སོང་། ཞེས་སོགས་འཁོད་འདུག
གསར་འགོད་པ། པདྨ་རྒྱལ།
ཁྱེད་ནི་གངས་ཅན་མགོན་པོ་སྤྱན་རས་གཟིགས།
གངས་རི་རྭ་བའི་བསྐོར་བའི་ཞིང་ཁམས་སུ།
མི་ཡི་གཟུགས་སུ་སེམས་ཅན་དོན་ལ་ཕེབས།
བདག་གི་མུན་པ་སེལ་ཏེ་རྨོངས་པ་དག
ད་ལྟ་ཉིད་དུ་གསལ་བར་ཐུགས་རྗེ་སྐྱོབ།
ཁྱེད་ཀྱི་སྐུ་ཡིས་ངོ་མཚར་འཇིག་རྟེན་འདིར།
ཆོས་རྒྱུ་མི་ངོ་དབྱེ་མེད་བྱམས་ཀྱིས་གནས།
དེ་ལྟའི་ངོ་མཚར་ཆེན་པོའི་འཇིག་རྟེན་ཁམས།
ཉེར་གཅིག་པ་ཡི་ཆོས་པ་གསར་གཏོད་མཛད།
ཉེར་གཅིག་པ་ཡི་ཆོས་པ་གསར་མཛད་ནས།
ཆོས་ལུགས་མ་ལུས་སཽའི་ཙམ་མིན་པར།
འཇིག་རྟེན་འདི་ན་གནས་པའི་སེམས་ཅན་སྤྱི།
ཡང་སྒོས་མི་ཡི་སྤྱི་ཚོགས་ནང་ཁུལ་ནང་།
ང་ཡིན་ཁོ་ཡིན་ཞེས་པའི་དབྱེ་འབྱེད་ལ།
ཏག་ཏུ་མི་རུང་གཞན་སྤྱི་ཁོ་ནར་སེམས།
བྱང་སེམས་ཆེན་པོ་དེ་ཉིད་ཁོ་ན་ཡིན།
འདི་ནི་ཆོས་ལུགས་ཐམས་ཅད་ཀྱིས།
མཐར་ཐུགས་རྗེས་འཛིན་དེ་ཉིད་ཁོ་ན་བཤད།
གངས་རིའི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས།།
མི་ཡི་རྣམ་རོལ་བསྟན་འཛིན་རྒྱ་མཆོའི་དཔལ།།
བསྟན་འགྲོ་བྱམས་བརྩེའི་ཐུགས་ལ་ཉེར་གཟིགས་ཏེ།།
སྐུ་ཚེ་བསྐལ་བརྒྱའི་བར་ཏུ་བརྟན་གྱུར་ཅིག །
༄༅།།སྟོན་པས་འདུས་བྱས་ཆོས་རྣམས་ཐམས་ཅད་ནི། །མི་རྟག་ཚུལ་རྣམས་སྟོན་པའི་དོན་གྱི་ཕྱིར།། འདུལ་བྱའི་དོན་དུ་སྙུང་བའི་ཚུལ་བསྟན་པ། །སྤྱན་རས་གཟིགས་དང་དངོས་སུ་དབྱེར་མེད་པ། །འཇིག་རྟེན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡིས། །སྐུ་ཚེ་ཞབས་པད་དཀའ་བརྒྱར་བརྟན་འགྱུར་ཅིག།།
གནས་ཚུལ་འཕྲལ་དུ་ཕྱི་བསྒྲགས་གནང་བ་གསར་འགོད་པ་པདྨ་རྒྱལ་ཐུགས་རྗེ་ཆེ། འདི་གནས་ཚུལ་ཛ་དྲག་རེད་བསམ་གྱི་འདུག དགའ་ལྡན་ཕོ་བྲང་གི་གསལ་བསྒྲགས་དང་། ཨེ་ཕེ་གསར་འགྱུར་གཉིས་ཀྱི་ནང་དོན་གཅིག་པ་མ་རེད། དགའ་ལྡན་ཕོ་བྲང་གིས་དབྱིན་ཡིག་གི་ཚིག་(Prostate) ཞེས་པ་ཞིག་བེད་སྤྱོད་བཏང་ཡོད་པ་དེའི་ནང་དོན་ཚིག་མཛོད་ནང་། (གཅིན་ལྒང་གི་ཁ་རྒྱུད་དུ་གནས་པའི་སྐྱེས་པའི་སྐྱེ་འཕེལ་མ་ལག་གི་རྨེན་བུ་ཞིག) ཅེས་འཁོད་འདུག ཨེ་ཕེ་གསར་ཁང་གིས་མིག་ལ་བརྟག་དཔྱད་གཏོང་རྒྱུ་ཡིན་ལབ་འདུག
༄། །གངས་རི་རྭ་བས་སྐོར་བའི་ཞིང་ཁམས་སུ། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག
ཚེ་འདི་ཕྱི་གཉིས་སྐྱབས་གནས་༸མགོན་པོ་གང་གི་སྐུ་ཚེ་ཡུན་རིང་བརྟན་གྱུར་ཅིག
༄། །གངས་རི་ར་བས་སྐོར་བའི་ཞིང་ཁམས་སུ། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག
སྐུ་འཛམ་གླིང་ཉི་མར་བགེགས་དང་བར་ཆད་མེད་པའི་སྨོན་ལམ་འདེབས། སྐུ་ཚེ་སྐལ་བརྒྱར་བརྟན་ཞིང་ཐུགས་ཀྱི་བཞེད་དགོངས་ཡིད་བཞིན་དུ་འགྲུབ་པའི་སྨོན་ལམ་འདེབས།