མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕས་བྱེད་མ་ཐུབ་པ་ཞིག་བུས་བྱས་འདུག་བསམ་སྟེ་སྤོབས་པ་སྐྱེས་བྱུང་།

བོད་ཀྱི་དུས་བབ།
༢༠༡༦/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་ཆེད་སྐུ་ལུས་མེར་སྲེག་གནང་མཁན་རྡོ་རྗེ་ཚེ་རིང་ལགས་ཀྱི་ཨ་མ་ལགས་ནས་བོད་ལ་མི་འབོར་ཉུང་ཉུང་ཡིན་པས་སློབ་ཕྲུག་ཚོས་སློབ་སྦྱོང་སོགས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་བྱེད་དགོས་པའི་འབོད་སྐུལ་གནང་སོང་།

12795407_900992096665518_2188051969199439901_n དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༣༠ ཡོལ་ཙམ་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྡོ་རྗེ་ཚེ་རིང་ལགས་ཀྱི་སྐུ་ཕུང་བཞུགས་སྒར་དྷ་རམ་ས་ལར་གདན་འདྲེན་ཞུས་སོང་བ་དང་། ད་ལྟའི་ཆར་སྐུ་ཕུང་དབུས་གཞོན་ནུའི་ཚོགས་ཁང་དུ་བཞག་སྟེ་དགེ་འདུན་པ་ཁག་ཅིག་གིས་བསྔོ་སྨོན་མཆོད་འབུལ་གནང་བཞིན་འདུག་ལ། སང་ཉིན་ཞོགས་པ་ཆུ་ཚོད་ ༨།༣༠ ཐོག་ལྷ་རྒྱ་རིར་བོད་གཞུང་མང་གཉིས་འདུ་འཛོམས་ཀྱིས་མྱ་ངན་གུས་འདུད་ཞུ་བའི་མཛད་སྒོ་གྲོལ་རྗེས་སྐུ་ཕུང་བཞུགས་འབུལ་གནང་རྒྱུ་ཡིན་འདུག

གསར་འགོད་པ་འདུ་འཛོམས་ཐོག རྡོ་རྗེ་ཚེ་རིང་ལགས་ཀྱི་ཨ་མ་ཉི་མ་གཡང་འཛོམས་ལགས་ཀྱིས་བོད་རིགས་སློབ་ཕྲུག་ཚོར་འབོད་སྐུལ་གནང་དོན། ན་ནིང་ཕྱི་ཟླ་ ༧ པའི་ནང་རྡོ་རྗེ་ལགས་ནས་ངས་བོད་སྤྱི་པའི་དོན་དུ་སྲོག་བློས་བཏང་བ་ཡིན་ན། ཨ་མ་ཁྱེད་རང་དགའ་ས་རེད་དམ་ལབ་སོང་། ངས་ཁྱེད་རང་གིས་དེ་འདྲ་བྱས་ན་ང་ཁྱེད་ཀྱི་མདུན་དུ་ཤི་ཡི་ཡིན། ཁྱེད་རང་ལ་བོད་སྤྱི་དོན་གྱི་ཆེད་དུ་ལས་དོན་མང་པོ་ཡོད་པ་རེད་ཅེས་ལབ་པ་ཡིན་ལ། འདི་འདྲ་བྱས་ན་འགྲི་གི་མི་འདུག་ལབ་ནས་ཚང་མ་ལ་དེ་རང་ཞུ་བ་ཡིན། རྡོ་རྗེ་ཡིས་ཐབས་ལམ་འདི་བཙལ་རེད། ཡིན་ནའང་། གཞན་པ་ཚོར་ཐབས་ལམ་གཞན་པ་ཡོད་པ་རེད། སློབ་སྦྱོང་སོགས་ཐབས་ལམ་གཞན་པ་ག་རེའི་སྒང་ནས་ཡིན་ནའང་བོད་སྤྱི་དོན་ཆེད་ཕྱག་ལས་གནང་རྒྱུ་མང་པོ་ཡོད་པས་དེ་འདྲ་གནང་རོགས་ཞུ་བ་ཡིན། ང་ཚོ་བོད་ལ་མི་གྲངས་ཉུང་དྲགས་པས། ཀུན་སློང་བཟང་པོ་ཞིག་གིས་སྲོག་བློས་བཏང་ན་ཞེ་དྲགས་ཕངས་པོ་རེད། ང་རང་ཚོའི་སློབ་ཕྲུག་རྣམ་པས་འདི་འདྲ་མ་གནང་རོགས་ཞུ་བ་ཡིན། ཞེས་བརྗོད་སོང་།

12833214_1017056805033848_219431832_nཡང་ཕ་རྒན་ཐུབ་བསྟན་ལགས་ཀྱིས་རྡོ་རྗེ་ཚེ་རིང་ལགས་ནས་སྐུ་ལུས་མེར་བསྲེགས་གནང་བའི་བརྒྱུད་རིམ་མདོར་བསྡུས་ཤིག་ངོ་སྤྲོད་གནང་བ་དང་འབྲེལ། ཉིན་ཞིག་ཁོང་རྡོ་རྗེ་གདན་དུ་སོང་ནས་རྡོ་རྗེ་ཚེ་རིང་ལགས་ལ་ཁྱེད་རང་གི་དམིགས་ཡུལ་འགྲུབ་སོང་། ཁྱེད་རང་གིས་ལུས་སྲོག་བཏང་བ་དེ་འཕྲོ་བརླག་ཏུ་ཕྱིན་མི་འདུག རྒྱལ་སྤྱིའི་སྒང་ལ་བོད་དོན་དྲིལ་བསྒྲགས་རྒྱ་ཆེན་པོ་ཕྱིན་སོང་། ༧གོང་ས་མཆོག་དང་རྒྱལ་བ་ཀརྨ་པ་མཆོག་ལ་སྙན་གསེང་ཞུས་ཐུབ་ཡོད་ལ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ལྡི་ལི་དོན་གཅོད་བསྟན་པ་ཚེ་རིང་མཆོག་རྣམ་གཉིས་ཀྱི་དབུས་བོད་ཀྱི་གནད་ཡོད་མི་སྣ་མང་པོ་ཕེབས་བྱུང་། ཁྱེད་རང་གི་ལས་དོན་དེ་ཏག་ཏག་འགྲིག་འདུག ཁྱེད་རང་སྤོབས་པ་སྐྱེས་འོས་པ་ཞིག་རེད་ཅེས་ཞུ་རྒྱུ་ཡིན་སྐོར་དང་། སྐབས་འདིར་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་སོགས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་ཚོགས་གཞོན་དང་། མ་སུ་རི་བོད་ཁྱིམ་གཙོས་སློབ་གྲྭ་ཁག་གི་སློབ་མ་སོགས་བོད་མི་ཚང་མས་མཉམ་རུབ་ཀྱིས། གདུང་སེམས་མཉམ་སྐྱེད་ཀྱི་ཕྱག་རོགས་ཧ་ཅང་ཡག་པོ་གནང་བར་ཕ་མའི་ངོས་ནས་སྤོབས་པ་སྐྱེས་འོས་པ་ཞིག་དང་། ཕ་ཡིས་བྱེད་མ་ཐུབ་པ་ཞིག་བུས་བྱས་འདུག་བསམ་པའི་སྤོབས་པ་སྐྱེ་ཡི་ཡོད་སྐོར་སོགས་བརྗོད་སོང་།

མཇུག་ཏུ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས། ད་རེས་རྒྱ་གར་ནང་ལོ་ན་ ༡༦ ཡིན་པའི་རྡོ་རྗེ་ཚེ་རིང་ལགས་དང་། དེ་བཞིན་ཕྱི་ཚེས་ ༢༩ ཉིན་བོད་ནང་དུ་ལོ་ ༡༩ ཡིན་པའི་གྲྭ་སྐལ་བཟང་དབང་འདུས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་རེད། ལོ་ཆུང་ཆུང་ཡིན་པའི་བོད་པ་གཉིས་ཀྱིས་སོ་སོའི་སྲོག་དེ་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བློས་བཏང་བ་དེ་ཧང་སང་བའི་སེམས་སྐྱོ་བའི་གནས་ཚུལ་ཞིག་ཆགས་བསྡད་ཡོད་པ་རེད། ཡིན་ནའང་། བློས་གཏོང་དེ་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཡིན་དུས་ཕྱོགས་གཅིག་ནས་ང་ཚོ་བོད་པ་ཚང་མས་སྤོབས་པ་བྱེད་དགོས་པའི་གནས་སྟངས་ཤིག་རེད་བསམ་གྱི་ཡོད། སོ་སོའི་མི་ཚེ་གཅིག་སོ་སོའི་མདུན་དུ་ཡོད་ཀྱང་། རྡོ་རྗེ་ཚེ་རིང་ལགས་འདྲ་པོ་ཡིན་ན། བཙན་བྱོལ་ནང་དུ་སྐྱེས་པ་དང་བཙན་བྱོལ་ནང་དུ་འཚར་ལོངས་བྱུང་བའི་ཕྲུ་གུ་ཞིག་རེད། བོད་ནང་ཕེབས་པའི་གོ་སྐབས་ཤིག་རག་མྱོང་ཡོད་པ་མ་རེད། ཡིན་ནའང་། བོད་ནང་དཀའ་ངལ་ག་ཚོད་ཅིག་ཡོད་པ་དེ་ཁོང་རང་གིས་ཚོར་ཐུབ་ཀྱི་ཡོད་པའི་ཆ་ནས་ད་རེས་སོ་སོའི་སྲོག་དེ་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བཏང་བ་དེ་ང་རང་ཚོ་ཚང་མས་གུས་བརྩི་དང་གུས་བཀུར་བྱེད་པའི་དུས་ཚོད་ཅིག་རེད་བསམ་གྱི་འདུག ཅེས་དང་།

ཁོང་གིས་གཞོན་སྐྱེས་ཚོར་འབོད་སྐུལ་གནང་དོན། སྤྱིར་བཏང་ང་ཚོའི་ངོས་ནས་རང་ལུས་མེར་སྲེག་གི་ལས་འགུལ་སོགས་བྱེད་དང་མ་བྱེད་ལབ་པ་དེ་ཧང་སང་བའི་དཀའ་ལས་ཁག་པོ་ཞིག་ཆགས་བསྡད་ཡོད་པ་རེད། ཡིན་ནའང་། ལོ་ཆུང་ཆུང་ཡིན་དུས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བྱེད་ཐུབ་པའི་ལས་ཀ་ཧ་ཅང་མང་པོ་ཡོད་པ་རེད་བསམ་གྱི་འདུག དེ་སེམས་ལ་འཇོག་དགོས་པ་ཧང་སང་བ་གལ་ཆེན་པོ་རེད། དེར་བརྟེན་ངས་དེ་རིང་གཞོན་སྐྱེས་ཚོར་འབོད་སྐུལ་ཞུ་རྒྱུ་ཞིག་ལ། སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ང་ཚོས་བྱེད་ཐུབ་པ་ཧ་ཅང་མང་པོ་ཡོད་པ་རེད། ལས་འགུལ་གྱི་ཐོག་ནས་བྱེད་ཐུབ་པ་མང་པོ་ཡོད་ལ། སློབ་སྦྱོང་གི་ཐོག་ནས་ཡིན་ནའང་བྱེད་ཐུབ་པ་ཞེ་དྲགས་མང་པོ་ཡོད་སྟབས། ང་ཚོ་གསོན་པོར་གནས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ཅེས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༩ པ་འཚོག་བཞིན་པ། ༢༠༢༥།༠༩།༢༩། དུས་བབ་ཀྱི་པར།
Mobile App

གཞོན་སྐྱེས་རྣམས་ཀྱིས་བོད་པ་གཅིག་ཡིན་བསམ་པའི་འདུ་ཤེས་ཀྱི་ཐོག་ནས་ནུས་པ་གཅིག་ཏུ་སྒྲིལ་བའི་འགན་འཁུར་དགོས་པའི་བཀའ་སློབ་བསྩལ།

ཆུ་ཚོད་ ༡༣ སྔོན་ལ།
Tibetan Children at China’s Colonial Boarding School in Nagchu area, Tibet
Mobile App

མི་རིགས་མཐུན་སྒྲིལ་གྱི་མིང་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིག་གཞུང་ལ་སྔར་ལས་བཙན་གནོན་བྱ་རྒྱུ་རེད།

ཆུ་ཚོད་ ༡༤ སྔོན་ལ།
China's former agriculture minister Tang Renjian (centre) received a suspended death sentence for bribery at a court in Jilin province on Sunday, Sep 28, 2025. (Photo: Changchun Intermediate People's Court)
Mobile App

རྒྱ་ནག་གི་ཞིང་ལས་བློན་ཆེན་ཟུར་བ་ཐང་རེན་ཅན་ལ་སྲོག་ཁྲིམས་བཅད།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

རྒྱལ་སྤྱིའི་ནང་པའི་གླེང་སྟེགས་ཐོག་བོད་ཀྱི་བླ་ཆེན་དང་མཁན་པོ་ཁག་ཅིག་ཕེབས་ཐུབ་མི་འདུག

༢༠༢༥/༠༩/༢༨
Front Slider

In Conversation with Manuel Bauer — Photographer of His Holiness the Dalai Lama

༢༠༢༥/༠༩/༢༧
དགའ་ལྡན་ཁྲི་ཟུར་སྐྱབས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགོངས་པ་རྫོགས།
Mobile App

དགའ་ལྡན་ཁྲི་ཟུར་༸རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགོངས་པ་རྫོགས།

༢༠༢༥/༠༩/༢༦

མཆན། 1

  1. yonten310 says:
    ལོ་ 10 སྔོན།

    ང་ཚོ་ལ་སྲིད་སྐྱོང་དགོས། བློ་བཟང་སེང་གེ་མི་དགོས།
    ང་ཚོ་ལ་སྲིད་སྐྱོང་དགོས། བློ་བཟང་སེང་གེ་མི་དགོས།
    ང་ཚོ་ལ་སྲིད་སྐྱོང་དགོས། བློ་བཟང་སེང་གེ་མི་དགོས།
    ང་ཚོ་ལ་སྲིད་སྐྱོང་དགོས། བློ་བཟང་སེང་གེ་མི་དགོས།
    ང་ཚོ་ལ་སྲིད་སྐྱོང་དགོས། བློ་བཟང་སེང་གེ་མི་དགོས།
    ང་ཚོ་ལ་སྲིད་སྐྱོང་དགོས། བློ་བཟང་སེང་གེ་མི་དགོས།
    ང་ཚོ་ལ་སྲིད་སྐྱོང་དགོས། བློ་བཟང་སེང་གེ་མི་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese