མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངའི་མིག་ལམ་ནས་མཐོང་བཞིན་པའི་ ༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུ།

བོད་ཀྱི་དུས་བབ།
༢༠༡༦/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

སྐལ་བཟང་སྤེན་པ།

འདི་ལོའི་སྲིད་སྐྱོང་གི་འོས་བསྡུའི་སྐོར་ལ་རྒྱུད་ལམ་འདྲ་མིན་ཐོག བགྲོ་གླེང་དང་གླེང་སློང་སྣ་ཚོགས་བྱས་པས། མི་མང་ལ་གོ་རྟོགས་ངེས་ཅན་ཐེབས་ཡོད་པ་སྨོས་མེད་རེད། སྐབས་རེ་རྒྱུད་ལམ་དེ་དག་གི་ཐོག་རྩོད་གླེང་ཡང་མི་ཉུང་བ་ཞིག་བྱུང་བ་དེ་ཡང་དོན་དངོས་རེད། ཕྱོགས་གཞན་ཞིག་ནས་བསམ་ན། གཞི་མེད་སྐྱོན་འཛུགས་ལ་སོགས་པའི་གནད་དོན་ཅི་འདྲ་ཞིག་ཡིན་ཡང་།   མི་མང་ཁྲོད་གླེང་སློང་བྱས་ཚེ། གཞི་ནས་གསལ་ཁ་ཞིག་རང་བཞིན་གྱི་ཡོང་གི་ཡོད།

 

དེ་ནི་དགེ་མཚན་གྱི་རང་བཞིན་ཞིག་ཀྱང་ཡིན་པར་འདོད། འོན་ཀྱང་། ངས་སྲིད་སྐྱོང་འོས་མི་རྣམ་པར་གཞི་མེད་སྐྱོན་འཛུགས་བྱེད་དགོས་པའི་སྐུལ་མ་རྩ་བ་ནས་ཞུ་གི་མེད། གང་ལྟར། ད་རེས་ཀྱི་འོས་བསྡུའི་ཁྲོད་མི་མང་གི་བགྲོ་གླེང་གི་ཆ་ཤས་ལེན་པ་ནི་ཧ་ཅང་གི་ཚད་མཐོ་པོ་རེད། དེ་ནི་གསར་ལམ་ཁག་དང་། སྐད་ཕྲིན། ངོ་དེབ། དེ་མིན་དྲ་ལམ་ཁག་གི་བཀའ་དྲིན་ཡིན་པ་སྨོས་མེད་རེད། སྔོན་འགྲོའི་འོས་བསྡུའི་གོང་ལ་སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ལགས་དང་ཀླུ་མཁར་འབྱམས་གཉིས་ཀྱིས་སྲིད་སྐྱོང་འོས་མི་གཞན་པ་གསུམ་ལས་ཁྱབ་བསྒྲགས་ཤུགས་ཆེར་བྱས་པ་རེད། ལྷག་པར་དུ། ཀླུ་མཁར་འབྱམས་ཀྱིས་༧གོང་ས་མཆོག་ལ་མཚན་སྨད་ཞུས་པའི་གཏམ་བཤད་དེ་དག་གིས། མི་མང་གི་དུས་ཚོད་མི་ཉུང་བ་ཞིག་ཆུད་ཟོས་སུ་བཏང་པ་རེད། གང་ཡིན་ཟེར་ན། མི་མང་མང་པོ་ཞིག་གི་བགྲོ་གླེང་དེ་ཀླུ་མཁར་འབྱམས་ཀྱིས་བཤད་པའི་གཏམ་བཤད་དེའི་མཐའ་ཁོར་དུ་ལྷུང་སོང་བ་རེད།

 

གོང་ཞུས་སྲིད་སྐྱོང་འོས་མི་གཉིས་ཀྱིས། རང་ཉིད་ཁྱབ་བསྒྲགས་ཤུགས་ཆེར་བྱས་མིན་ལ་མ་ལྟོས་པར། དངོས་གཞིའི་འོས་མི་གཉིས་ནི་སྲིད་སྐྱོང་བློ་སེང་ལགས་དང་། སྤྱི་འཐུས་ཚོགས་གཙོ་སྤེན་ཚེ་ལགས་གཉིས་ཡིན་པ་མངོན་དཔག་ཐུབ་ཀྱི་ཡོད། ཁོང་གཉིས་ལའང་དེ་ལྟ་བུའི་གདེང་ཚོད་ཡོད་པ་འདྲ། ཁོང་གཉིས་ཀྱིས་སྔོན་འགྲོའི་གོང་ལ་རང་ཉིད་ཁྱབ་བསྒྲགས་ཀྱི་ལས་འགུལ་མངོན་གསལ་ཅན་གང་ཡང་སྤེལ་མེད། སྔོན་འགྲོའི་འོས་བསྡུའི་སྐབས། ལས་ཐོག་སྲིད་སྐྱོང་དང་ལས་ཐོག་སྤྱི་འཐུས་ཚོགས་གཙོ་གཉིས་ལ་ཐོབ་པའི་འོས་གྲངས་ཀྱི་བར་ཁྱད། ༡༩༧༧༦ དེ་རེད། ཚོགས་གཙོ་སྤེན་ཚེ་ལ། སྔོན་འགྲོའི་སྐབས་ཀྱི་སྲིད་སྐྱོང་འོས་མི་བྱིངས་ཚོའི་འོས་གྲངས་ ༤༤༩༣ ཚང་མ་ཐོབ་པའི་དབང་དུ་བཏང་ཡང་། བློ་སེང་ལས་རྣམ་པར་རྒྱལ་ཐབས་མེད་པ་ལྟ་བུ་རེད།

 

དེ་ལྟ་བུའི་འོས་བསྡུའི་གྲུབ་འབྲས་དེས། ཚོགས་གཙོ་སྤེན་ཚེ་མཆོག་ཡིད་ཐང་ཆད་དགོས་པ་ལྟ་བུ་ཞིག་རེད། འོན་ཀྱང་། དེ་ནི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་དེ་འདྲ་ཞིག་ཡིན་ཡང་། ལས་ཐོག་སྲིད་སྐྱོང་མཆོག་གི་མཐའ་མའི་རྒྱལ་ཁ་དེ་མ་རེད་ལ་ལས་ཐོག་ཚོགས་གཙོ་མཆོག་གི་མཐའ་མཇུག་གི་ཕམ་ཁ་ཡང་མ་རེད། དེ་བས་འཁྲུག་ཆ་དོད་པའི་འོས་བསྡུའི་ལས་རིམ་ནི་ད་དུང་ཡང་ཚ་ཚ་འུར་འུར་ཐོག་འགྲོ་བཞིན་ཡོད། ལྷག་པར་དུ། ཚོགས་གཙོ་མཆོག་དང་ཁོང་གི་རྒྱབ་སྐྱོར་བ་ཚོས། སྔོན་འགྲོའི་འོས་བསྡུའི་མཇུག་འབྲས་ལ་ཡིད་ཞུམ་ནས་མ་བསྡད་པར། སྔར་བས་འབད་བརྩོན་དང་སྔར་བས་ཁྱབ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད། ཚོགས་གཙོ་སྤེན་ཚེ་ལགས་ཀྱིས་སྔོན་འགྲོའི་འོས་བསྡུའི་གོང་དང་མི་འདྲ་བར། དེང་སྐབས་འོས་བསྡུའི་ཁྱབ་བསྒྲགས་ཆེད། ནུབ་ཕྱོགས་ཡུལ་གྲུ་མི་ཉུང་བ་ཞིག་ཏུ་ཕེབས་པ་མ་ཟད། བློ་སེང་སྲིད་གཞུང་གི་འཐུས་ཤོར་ཕྱིན་པའི་སྲིད་བྱུས་དང་། མཛད་ཕྱོགས་རྣམས་ལ་སྐྱོན་བརྗོད་གནང་ཞོར་རང་ཉིད་ལ་སྲིད་སྐྱོང་གི་འོས་ཐོབ་ཚེ། བློ་སེང་སྲིད་གཞུང་གི་སྲིད་བྱུས་དང་མི་འདྲ་བའི་སྲིད་བྱུས་ཅི་འདྲ་ཟིག་ལག་སྟར་གནང་མིན་མི་མང་ལ་གསལ་ཁ་བཏོད་བཞིན་ཡོད། ཁོང་གིས་གནང་བའི་བཀའ་མོལ་དེ་དག་གིས་ཁོང་ལ་སྔོན་འགྲོའི་འོས་ཐོབ་ཀྱི་གྲངས་འབོར་ལས་མང་བ་ཐོབ་པ་སྨྲོས་མེད་ཡིན་པ་མ་ཟད། ཐ་ན། སྲིད་སྐྱོང་གི་ཞབས་སྟེགས་ཚ་པོ་དེ་ཁོང་ལ་མི་ཐོབ་པའི་ངེས་པའང་མེད་པ་ཞིག་རང་བཞིན་གྱི་མཐོང་ཡོང་གི་འདུག

 

དེ་ཡང་། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་གིས་བློ་བཟང་སེང་གེ་མཆོག་གི་སྲིད་གཞུང་གི་འཐུས་ཤོར་འབུར་བཏོན་གནང་པ་གཙོ་བོ་ཁག་ནི་། ༡) བློ་སེང་སྲིད་གཞུང་གིས། བོད་རྒྱ་ཞི་མོལ་ཚོགས་ཆུང་དེ་ཚོགས་ཆེན་ལྟ་བུ་བསྒྱུར་བ་ཙམ་ལས། བོད་རྒྱ་ཞི་མོལ་གྱི་མི་འགྲོ་ད་དུང་ཡང་ངེས་གཏན་ཐུབ་མེད་ཁར། བོད་ཞི་མོལ་ཆེད་ལས་དོན་ཅི་བྱས་གང་ཡང་སྟོན་རྒྱུ་མེད་པ། གལ་ཏེ་སྲིད་སྐྱོང་གི་འོས་ཤོག་ཚོགས་གཙོ་མཆོག་ལ་ཐོབ་ཚེ། ཁོང་གིས་ཚོགས་ཚུང་གི་ཚོགས་མི་ཉུང་འཕྲི་དང་སྦྲགས། ༧གོང་ས་མཆོག་ལ་དགོངས་སྐོར་ཞུས་ཏེ། མི་འགྲོ་ངེས་གཏན་གྱིས་མ་འོངས་པར་བོད་རྒྱ་ཞི་མོལ་གྱི་ལས་དོན་ཐད། རང་ཉིད་ཀྱི་སྲིད་གཞུང་གིས་ཤུགས་སྣོན་ག་རེ་རྒྱབ་མིན་རྣམས་མི་མང་ལ་འགན་ཁྱེར་བའི་ཐོག་ནས། ལས་སྙན་ཞུ་རྒྱུ་ཡོད་པ་བྱ་རྒྱུ། ༢)བློ་སེང་སྲིད་ཞུང་གིས་བོད་སློབ་འཛིན་སྐྱོང་འོག་ཡོད་པའི་སློབ་གྲ་རྣམས། བོད་མིའི་སྒྲིག་འཛུགས་ཤེས་ལས་ཀྱི་ཁྱབ་ཁོངས་སུ་ལེན་མ་ཐུབ་པར་བར་སར་ལྷག་སྟབས། ཕྲུ་གུའི་ཤེས་ཡོན་ལ་འཐུས་ཤོར་ཕྱིན་པ། གལ་ཏེ་སྲིད་སྐྱོང་གི་ཞབས་སྟེགས་ཁོང་ལ་ཐོབ་ན། ཁོང་གིས་བོད་སློབ་འཛིན་སྐྱོང་འོག་ཡོད་པའི་སློབ་གྲ་རྣམས། བོད་མིའི་སྒྲིག་འཛུགས་ཀྱི་འོག་ཏུ་ལེན་ཐུབ་མིན་བཟང་ཐག་ངན་ཐག་གཙང་མ་བཅད་རྒྱུ་ཡིན་ལུགས། ༣) བློ་སེང་སྲིད་གཞུང་གིས། ཆོས་རིག་ལས་ཁུངས་ཀྱི་ནུས་པ་ཆེར་སྐྱེད་བྱེད་མ་ཐུབ་པ། སྤེན་ཚེ་སྲིདགཞུང་གིས། ཆོས་རིག་ལས་ཁུང་གིས་བོད་པའི་སྤྱི་ཚོགས་དང་དགོན་སྡེ་ཁག་གི་ཟམ་པ་བྱས་ཏེ། གཞོན་སྐྱེས་རྣམས་ལ་བོད་ཀྱི་ནང་བསྟན་ཤེས་རིག་ལ་སོགས་པའི་ལེགས་བྱང་ངོ་སྤྲོད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ༤)བློ་གསེང་སྲིད་གཞུང་གིས་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ལ་སྲིད་བྱུས་ངེས་གསལ་མེད་རྐྱེན། བོད་དོན་ཚོགས་པའི་ནུས་ཤུགས་ཉམས་གུད་དུ་འགྲོ་བཞིན་པ། སྤེན་ཚེ་སྲིད་གཞུང་གིས་བོད་མིའི་སྒྲིགས་འཛུགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ལ་འཛིན་པའི་སྲིད་བྱུས་གསལ་བརྡ་སྤྲད་ཏེ། མ་འོངས་པར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནུས་པ་གོང་སྤེལ་གཏོང་རྒྱུ། ༥) བློ་སེང་སྲིད་གཞུང་གིས། གཞིས་ཆགས་ཁག་ཏུ་ལས་བྱ་རེ་བཟུང་མངགས་གཏོང་ཙམ་ལས། གཞིས་ཆགས་སྲ་བརྟན་གྱི་ནུས་པ་བཏོན་ཐུབ་མེད་པ། སྤེན་ཚེ་སྲིད་གཞུང་གིས། ཟླ་བ་གསུམ་ནང་ཚུད་ལ་གཞིས་ཆགས་ཁག་གི་གནད་དོན་ལ་ཉམས་ཞིབ་བྱས་ཏེ། གཞིས་མིའི་དགོས་འདུན་གཙོར་བཟུང་ཐོག སྲིད་བྱུས་ལག་སྟར་བྱ་རྒྱུ། ༦) བློ་སེང་སྲིད་གཞུང་གིས། བོད་མིའི་དང་བླུངས་བཅའ་དངུལ་ལག་དེབ་སྤྲོད་ཕྱོགས་ཐད། ད་དུང་ཡང་དཀའ་ངལ་སེལ་མ་ཐུབ་པར་ནུབ་ཕྱོགས་སུ་ཡོད་པའི་བོད་མི་མི་ཉུང་བ་ཞིག་ལ་དཀའ་ངལ་འཕྲད་བཞིན་པ། སྤེན་ཚེ་སྲིད་གཞུང་གིས། བོད་མིའི་སྒྲིགས་འཛུགས་ཀྱི་རྩ་བའི་ཆེ་མཐོང་མི་བརླགས་པའི་ཐོག དང་བླངས་ལག་དེབ་མེད་པའི་བོད་མི་ཚོར་ལག་དེབ་སྤྲོད་ཐབས་གནང་རྒྱུ། ༧) བློ་སེང་སྲིད་གཞུང་གིས། བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་ཡིག་སྡེ་ཚན་ནུས་མེད་དུ་སྐྱུར་འཇོག་བྱས་པ་མ་ཟད། ཨ་རིའི་དོན་གཅོད་ནང་བོད་རྒྱ་འབྲེལ་མཐུད་པའི་ས་མིག་ཀྱང་། དུས་ཐོག་ཏུ་བཀང་མ་ཐུབ་པར་ལས་དོན་ལ་འཐུས་ཤོར་ཕྱིན་པ། སྤེན་ཚེ་སྲིད་གཞུང་གིས། རྒྱ་ཡིག་སྡེ་ཚན་དེ། དྲུང་ཆེའི་གནས་རིམ་ཞིག་གི་ཐོག་ནས་བོད་རྒྱ་འབྲེལ་མཐུད་ལ་སོགས་པའི་ལས་དོན་ཐད་ནུས་པ་ཆ་ཚང་འདོན་སའི་ཁོར་ཡུག་བསྐྲུན་རྒྱུ།

 

༨) དེ་བས་ཚབས་ཆེ་ཤོས་ཀྱི་གནད་དོན་གཅིག་ནི། དུས་འཁོར་དབང་ཆེན་ཕྱིར་འཐེན་གནང་དགོས་བྱུང་བའི་གནད་དོན་དེ་རེད། བཀའ་ཤག་གི་ཡོངས་ཁྱབ་གསལ་བསྒྲགས་ནང་། དུས་འཁོར་དབང་ཆེན་ཕྱིར་འཐེན་གནང་དགོས་བྱུང་བའི་རྒྱུ་མཚན་ནི། ༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་དང་འབྲེལ་བ་ཡོད་ལུགས་དེ་རེད། དེ་བཞིན་དུ། ༧གོང་ས་མཆོག་གིས་ཀྱང་། བཀལ་མོལ་དེ་ལྟར་གནང་ཡོད། འོན་ཀྱང་། ཉེ་དུས་སྤྱི་འཐུས་ཚོགས་གཙོ་མཆོག་གིས། དུས་འཁོར་དབང་ཆེན་ཕྱིར་འཐེན་གནང་དགོས་པའི་རྒྱུ་མཚན་ངོ་མ་ནི། ཚོགས་པ་གཅིག་གིས་༧གོང་ས་མཆོག་ལ་དུས་དབང་སྐབས་བརྟན་བཞུགས་འབུལ་རྒྱུའི་འཆར་གཞི་ཡོད་པ་དེའི་རྒྱབ་ལོག་ནས་བྱུང་ལུགས་གསུངས་ཡོད། གནད་དོན་དེའི་ཐད། ཞིབ་ཕྲའི་གནས་ཚུལ་མི་ཉུང་བ་ཞིག་མཐོན་བཞིན་ཡོད། གང་ལྟར། དོན་དངོས་ཐོག་དུས་དབང་ཕྱིར་འཐེན་གནང་དགོས་པའི་རྒྱུ་མཚན་ངོ་མ་དེ། སྲིད་སྐྱོང་ལ་ཐུག་པ་དེ་ཡང་རང་བཞིན་གྱི་གསལ་པོ་ཆགས་ཡོང་གི་འདུག དེ་བཞིན་དུ་ལས་ཐོག་དྲིལ་དང་ནང་སྲིད་བཀའ་བློན་གཉིས་ཀས་སྐབས་རྗེས་མའི་བཀའ་བློན་གྱི་ལས་གནས་བཞེས་རྒྱུ་མིན་པའི་སྐད་ཆ་ཞིག་ཀྱང་མཐོན་ཡོང་གི་འདུག གནད་དོན་དེ་བདེན་པ་ཡིན་ཚེ། མི་མང་ལ་སླར་ཡང་དྲི་བ་མང་པོ་ཞིག་ཡོང་གི་ཡོད་པ་ནི་སྨྲོས་མེད་རེད།

 

མདོར་བསྡུས་ནས་བཤད་ན། སྲིད་སྐྱོང་བློ་སེང་མཆོག་དང་ཁོང་གིས་རྒྱབ་སྐྱོར་བ་ཚོས། གོང་ཞུས་སྲིད་སྐྱོང་འོས་མི་སྤེན་ཚེ་ལགས་ཀྱིས་གནང་བའི་སྐྱོན་བརྗོད་དེ་དག་ལ། རེ་རེ་བཞིན་མི་ཡིད་ཆེས་པ་དང་འདྲེ་ཁོ་ཐག་ཆོད་པའི་གསལ་བཤད་ཡག་པོ་ཞིག་གནང་རྒྱུ་མེད་ཚེ། དངོས་གཞིའི་འོས་བསྡུའི་ཕམ་ཁ་ཉོ་མཁན་དེ་སྲིད་སྐྱོང་བློ་སེང་ལགས་ཡིན་པ་ཆུ་དང་ཉ་གསལ་ལྟ་བུ་ཆགས་ཡོང་གི་འདུག་ཀོ།

 

གོང་ཞུས་ཕྲན་གྱིས་ལུང་འདྲེན་བྱས་པའི་ཚོགས་གཙོའི་བཀའ་མོལ་ཐད་ནོར་འཛོལ་ཡོད་ན། ལེགས་གཅོས་གནང་སྐྱོང་ཡོང་བའི་རེ་བ་ཞུ།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༢༣ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 2

  1. དྲང་བདེན། says:
    ལོ་ 10 སྔོན།

    གཡག་ཞ་རས་རྩ་བཟའ་བ་ལྟར་གྱི་དཔྱད་གཏམ་ལ་རིན་ཐང་ཅི་ཡང་མེད། དུས་འཁོར་དབང་ཆེན་སྐོར་སྤེན་ཚེན་ཞབས་འདྲེན་ག་ཚོད་ཅིག་ཞུས་སོང་དེར་སྐྱག་པ་ས་ཡི་འགེབས་ཐབས་ཡོད་པ་མ་རེད། མགོ་འབྲུག་འདྲ་བ་ལ་རྔ་མ་སྦྲུལ་ལྟ་བུ་ཆགས་སོང་ཨ། དང་པོ། ཨ་རིར་དྲིལ་བསྒྲགས་སྐབས་དུས་འཁོར་དབང་ཆེན་ཆབ་སྲིད་དང་འབྲེལ་ན་ཕར་འགྱང་བྱོས་ཞེས་༧གོང་ས་མཆོག་སྐུ་སློང་བཞེངས་པ་རེད་ཟེར། ཡང་གསར་འགོད་གསལ་བསྒྲགས་རྗེས་སྲིད་སྐྱོང་གིས་ང་ལ་འགྲེལ་བརྗོད་གསལ་པོ་བྱས་མ་སོང་། གཞན་ངས་མི་མང་ལ་དུས་འཁོར་དབང་ཆེན་སྐོར་གང་ཡང་བཤད་མེད་ཅེས་ཧམ་པ་དང་སྐྱག་རྫུན་རི་འདྲ་བ་ཞིག་བལྟས་བལྟས་རིག་རིག་ལ་བཤད་སོང་ཨ། སྐལ་བཟང་སྤེན་པ་ཟེར་བ་ཁྱེད་ཨ་མའི་བུ་ཡིན་ན་གཏམ་དྲང་པོ་བཤད་དགོས།

    Reply
  2. བརྩོན་རྒྱམ། says:
    ལོ་ 10 སྔོན།

    སྐལ་བཟང་སྤེན་པ་ལགས་ཀྱིས་བསམ་བློ་གཏོང་ས་ཡོད་པའི་དཔྱད་གླེང་ཞིག་སྤེལ་འདུག་དངོས་ཡོད་གནས་ཚུལ་དང་མཐུན་པར་འདུག་མ་ཟད་སྲིད་སྐྱོང་འོས་མི་གཉིས་ཀྱིས་ཡང་རྒྱལ་ཕམ་གྱི་འགྲན་རྩོད་ཞིག་བྱེད་བཞིན་ཡོད་དུས་འདི་ཡང་༸གོང་ས་མཆོག་གི་མང་གཙོའི་ཐོབ་ཐང་མི་མང་གི་ལག་ཏུ་སྤྲད་ཡོད་ཚང་ཡར་རྒྱས་ཀྱི་རྣམ་པ་ཞིག་ཡང་རེད་དྲན་ནས་ཡོད།  གཙོ་བོ་རྣམ་པ་གཉིས་སུ་ཞིག་ཡིན་ན་ཡང་ངེས་པར་ཐུགས་བསམ་བཞེས་དགོས་པ་གཅིག་ལ་རྒྱལ་ཕམ་རྩོད་འོས་པ་རེད་ལ་རྩོད་དགོས་པ་ཡང་རེད་འདི་ནི་མང་གཙོའི་འགྲོ་སྟངས་ཤིག་རེད།  ཡིན་ན་ཡང་གང་ཟག་སྒེར་གྱི་མི་གཞིའི་ཐོག་འབབ་ནས་སྐྱོན་བརྗོད་མི་གནང་བར་གང་ཟག་དེའི་སྲིད་སྐྱོང་སྟངས་དང་ལས་ཁུར་སྟངས་ཤེས་འཇོན་ནུས་པ་སོགས་གཙོ་བོ་གླེང་རྒྱུ་གལ་ཆེན་རེད།  དེ་མཚུངས་མ་འོངས་པར་ངེས་པར་སྒྲུབ་འོས་པ་དང་སྒྲུབ་ཐུབ་པའི་བྱ་གཞག་གང་ཡོད་སོགས་གཙོ་བོ་གླེང་རྒྱུ་ལས་མི་མང་མགོ་སྐོར་ཐབས་འདྲ་བོ་གླེང་ནས་མ་འོངས་པར་ནུས་པ་མ་ཐོན་ན་དགེ་མཚན་པ་གསལ་བོ་རེད་དེ་བཞིན་བསམ་ཚུལ་དང་བལྟ་ཚུལ་འདོད་མཁན་རྣམས་དགའ་བསུ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese