མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་འོས་བསྡུའི་ནང་དུ་བཟང་སྤྱོད་དགོས་པའི་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༡༦/༠༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

བུ་ཆུང་ཚེ་རིང་གིས་བརྩམས།(རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ།)

གཞིས་ཆགས་བུས་བསྒྱུར།

democracy

 

བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་གིས་བསླེབ་ལ་ཉེ་བའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་རྣམས་གསལ་བསྒྲགས་ཟིན་ནས་འོས་མི་རྣམས་ཀྱི་དྲིལ་བསྒྲགས་ནི། སྔར་དང་མི་འདྲ་བར་བཙན་བྱོལ་བོད་མིའི་འོས་བསྡུའི་ལོ་རྒྱུས་ནང་དུ་བྱུང་མ་མྱོང་བའི་ཧ་ཅང་དྲག་ཤུགས་ཅན་གྱི་ཕྱོགས་སུ་སྐྱོད་བཞིན་འདུག

 

འདི་ནི་བོད་མིའི་དམངས་གཙོའི་ལམ་སྲོལ་དེ་སྲ་བརྟན་ཡོང་བ་ལ་དགེ་མཚན་ཞིག་རེད། ང་ཚོ་འོས་ལྡུག་མཁན་རྣམས་ལ་མཚོན་ན་ཡང་འོས་མི་སུ་ཞིག་ལ་ (སྲིད་སྐྱོང་དང་སྤྱི་འཐུས་) འོས་བླུག་དགོས་མིན་དེ་ངེས་པར་དུ་ཤེས་དགོས། འོས་མི་རྣམས་ལ་མཚོན་ན་ཡང་སོ་སོའི་རྩ་དོན་དང་མ་འོངས་པའི་ (སྲིད་སྐྱོང་དང་སྤྱི་འཐུས་འཐོབ་རྗེས་ཀྱི་) ལས་འཆར་རྣམས་མི་མང་ལ་གོ་རྟོགས་གསལ་པོ་སྤེལ་དགོས། དེས་ན་(སྲིད་སྐྱོང་དང་སྤྱི་འཐུས་) འཐོབ་པ་ལ་དྲིལ་བསྒྲགས་ནི་བརྒྱུད་ལམ་གཙོ་བོ་ཞིག་ཆགས་ཡོད།

 

གང་ལྟར་ཡང་། དམངས་གཙོའི་ལམ་སྲོལ་ཡག་པོ་ཞིག་ཏུ་ངོས་འཛིན་པ་ལ་བཟང་སྤྱོད་དང་ལྡན་པའི་དྲིལ་བསྒྲགས་ཤིག་ཡོད་དགོས། འོན་ཀྱང་། སྟབས་མ་ལེགས་ཞིག་ལ། ད་ལྟ་ང་ཚོས་མིག་ལམ་དུ་མཐོང་བཞིན་པའི་སྲིད་སྐྱོང་དང་སྤྱི་འཐུས་འོས་མིའི་དྲིལ་བསྒྲགས་ཁ་ཕྱོགས་དེ་རྒྱབ་སྐྱོར་བ་རྣམས་ཀྱིས་ཐད་ཀར་རམ་བརྒྱུད་དེ་ངན་ཕྱོགས་སུ་འགྲོ་བཞིན་འདུག ཆེས་ཡིད་གཟབ་དགོས་པ་ནི་རྒྱབ་སྐྱོར་བ་ (མང་ཆེ་བས་མིང་རྫུན་སྤྱད་) རྣམས་ཀྱིས་འོས་མི་གང་རུང་ལ་གཞི་མེད་ཀྱི་སྐྱོན་བརྗོད་དྲག་པོ་དང་ངན་སྨོད་བྱེད་བཞིན་པ་དེ་རེད།

 

ངོ་དེབ་ལ་སོགས་སྤྱི་ཚོགས་དྲ་ལམ་དང་། རླུང་འཕྲིན་དང་བརྙན་འཕྲིན། ཚགས་ཤོག་སོགས་གསར་འགྱུར་བརྒྱུད་ལམ་བྱེ་བྲག་པ་འགས་སྣང་ཚུལ་ལ་བདེན་པ་ཡིན་པའི་ (དོན་དངོས་སུ་བདེན་པ་མིན་པ་) གནས་ཚུལ་བསྒྲགས་བཞིན་ཡོད་པ་དག་གིས་གསལ་པོ་བཟོ་རྒྱུའི་ཚབ་ཏུ། མི་མང་ནང་ཐེ་ཚོམ་དང་བརྡབ་གསིག་བཟོ་བ་ལ་འབུད་རྫས་ལྟ་བུ་ཆགས་ཀྱི་འདུག

 

འདི་ལྟ་བུའི་འཇིགས་སྣང་ཅན་གྱི་གནས་ཚུལ་གྱིས་ང་རང་ཚོ་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་འགལ་ཟླའི་རྨ་ཁ་བཟོ་བ་ལ་རྐྱེན་བྱས་ཏེ། འོས་བསྡུའི་ལས་རིམ་ཚར་བའི་རྗེས་སུའང་གསོ་ཐབས་དཀའ་བ་ཞིག་ཏུ་འགྱུར་ཉེན་འདུག ཉེ་བའི་ཆར་ང་རང་མི་སུ་ཞིག་ལ་ཁ་བརྡ་བྱེད་སྐབས། ཁོང་ཚོའི་སེམས་སུ་ད་ལྟའི་འོས་བསྡུའི་རྙོག་གླེང་དང་ཟང་ཟིང་ལ་སུན་སྙང་སྐྱེས་ཤིང་། གནས་སྟངས་འདིས་ང་ཚོ་གང་ཞིག་ཏུ་སླེབ་ཀྱི་ཡོད་མེད་ལ་སེམས་འཁྲལ་བྱེད་པ་ཤ་སྟག་ཅིག་ཆགས་འདུག

 

བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་སོ་སོ་མི་སྒེར་གཅིག་གི་ཁེ་ཕན་དུ་བསམ་སྟེ། སྲིད་སྐྱོང་དང་སྤྱི་འཐུས་འོས་མིའི་ཁྱད་ཆོས་དང་ཡོན་ཏན་རྣམས་ཆོལ་ཁ་དང་ཡུལ་ལུང་གི་འཐེན་འཁྱེར་གྱི་སྒོ་ནས་ཚད་འཇལ་བའི་གནས་སྟངས་གསར་པ་ཞིག་ཏུ་སླེབ་བཞིན་འདུག སྤྱི་འཐུས་འོས་མིར་བཞེངས་མཁན་ཁྲོད་དུ། དཔེར་ན། མང་པོ་ཞིག་ནི་ (འགའ་ཞིག་ནི་ང་རང་གིས་ངོ་ཤེས་ཀྱི་ཡོད་)ད་བར་བོད་པའི་སྤྱི་ཚོགས་ཀྱི་ཞབས་ཞུའི་ལས་དོན་ནང་དུ་ནུས་པ་འདྲ་མིན་གྱི་ཐོག་ནས་ཞབས་ཞུ་བསྒྲུབས་མྱོང་མཁན་དང་སྤྱི་འཐུས་ལ་འོས་ཤིང་འཚམས་པ་དེ་འདྲ་རེད་འདུག

 

འོས་བསྡུའི་རང་གཤིས་ནི། འོས་མི་ཡོད་དོ་ཅོག་ལ་འོས་ཤོག་འཐོབ་དགོས་ཀྱི་མེད། དེར་བརྟེན། མིག་རྒྱང་འཐུང་ཞིང་། ངན་སེམས་ཅན་གྱི་གཏམ་བརྗོད་དག་གིས་མ་འོངས་པར་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་བློ་ཡོད་པའི་སྐྱེ་བུ་རྣམས་སེམས་ཤུགས་གཅོག་པ་དང་བློ་སྤོབས་ཉམས་པའི་རྒྱུ་རུ་འགྲོ་སྲིད། སྤྱིར་ན་སྲིད་སྐྱོང་གི་གོ་གནས་དེར་(གླ་ཕོགས་ཆུང་ངུ་ཞིག་ཡོད་མེད་ལ་མ་ལྟོས་པར་) སྤོབས་ཉམས་བྱེད་རྒྱུ་ཞིག་ཡོད་ནའང་། སྤྱི་འཐུས་རྣམ་པ་ནི་ནམ་རྒྱུན་སོ་སོའི་འཚོ་གནས་ཆེད་ཀྱི་ལས་ཀའི་ཐོག་ལ་ལས་འགན་གསར་པ་ཞིག་དང་། དེ་ལ་སོ་སོའི་སྒེར་གྱི་དུས་ཚོད་དང་ནུས་པ། རྒྱུ་དངོས་གཏོང་དགོས་ཀྱི་ཡོད།

 

དེར་བརྟེན། འོས་མི་དང་འོས་ཤོག་ལྡུག་མཁན་གཉིས་ཀར་ད་ལྟའི་གནས་སྟངས་དེར་ཚོད་འཛིན་བྱེད་མི་ཐུབ་པའི་གནས་སྟངས་མི་ཆགས་འགྱུར་འགན་འཁྲི་ཡོད།

 

མིའི་གཤིས་ཀ་དེ་གནད་དོན་ལས་ལོགས་སུ་དགར་དགོས།

 

སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་དང་འོས་ཤོག་ལྡུག་མཁན་གཉིས་ཀའི་སེམས་སུ་འཇོག་དགོས་པ་ཞིག་ནི། ང་ཚོས་དོ་སྣང་བྱེད་ཡུལ་གཙོ་བོ་དེ་ངེས་པར་དུ་གནད་དོན་ལས་མི་གཤིས་ཀྱི་ཐོག་མིན་པ་དེ་རེད། ང་ཚོར་འོས་མི་རྣམས་ཀྱིས་བོད་དོན་དཀའ་རྙོག་སེལ་ཕྱོགས་སམ། སྤྱི་ཚོགས་གོང་འཕེལ་གྱི་ལས་འཆར་ལྟ་བུའི་ཉིན་རེའི་ལས་དོན་བཅས་ཀྱི་གནད་དོན་འདྲ་མིན་གྱི་ཐོག་ཏུ་བསམ་བློ་གཏོང་སྟངས་སམ། ལྟ་བ་འཁྱེར་ཕྱོགས་ཐད་ཁ་གསལ་པོའི་ཐོག་ནས་བགྲོ་གླེང་བྱེད་དགོས། ཡིན་ནའང་ང་ཚོས་གང་ཟག་སྒེར་གྱི་ཐོག་ལ་གཞི་མེད་སྐྱོན་བརྗོད་ཀྱི་འཆལ་གཏམ་སྤེལ་རྒྱུའི་བྱ་སྤྱོད་དེ་ངེས་པར་དུ་མཚམས་འཇོག་བྱེད་དགོས། ང་ཚོས་འོས་མི་བྱེ་བྲག་པ་ཞིག་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི། འོས་ལྡུག་མཁན་ཞིག་གི་ཐོབ་ཐང་ཡིན་ནའང་། འོས་མི་གཞན་རྣམས་ལ་ངན་སྨོད་བྱེད་རྒྱུའི་ཐོབ་ཐང་མེད། ང་ཚོས་འོས་མི་རྣམས་ “ཕན་ཚུན་ངན་སྨོད་བྱེད་པ་ལ་” བརྟེན་ནས་གཅིག་འགྲིག་གཅིག་ནོར་ཡོང་རེ་བསམས་ནས་སེམས་སྐུལ་ནམ་ཡང་བྱེད་རྒྱུ་མེད།

 

བདེན་པ་སྨྲ་དགོས།

 

ང་ཚོ་འོས་ལྡུག་མཁན་ཡིན་ནའང་འདྲ་གསར་འགོད་པ་སུ་ཡིན་རུང་མ་འོངས་ལས་འཆར་དང་རྩ་དོན་གྱི་ཐོག་ལ་དྲི་བ་ཁག་པོ་གཏོང་དགོས། འོན་ཀྱང་དཀྲོག་གཏམ་མམ་ཕྱེད་བདེན་པ་ལྟ་བུ་མིན་པར་ངེས་པར་དུ་ཆ་ཚང་དངོས་ཡོད་གནས་ཚུལ་གཞི་རྩར་འཛིན་དགོས། ང་རང་སྒེར་ངོས་ནས་ཀྱང་གལ་ཆེའི་གནང་དོན་ཅི་ཡང་མི་ལྡན་ཅིང་། ལོག་རྟོག་ཅན་གྱི་ཡིག་འཁྱམ་འགའ་ཞིག་མཐོང་བྱུང་། མ་ཟད་ང་ལ་གཞན་གྱིས་སྐད་འཕྲིན་དང་ངོ་དེབ་ནང་དུའང་འོས་མི་བྱེ་བྲག་པར་གཞི་མེད་ཀྱི་སྐྱོན་བརྗོད་ཚད་ལས་བརྒལ་ཞིང་། དྲིལ་བསྒྲགས་ངན་པ་ཁྱབ་གདལ་འགྲོ་བཞིན་ཡོད་པ་བརྗོད་བྱུང་།

 

བསླུ་ཐབས་བྱེད་མི་རུང་།

 

ང་རང་ངོས་ནས་འོས་མི་རྣམས་ཀྱིས་སོ་སོར་འོས་འཐོབ་ཆེད་དང་། རྒྱ་ཆེ་ས་ནས་སྤྱི་ཚོགས་གནོད་པའི་མགོ་སྐོར་བསླུ་བྲིད་མ་བྱེད་རོགས་ཅེས་དམིགས་བསལ་གྱིས་རེ་སྐུལ་ཞུ་རྒྱུ་ཡིན། བརྗོད་ཚུལ་གཞན་དུ། འོས་མི་རྣམས་ཀྱིས་སོ་སོའི་དམིགས་ཡུལ་ལམ་རྩ་དོན་དེ་བོར་མི་རུང་། “བཟང་སྤྱོད་ཀྱི་གོ་དོན་” ཅེས་པའི་རྩོམ་ཡིག་གི་ནང་དུ་། (ཨ་རིའི་)ཁོ་ལོ་རེ་ཌོའི་གཙུག་ལག་སློབ་ཁང་གི་སློབ་དཔོན་ཆེན་མོ་གཉིས་ནས་ “ཚབས་ཆེ་བའམ་དྲག་པོའི་བྱ་སྤྱོད་དུ་འགྱུར་བཞིན་པའི་བརྒྱུད་རིམ་ནང་དུ་སྟེས་དབང་ངམ། ཡང་ན་བསམ་བཞིན་དུ་འཁྲུག་རྐྱེན་སློང་བ་དེས་འཁྲུག་རྐྱེན་གྱི་ཡ་ལན་དྲག་པོ་ཞིག་འབྱུང་བར་རྐྱེན་བྱས་ཏེ། དངོས་ཡོད་དཀའ་ངལ་སེལ་རྒྱུའི་ཁྱད་ཆོས་ལྡན་པའི་བགྲོ་གླེང་དོན་སྙིང་ཅན་དེ་ཕན་ཚུན་སྡང་འཛིན་བྱེད་རྒྱུ་དེ་ (བགྲོ་གླེང་གི་) ཀུན་སློང་གཙོ་བོར་འགྱུར་སྐབས། ཧ་ཅང་གདུག་རྩུབ་ཅན་གྱི་འགལ་ཟླའི་འཁྲུག་རྩོད་ཀྱི་བརྒྱུད་རིམ་དེ་གཞི་ལྗིད་པོ་ཆགས་ཀྱིན་ཡོད། འདི་ལྟ་བུའི་དཀའ་ངལ་དེ་གཞི་ལྗིད་པོར་མི་འགྱུར་བ་དང་། འགྱུར་བ་ལ་གཡོལ་ཐབས་བཅས་ཀྱི་ཐབས་བྱུས་ངེས་པར་དགོས་” བཅས་བརྗོད་དགོས་བྱུང་ཡོད།

 

ངའི་བསམ་པར་འོས་མི་རྣམས་ཀྱིས་ཀྱང་སྤྱི་ཚོགས་ནང་འཁྲུག་འཛིང་མི་ཡོང་བའི་ལས་དོན་དེའི་ཐོག་ལ་ངེས་པར་དུ་འབད་བརྩོན་བྱེད་དགོས། ཁོང་ཚོ་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་རྣམས་ནས་སོ་སོ་ལ་འོས་ཐོབ་པའི་ཆེད་དུ། མང་གཙོའི་རླངས་འཁོར་དེ་ཆག་སྐྱོན་གཏོང་མི་ཉན་ལ། ཆག་སྐྱོན་གཏོང་བའི་བརྒྱུད་རིམ་འདིའི་ནང་དུ་མང་གཙོའི་ལམ་སྲོལ་གྱི་རླངས་འཁོར་ནང་དུ་བཞུགས་པའི་འོས་ལྡུག་མཁན་རྣམས་བེད་མེད་བཟོ་མི་རུང་།

 

གལ་ཏེ་ངས་ཤོད་སྟངས་གཞན་ཞིག་བྱས་ན། འོས་བསྡུ་ནི་མཚན་གཅིག་གི་ལས་དོན་ཞིག་མ་རེད། ང་ཚོ་ནི་འོས་བསྡུའི་རྗེས་ཀྱི་སང་ཉིན་ནམ་མ་འོངས་པའི་ལོ་ཟླའི་ནང་དུ་གནས་དགོས་ཤིང་། མ་འོངས་པའི་ལོ་ཟླའི་ནང་ང་ཚོས་གདོང་ལེན་ཐུབ་པར་དཀའ་བའི་འགལ་ཟླའི་རྙོག་ཟིང་གི་དཀའ་ངལ་ཞིག་བཟོ་མི་ཉན།

 

(གསལ་བཤད། གོང་གི་རྩོམ་ཡིག་དེ་དབྱིན་ཡིག་ལས་བོད་སྒྱུར་ཞུས་པ་ཞིག་ཡིན་པས། ནང་དོན་གྱི་ཆ་ནས་གོ་བ་ལོན་དཀའ་བ་དང་ནོར་འཛོལ་རིགས་བྱུང་ཚེ་མ་རྩོམ་ལ་གཟིགས་པར་ཞུ། )

 

མ་རྩོམ་འབྲེལ་ཐག https://tibetreport.wordpress.com/2016/02/14/an-appeal-for-civility-in-tibetan-elections/

འབྲེལ་ཡོད་གསར་འགྱུར།

Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

སྐར་མ ༣༠ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

སྐར་མ ༦༠ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

ཆུ་ཚོད་ ༢༣ སྔོན་ལ།
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་།

༢༠༢༦/༠༣/༢༧
ttttt
Mobile App

བསྐལ་བའི་མེ་འཕྲིན་དམར་པོའི་སྙན་དེབ་དབུ་འབྱེད་དང་བགྲོ་གླེང་འཚོགས།

༢༠༢༦/༠༣/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese