མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འཛིན་ཟུར་བའི་དཔེ་དེབ་གསར་པ།

བོད་ཀྱི་དུས་བབ།
༢༠༡༦/༠༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཧྥ་རན་སིའི་སྲིད་འཛིན་ཟུར་བ་སར་ཀོ་ཙེ་ཡིས་ལས་ཁུར་ཡུན་རིང་རྒྱལ་ནང་གི་ཆབ་སྲིད་དཔལ་འབྱོར་བཅོས་བསྒྱུར་ཐད་ཀྱི་འཐུས་ཤོར་དང་གྲུབ་འབྲས་གང་བྱུང་སྐོར་གྱི་དཔེ་དེབ་གསར་བ་ཞིག་དཔར་འགྲེམ་གནང་ཡོད་འདུག

དབྱིན་ཇིའི་རྒྱལ་ཡོངས་ནངས་མོའི་གསར་ཤོག་རང་དབང་ (independent) ཞེས་པའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཧྥ་རན་སིའི་སྲིད་འཛིན་ཟུར་བ་སར་ཀོ་ཙེ་ (Sarkozy) མཆོག་གིས་བརྩམས་པའི་ (La France pour la vie)(France for life) ཞེས་པ་དངོས་སུ་སྤྱི་ཚོགས་སྟེང་དཔར་འགྲེམ་བྱས་ཡོད་པ་དང་། དཔེ་དེབ་དེ་ཧྥ་རན་སིའི་ཆེས་མིང་དུ་གྲགས་པའི་ཕ་ལོན་ (Plon) དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་འདུག་ལ། རྒྱ་ཆེའི་མི་མང་གིས་དཔེ་དེབ་དེ་ཀློག་འདུན་ཆེན་པོ་ཡོད་སྟབས། དཔར་གྲངས་ཁྲི་ཉི་ཤུ་ལྷག་འགྲེམ་འཚོང་ཐུབ་པར་ཚོད་དཔག་བྱེད་ཀྱི་འདུག

དཔེ་དེབ་དེའི་ནང་སར་ཀོ་ཙེ་ཡིས་རང་ཉིད་ཆབ་སྲིད་ལས་དོན་ཁྲོད་ཞུགས་ཡུན་རིང་རྒྱལ་ནང་གི་ཆབ་སྲིད་དཔལ་འབྱོར་བཅོས་བསྒྱུར་ཐད་ཀྱི་འཐུས་ཤོར་དང་གྲུབ་འབྲས་ཅི་བྱུང་སྐོར་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༧ ལོར་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་རྗེས་རྒྱལ་ནང་གི་ཆབ་སྲིད་དཔལ་འབྱོར་བཅོས་བསྒྱུར་ཐད་ཀྱི་ནོར་འཁྲུལ་ཆེན་པོ་གཉིས་བཟོས་པར་འགྱོད་བཤགས་གནང་བའི་སྐོར་ལ་ཁོང་གིས། དེ་གླེན་རྟགས་ཤིག་རེད། དེང་སྐབས་ང་འགྱོད་པ་སྐྱེས་ཀྱི་འདུག ངས་སྲིད་འཛིན་གྱི་ཆེ་མཐོང་བརླག་བཅུག་སོང་། ཞེས་སོགས་བརྗོད་ཡོད་འདུག

ཧྥ་རན་སིའི་མི་མང་གི་བསམ་ཚུལ་བསྡུ་རུབ་བྱས་པའི་ནང་། འདས་ལོའི་ཕྱི་ཟླ་ ༡༡ ནང་སྔོན་འགྲོའི་སྲིད་འཛིན་འོས་བསྡུའི་སྐབས་སུ། ཁོང་གི་འོས་གྲངས་དེ་སྔའི་སྲིད་བློན་ཟུར་བ་ཨ་ལཱེན་ཇེ་ཕི་ (Alain Juppé) ལས་ཉུང་བ་ཡོད་པ་དང་། འདི་ལོའི་རེས་གཟའ་སྔོན་མའི་འོས་འདེམས་སྐབས་སུ། མི་མང་བརྒྱ་ཆ་ ༢༣ གྱིས་སར་ཀོ་ཙེ་ལོ་རྗེས་མའི་ཕྱི་ཟླ་ ༤ ནས་ ༥ བའི་སྐབས་ཀྱི་སྲིད་འཛིན་འོས་གཞིར་འདེམ་འདོད་ཡོད་པའི་འདོད་འདུན་བསྟན་ཡོད་འདུག

25-Nicolas-Sarkozy-AFP-Gettyཧྥ་རན་སིའི་སྲིད་དོན་དབྱེ་ཞིབ་པ་ཁ་ཅིག་གིས་སར་ཀོ་ཙེ་ཡིས་རང་ཉིད་ཕྱི་ལོ་ ༢༠༡༧ ལོར་བསྐྱར་དུ་ཧྥ་རན་སིའི་སྲིད་འཛིན་འོས་འདེམས་ཁྲོད་རྒྱལ་ཁ་ཐོབ་ཆེད་དཔེ་དེབ་དེ་པར་སྐྲུན་བྱས་པ་ཞིག་ཡིན་ཚུལ་རྗོད་ཀྱི་ཡོད་ནའང་། ཧྥ་རན་སིའི་བརྙན་འཕྲིན་ཁང་གིས་སར་ཀོ་ཙེ་ལ་བཅར་འདྲི་ཞུས་སྐབས་ཁོང་གིས། དཔེ་དེབ་དེ་ནི་ང་རང་ཆབ་སྲིད་ཁྲོད་ཞུགས་རྗེས་ཀྱི་མི་ཚེའི་བསམ་བློའི་སྐོར་ཡིན་པ་མ་གཏོགས། ཕྱི་ལོ་ ༢༠༡༧ ལོའི་སྲིད་འཛིན་རྒྱལ་ཁ་ཐོབ་ཆེད་རང་ཉིད་ཁྱབ་བསྒྲགས་བྱས་པ་ཞིག་གཏན་ནས་མིན་ཚུལ་བརྗོད་ཡོད་པ་རེད།

གནས་ཚུལ་ལྟར་ན། ཧྥ་རན་སིའི་སྲིད་འཛིན་ཟུར་བ་སར་ཀོ་ཙེ་མཆོག་ནི་ཕྱི་ལོ་ ༢༠༠༧ ནས་ ༢༠༡༢ བར་ཧྥ་རན་སིའི་སྲིད་འཛིན་གནང་བ་དང་། ཁོང་སྲིད་འཛིན་ལས་ཐོག་སྐབས་སུ་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་དང་རྒྱ་ནག་ནང་ཨོ་རྩེད་འགྲན་ཚོགས་ཚུགས་པར་བཀག་འགོག་གནང་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༡༢ ཚེས་ ༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་གནང་སྟབས། རྒྱ་ནག་གཞུང་གིས་ཁོང་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་དང་། དུས་སྐབས་དེར་ཧྥ་རན་སི་དང་རྒྱ་ནག་བར་གྱི་སྲིད་དོན་དང་དཔལ་འབྱོར་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 2

  1. བསྟན་འཛིན་གྲགས་པ། says:
    ལོ་ 10 སྔོན།

    འགྱེད་པ་གཉིས་དེ་བོད་དོན་མིན་པ་ཤོག

    Reply
  2. བརྩོན་རྒྱམ། says:
    ལོ་ 10 སྔོན།

    ངེས་པར་ཁོང་ལ་རྒྱལ་ཁ་ཐོབ་མིན་རང་ཉིད་ནུས་པ་དང་འཇོན་ཐང་མི་མང་གི་འདོད་འདུན་སྐོང་ཐུབ་མིན་ལ་ཐུག་ཡོད་པ་ཡིན་དུས་གསལ་བཤད་གནང་བ་འདི་གྲུབ་འབྲས་ཤིག་གིས་ཁ་ཕྱོགས་རེད་ཟེར་ཆོག་པ་ཞིག་རེད་འདོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese