ཁ་སང་ཚེས་ ༧ ཉིན་བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཁོང་མོས་དེ་སྔོན་ཟླ་ ༢ ཚེས་ ༢༨ ཉིན་ཕྱི་དྲིལ་བཀའ་བློན་ནས་བདེ་སྐྱིད་རྩ་དགོངས་ཞུས་དོན་སྐོར་ལ་ཡིག་ངག་གཉིས་ཐོག་ནས་གསལ་བསྒྲགས་ཤིག་སྤེལ་འདུག
བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་གསལ་བསྒྲགས་ནང་འཁོད་དོན། ༢༠༡༦ ལོའི་སྤྱི་ཟླ་ ༢ པའི་ཚེས་ ༢༨ ཉིན་གུས་མོས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་གྱི་ལས་གནས་ནས་རྩ་དགོངས་ཞུས་པ་ཡིན། དེ་ལྟར་བྱེད་དོན་ནི་ ༢༠༡༦ ལོའི་སྤྱི་ཟླ་ ༣ པའི་ཚེས་ ༢༠ ཉིན་ལ་བྱེད་རྒྱུའི་འོས་བསྡུ་ཆེ་མོའི་བགྲོ་གླེང་གི་ནང་ལ་ཞུགས་བདེ་བའི་ཆེད་དུ་ཡིན། བཀའ་བློན་ལས་ཐོག་གི་སྐབས་སུ་ང་རང་སྒེར་གྱི་བསམ་ཚུལ་སྤྱི་ཚོགས་སྟེང་ལ་བཤད་ཆོག་གི་མ་རེད། ངས་རྩ་དགོངས་ཞུས་པ་ནི་ཕྱི་ལོགས་ཀྱི་གནོན་ཤུགས་གང་རུང་ཞིག་ལས་བྱུང་བ་མིན་ལ། སྐབས་རྗེས་མའི་བཀའ་ཤག་ཏུ་བསྐོ་བཞག་བྱེད་དང་མི་བྱེད་ལ་ཡང་འབྲེལ་བ་མེད། ངས་ད་དུང་མུ་མཐུད་ནས་བོད་ཀྱི་རྩ་དོན་དང་དབུས་བོད་མིའི་སྒྲིག་འཛུགས་ལ་ནུས་ཤུགས་ཅི་ཡོད་འདོན་རྒྱུ་ཡིན།
སྐྱབས་མགོན་༧གོང་ས་ཆེན་པོ་མཆོག་དགུང་ལོ་བརྒྱད་ཅུར་ཕེབས་ཚར་ཞིང་། སྐུ་ཚེ་གང་པོར་བོད་མིའི་ཕན་བདེའི་ཆེད་དུ་སྐུ་ངལ་བསྐྱོན་དང་སྐྱོན་བཞིན་པ་རེད། ལོ་རྒྱུས་ཀྱི་སྟེང་ནས་གཉན་འཕྲང་གི་དུས་འཚམས་འདི་འདྲ་ཞིག་ལ་༧གོང་ས་མཆོག་ང་ཚོའི་མགོན་དུ་ཕེབས་པ་ནི་ང་ཚོའི་བསོད་ནམས་ཡིན་པ་ནི་སྨོས་ཅི་དགོས། ཡིན་ན་ཡང་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཆེན་པོ་རྣམས་ང་ཚོའི་མདུན་ཕྱོགས་ན་ཡོད། ང་ཚོས་ངེས་པར་དུ་གདོང་ལེན་གྱི་གྲ་སྒྲིག་ཚགས་སུ་ཚུད་དགོས། དུས་ཚོད་འཕྲོ་བརླག་ཏུ་གཏོང་རྒྱུ་མེད། སྲིད་སྐྱོང་རྗེས་མ་ནི་ང་ཚོའི་དུས་ཚོད་འཕྲོ་བརླག་ཏུ་མི་འགྲོ་བའི་གནད་འགག་ཅིག་ཡིན། སྲིད་སྐྱོང་གི་གོ་གནས་ནི་གང་ཟག་བྱེ་བྲག་པ་ཞིག་བོད་མི་དམངས་ཀྱིས་ཆབ་སྲིད་ཀྱི་དབང་ཆ་མཐོ་ཤོས་ལ་དབང་བསྐུར་བ་ཞིག་ཡིན། གཤམ་གསལ་ནི་ང་རང་གི་བསམ་ངོར་གོ་གནས་འདིའི་མི་ལ་འཛོམས་དགོས་པའི་མི་གཞིའི་ཡོན་ཏན་འགའ་ཡིན།
- ཐུན་མོང་གི་ཁེ་ཕན་ལ་ནུས་ཤུགས་འདོན་པ། སྲིད་སྐྱོང་ནི་གང་ཟག་གང་ཞིག་གི་ཀུན་སློང་དང་འབད་བརྩོན་ཚང་མ་ཐུན་མོང་གི་ཁེ་ཕན་ཆེད་ནུས་ཤུགས་འདོན་མཁན་ཞིག་དགོས།
- ཕྱོགས་ཡོངས་དང་རྒྱང་རིང་པོར་བསམ་བློ་གཏོང་ཐུབ་མཁན་ཞིག་དགོས།
- ཟོལ་མེད། དོན་དངོས་རྗོད་མཁན་དང་། དྲི་ལན་དྲེང་པོར་འདེབས་མཁན། ཕྱི་གསལ་ནང་གསལ་ཅན་ཞིག་ཡིན་དགོས།
- ལས་དོན་མཉམ་རུབ་ཀྱིས་སྒྲུབ་མཁན། མཉམ་ལས་དང་། ཕན་ཚུན་རྒྱབ་སྐྱོར། ལམ་སྟོན་དང་སྐུལ་འདེབས་བཅས་ལ་བརྟེན་ནས་གཞན་པའི་ནུས་པ་ཆ་ཚང་འདོན་དུ་འཇུག་མཁན་ཞིག་དགོས།
- ཕྱིའི་མཐོང་སྣང་ལས་དོན་དངོས་རྩ་ཆེན་དུ་བརྩི་མཁན། ཕྱིའི་མཐོང་སྣང་ལས་ནང་གི་ལྗིད་ཁོག་གི་རིན་ཐང་ཤེས་མཁན་ཞིག་དགོས།
- གཞན་པ་ལ་བརྩི་བཀུར་ཡོད་པ། རང་གི་སྐབས་ཐོག་གི་ལས་གྲོགས་དང་ལས་ཀྱི་སྣེ་མོ་བ་སྔོན་མ་རྣམས་ཀྱི་མཛད་རྗེས་མཐོང་མཁན་ཞིག་དགོས།
- ཁེངས་སྐྱུང་། རང་བསྟོད་མི་བྱེད་པར། མི་ཞིག་གི་ཤེས་ཚད་དང་འཇོན་ཐང་ལ་ཚད་བཀག་ཡོད་པ་ཤེས་མཁན་ཞིག་དང་། གཞན་པ་ལ་བློ་འདྲི་བྱེད་ཅིང་གཞན་པའི་བསླབ་སྟོན་ལ་ཉན་ཐུབ་མཁན་ཞིག་དགོས།
- གདེངས་ཚོད། རང་གི་ཡོན་ཏན་གྱི་སྟེང་ལ་རྐང་པ་བཙུགས་ནས་ལངས་པ་མ་གཏོགས་༧རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་ལྟ་བུའི་སྐྱེས་ཆེན་དམ་པ་རྣམས་ཀྱི་བསྟོད་པ་རྣམས་སྤྱི་ཚོགས་ཀྱི་གུས་བརྩི་འཐོབ་བྱེད་ལ་བེད་སྤྱོད་མི་བྱེད་མཁན་ཞིག་དགོས།
- ཆོལ་ཁའི་ཕྱོགས་ཞེན་ལས་བརྒལ་བ། སྲོལ་རྒྱུན་གྱི་ལུང་ཚན་གྱི་འཐེན་འཁྱེར་ལྟ་བུ་ལས་བརྒལ་ནས་ལུང་ཚན་གྱི་ཕྱོགས་ཞེན་དེ་སྒེར་གྱི་འོས་ཤོག་ཐོབ་བྱེད་དུ་བེད་སྤྱོད་མི་བྱེད་མཁན་ཞིག་དགོས།
དོན་གནད་མཐའ་མ་དེའི་སྟེང་ངས་ད་དུང་ཚིག་ཁ་ཤས་བཤད་ན་འདོད། འདས་པའི་དུས་དང་བསྡུར་ན་ང་ཚོ་ཡར་རྒྱས་སུ་སོང་ཡོད་ན་ཡང་། ད་ལྟ་སྤེལ་བཞིན་པའི་འོས་འདེམས་འདི་ལ་ཆོལ་ཁའི་ཕྱོགས་ཞེན་ཤུགས་ཆེན་པོར་ཐོན་ཡོད། འདི་ནི་གཏོར་བཤིག་ཅན་ཞིག་ཡིན། ང་ཚོས་ང་ཚོའི་བུ་གུ་རྣམས་ལ་ཁོང་ཚོ་དང་པོ་བོད་པ་ཡིན་པའི་ངོས་ནས་དམངས་གཙོའི་ཁེ་དབང་བེད་སྤྱོད་བྱེད་དགོས་པ་དང་། འོས་ཤོག་འཕེན་དུས་དོན་རྩ་ལ་བལྟས་ནས་འཕེན་པ་མ་གཏོགས་ཆོལ་ཁའི་ངོས་ནས་མི་འཕེན་པའི་བསླབ་བྱ་རྒྱག་དགོས། ང་ཚོས་སྐབས་རྗེས་མ་ ༢༠༢༡ ལོར་ང་ཚོ་ཐུན་མོང་ངོས་ནས་ནར་སོན་བྱུང་བ་མཐོང་རྒྱུའི་རེ་སྨོན་བྱེད།
ད་རེས་ཀྱི་འོས་འདེམས་ཀྱི་རིང་ལ། བགྲོ་གླེང་བྱས་པའི་དོན་དག་རྣམས་བོད་ནང་གི་ད་ལྟའི་གནས་སྟངས་དང་ང་ཚོའི་ཆབ་སྲིད་ཀྱི་ལས་འགུལ་ལ་འབྲེལ་བ་མེད་པ་ནི་བློ་ཕམ་དགོས་པའི་གནས་ཤིག་ཡིན། བརྒྱ་ཆ་གོ་བརྒྱད་ཟིན་པའི་གཞིས་བཞུགས་བོད་མིའི་བདེ་དོན་གལ་ཆེན་བརྩི་རྒྱུ་ནི་ང་ཚོའི་བཟང་སྤྱོད་ཀྱི་འགན་འཁུར་ཡིན། བོད་ལ་བྱུང་བའི་རང་སྲེག་དང་། ཉེ་ཆར་ཡང་རྒྱ་གར་ནང་ལོ་ ༡༦ ཅན་གྱི་རྡོ་རྗེ་ཚེ་རིང་དང་། བོད་ནང་དཀར་མཛེས་ཁུལ་དུ་ལོ་ ༡༨ ཅན་གྱི་གྲྭ་པ་སྐལ་བཟང་དབང་འདུས་གཉིས་ཀྱིས་རང་སྲེག་བྱས་པ་ནི་ང་ཚོའི་སྙིང་ལ་གཟན་པའི་དྲན་གསོ་ཞིག་ཡིན།
༢༠༡༦ ལོའི་སྤྱི་ཟླ་ ༣ ཚེས་ ༢༠ ཉིན་བོད་མི་ཚོས་རང་རང་གི་ཁེ་དབང་དང་རྣམ་དཔྱོད་བེད་སྤྱོད་དེ་འོས་ཤོག་འཕེན་དུ་འགྲོ་གི་ཡོད་དུས། ཚང་མས་རང་འགན་གཟབ་ནན་གྱི་ཁྱེར་རྒྱུ་དང་། གཞིས་ལུས་བོད་མི་རྣམས་ཀྱི་ཆེད་དུ་རྒྱུ་མཚན་དང་ལྡན་པའི་འདེམས་བསྐོ་ཞིག་བྱེད་རོགས་ཞེས་འབོད་སྐུལ་ཞུ་གི་ཡོད། ང་ཚོས་མ་འོངས་པའི་དཀའ་ངལ་གདོང་བྱེད་ཐུབ་པ་ལ་ངས་ཡིད་ཆེས་བྱེད་ཀྱི་ཡོད། ཡིན་ན་ཡང་ང་ཚོས་ངེས་པར་དུ་ང་ཚོ་ལ་འགོ་འདྲེན་བྱེད་མཁན་གྱི་གང་ཟག་མ་ནོར་བ་ཞིག་འདེམས་དགོས།
མཐའ་སྡོམ་དུ། ངས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡོངས་དང་། ལྷག་པར་དུ་ལོ་བཞི་དང་ཕྱེད་ཀའི་རིང་ང་དང་མཉམ་དུ་ལས་དོན་སྒྲུབ་མཁན་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་རྣམས་ལ་བླ་ན་མེད་པའི་གུས་བརྩི་ཞུ་གི་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་ཡང་དག་གི་འགོ་ཁྲིད་འོག་ཏུ་བོད་དང་བོད་མིའི་ཕུགས་རྒྱང་རིང་བའི་ཁེ་ཕན་མཚོན་ཐུབ་པ་ངས་སེམས་གཏིང་ཡིད་ཆེས་བྱེད་ཀྱི་ཡོད།
༼གསུམ་དག་ལན་མོ་༽ནི་དགའ་སྟོན་སྐབས་ཆང་རག་གསུམ་དག་རྒྱག་སྐབས་གཏོང་རྒྱུའི་གཞས་ཤིག་རེད། གཞས་ཚིག་༼ཇོ་ཤག་ཡིད་བཞིན་ནོར་བུ་༽ཟེར་བ་གོ་བཞིན་དུ་༼༧གོང་ས་ཡིད་བཞིན་ནོར་བུ་༽ཟེར་མི་ཆོག་གམ་ཟེར་བའི་ཧམ་པ་ལ་ལྟོས་དང་། མི་གསོན་པོ་ཟ་རྩིས་བྱེད་ཀྱི་འདུག བོད་གཞས་ཕལ་ཆེ་བའི་གཞས་ཚིག་ལྷ་དང་བླ་མའི་བསྟོད་པ་ཡིན་ཀྱང་མི་ཤི་དུས་གཏོང་སྲོལ་མེད་པ་ཤེས་གསལ་རེད། དེ་ཚོ་ལ་ཧམ་པ་ཞིག་འདུག ཧམ་པ་བཤད་ཐལ་ནས་འུ་ཐུག་ཡོང་གི་འདུག
བློ་སེང་རྒྱབ་སྐྱོར་བའི་ཧམ་བཤད་གཉིས་པ་སྤེན་ཚེས་མི་གསོད་ཁྲག་སྦྱོར་སྐོར་གཙང་མ་བཟོས་མ་སོང་ཟེར། བློ་སེང་གིས་གཙང་མ་ག་དུས་བཟོས་སོང་། རྨར་ཁམས་ཆོས་འཕེལ་གྱིས་མི་གསོད་ཀྱི་ནག་ཉེས་བཙུགས་འདུག དེ་གཙང་མ་བཟོ་མི་དགོས་པ་གང་རེད། ཁང་པ་ཉོ་ས་དངུལ་གཙང་མ་བཟོ་མི་དགོས་པ་གང་རེད། སྤྱི་ལོ་2008དང་2009ནས་སོ་སོའི་དངུལ་ཁང་དུ་སྒྲོ་ལར་འབུམ་མང་པོ་ཡོད་ན་ཡིག་ཆ་དཔར་བརྒྱབས་ནས་མི་སྟོན་པ་གང་རེད། སྤེན་ཚེ་གཅིག་པོས་གཙང་མ་བཟོ་དགོས་པ་གང་རེད། དེ་ཚོ་ལ་ཧམ་པ་ཞིག་འདུག
བློ་སེང་རྒྱབ་སྐྱོར་བའི་ཧམ་བཤད་གསུམ་པ་སྤེན་ཚེ་ཁ་ནོར་བ་དེ་ཚོ་ཚབས་ཆེན་ཡིན་ན། བློ་སེང་གིས་དོན་ནོར་བ་དེ་ཚོ་ཚབས་མི་ཆེ་དོན་གང་རེད། ལོ་རྒྱུས་ཐོག་བོད་རང་བཙན་གྱི་རྒྱལ་ཁབ་ཡོད་མ་མྱོང་བ་བཤད་པ་ཚབས་ཆེན་མིན་དོན་གང་རེད། དེ་ནོར་འཁྲུལ་ངོས་ལེན་དང་དགོངས་དག་ཞུ་མི་དགོས་དོན་གང་རེད། སྤེན་ཚེ་གཅིག་པོས་དགོངས་དག་ཞུ་དགོས་དོན་གང་རེད། དེ་ཚོ་ལ་ཧམ་པ་ཞིག་འདུག
བློ་སེང་རྒྱབ་སྐྱོར་བའི་ཧམ་བཤད་བཞི་པ་དབུས་གཙང་གིས་སྤེན་ཚེ་འོས་མི་བཏོན་པ་དེ་ཆོལ་ཁའི་ཞེན་ཁོག་རེད་ཟེར། སྔོན་མ་དབུས་གཙང་གིས་བཀའ་ཁྲི་ཟུར་པ་བཀྲས་མཐོང་དང་། ཁམས་པས་བཀའ་ཟུར་བཀྲས་དབང་བཏོན་པ་རེད། གཤམ་འོག་ཁྱབ་ཁོངས་ལ་ཁྱབ་བསྒྲགས་དང་འབོད་སྐུལ་ཡང་བྱས་པ་རེད། འོན་ཅང་སྐབས་དེར་སུ་ཞིག་གིས་ཆོལ་ཞེན་རེད་ཅེས་བཤད་མཁན་བྱུང་མེད། ད་ལོ་དབུས་གཙང་གིས་ཨ་མདོ་ཞིག་བཏོན་ནའང་ཆོལ་ཞེན་རེད་ཅེས་ཆོལ་ཞེན་སློང་མཁན་དེ་བློ་སེང་རྒྱབ་སྐྱོར་བ་ཚོ་རེད། དེ་སྔོན་དེ་འདྲ་བྱུང་མྱོང་མེད། དེའི་འགན་ཚང་མ་ཁྱོད་ཚོ་ལ་ཡོད།
བློ་སེང་རྒྱབ་སྐྱོར་བའི་ཧམ་བཤད་ལྔ་པ་སྤེན་ཚེ་ཨ་རི་དང་ཡུ་རུབ་ལ་ཕྱིན་ནས་འོས་བསྡུ་ཁྱབ་བསྒྲགས་བྱས་པ་རྣམ་རྟོག་དང་ཞབས་འདྲེན་རེད་ཅེས་སྐྱེ་དམན་ཞིག་གིས་སྒྲ་སྒམ་བཟོས་ནས་འཛམ་གླིང་ལ་བཀྲམས་འདུག འོ་ན་བློ་སེང་འགྲོ་བཞིན་པ་དེ་གང་གི་དོན་དུ་ཕྱིན་པ་རེད། སྤྱི་ལོ་2011ལོར་བོད་པ་ཡོད་པའི་ས་ཁུལ་གཅིག་ཀྱང་མ་ལུས་པ་ཕྱིན་པ་བློ་སེང་རང་ཉིད་ཀྱིས་བཤད་ཡོད། བློ་སེང་སོང་ན་གཟི་བརྗིད་དང་སྤེན་ཚེ་སོང་ན་ཞབས་འདྲེན་ཡིན་དོན་གང་རེད། ཧམ་པ་ཞིག་འདུག མི་གསོན་པོ་ཟ་རྩིས་མ་བྱེད་ཅིག
བློ་སེང་རྒྱབ་སྐྱོར་བའི་ཧམ་བཤད་དྲུག་པ་ཁ་ས་རྒྱ་ནག་གཞུང་གིས་བོད་པའི་ནང་ཁྲོལ་བཏོན་པའི་གསར་འགྱུར་ཐོན་རྗེས་དེ་ཚོ་སྤེན་ཚེ་རྒྱབ་སྐྱོར་བ་ཚོས་བཤད་པ་ལ་བརྟེན་ནས་བྱུང་བ་རེད་ཟེར། གསར་འགྱུར་དེར་སྤེན་ཚེ་མི་གསོད་ཁྲག་སྦྱོར་དང་གཞན་གྱི་ཆུང་མ་འཕྲོག་སྐོར་བཤད་འདུག་པ་དེ་ཚོ་ཡང་སྤེན་ཚེ་རྒྱབ་སྐྱོར་བ་ཚོས་བཤད་པ་ལ་བརྟེན་ནས་རེད་དམ། བློ་སེང་ཁང་པའི་སྐོར་སྤེན་ཚེ་འོས་མི་མ་ལངས་སྔོན་ནས་དབྱིན་མོ་དེས་བཏོན་པ་མ་རེད་དམ། དེ་ཚོ་ལ་ཧམ་པ་ཞིག་འདུག
བློ་སེང་རྒྱབ་སྐྱོར་བའི་ཧམ་བཤད་བདུན་པ་བློ་སེང་ལ་སྐྱོན་བརྗོད་བྱས་ན་བོད་མིའི་མགོ་ཁྲིད་ལ་དམའ་འབེབས་བྱས་པ་དང་བོད་ལ་ལར་རྒྱ་དང་ཞེན་ཁོག་མེད་པའི་རྟགས་རེད་ཟེར། འོ་ན་སྤེན་ཚེ་བོད་མའི་མགོ་ཁྲིད་མ་རེད་དམ། བོད་མིའི་མགོ་ཁྲིད་ལ་བློ་སེང་གཅིག་པོ་རེད་དམ། བོད་པ་ཚང་མ་ལྐུག་པ་རེད་མ་བསམ་ཤིག
བློ་སེང་རྒྱབ་སྐྱོར་བའི་ཧམ་བཤད་བརྒྱད་པ་སྤེན་ཚེ་ཨ་རི་ལ་འོངས་དུས་༧སྐྱབས་མགོན་རིན་པོ་ཆེ་མཇལ་ཁ་མ་བཅར་བ་དེ་ཞབས་འདྲེན་རེད་ཟེར་སྐྱོན་བརྗོད་ཁ་ན་ན་འདུག བློ་སེང་ཨ་རི་འོངས་སྐབས་མ་མཇལ་བ་གང་རེད། བློ་སེང་གིས་མ་མཇལ་བ་དེ་གཟི་བརྗིད་དང་། སྤེན་ཚེས་མ་མཇལ་བ་དེ་སྐྱོན་དང་ཞབས་འདྲེན་ཡིན་དོན་གང་རེད། དེ་ཚོ་ལ་ཧམ་པ་ཞིག་འདུག
བློ་སེང་རྒྱབ་སྐྱོར་བའི་ཧམ་བཤད་དགུ་པ་ནམ་རྒྱུན་༧སྐྱབས་མགོན་རིན་པོ་ཆེ་དང་བོད་གཞུང་ལ་གུས་བརྩི་དང་རྒྱབ་སྐྱོར་བྱེད་མཁན་ཐོགས་མེད་དང་ཕྲིན་སྐལ་སོགས་ཀྱིས་བློ་སེང་ལ་སྐྱོན་བརྗོད་པ་དེ་རྒྱ་མིའི་རྒྱུག་ཁྱི་རེད་ཟེར། འོ་ན་ནམ་རྒྱུན་༧སྐྱབས་མགོན་རིན་པོ་ཆེ་དང་བོད་ལ་གཞུང་སྐྱོན་བརྗོད་དང་དོལ་རྒྱལ་ཚོགས་པ་ལ་རྒྱབ་སྐྱོར་བྱེད་མཁན་དྲ་མིང་གླིང་གེ་སར་སོགས་ཀྱིས་སྤེན་ཚེ་ལ་སྐྱོན་བརྗོད་པ་དེ་ཡང་དག་པ་རེད་དམ། དེ་ཚོ་ལ་ཧམ་པ་ཞིག་འདུག
བློ་སེང་རྒྱབ་སྐྱོར་བའི་ཧམ་བཤད་བཅུ་པ་སྤེན་ཚེས་ཆང་རག་འཐུང་གི་འདུག་ཟེར། བློ་སེང་གི་ཆང་རག་འཐུང་གི་མེད་པ་དང་། དེ་སྔོན་བོད་ཀྱི་བཀའ་ཁྲི་སུས་ཀྱང་ཆང་རག་འཐུང་གི་མེད་པའི་མནའ་སྐྱེལ་ཐུབ་བམ། དེ་ཚོའི་ཧམ་བཤད་དང་རྫུན་བཤད་ལ་ལན་ཞིག་མ་བརྒྱབ་ན་ལས་རྒྱུ་འབྲས་དང་བདེན་པ་ཟེར་བ་མེད་པ་ཆགས་ས་རེད། བོད་ཀྱི་ལྷ་སྲུང་རྣམས་ཀྱང་ཐུགས་ཁྲོས་ནས་ཡུལ་ལ་བཀྲ་མ་ཤིས་པ་ཡོང་ངེས་རེད། འོན་ཅང་ད་རེས་བློ་སེང་གིས་བཤད་ནོར་ལས་ནོར་གང་ཡང་ཞུས་མེད། འུ་ཐུག་ན་མ་བཤད་རང་བཤད་རེད། འདི་ནི་བློ་སེང་རྒྱབ་སྐྱོར་བའི་མིང་ཐོག་གི་དཀྲུག་འདྲེ་དེ་ཚོ་ལ་ཡིན་པས་ལན་རྒྱོབས་ཤོགས།
དབུས་གཙང་བ་འགའ་ཞིག་གིས་རང་ཉིད་ལ་ཆོལ་ཞེན་མེད་མདོག་མདོག བློ་སེང་ལ་རྒྱབ་སྐྱོར་ཡོད་མདོག་མདོག ཅོལ་ཆུང་ཀླད་མེད་ཟེར་ན་དེ་ཚོ་རེད། དབུས་གཙང་གིས་ཨ་མདོ་ཞིག་འོས་མི་བཏོན་པ་ཆོལ་ཞེན་ཡིན་པ་ཁས་ལེན་ནས་དེ་ཙམ་ཞེད་ན། རྗེས་མ་ནས་དབུས་གཙང་གིས་དབུང་གཙང་ཞིག་སྲིད་སྐྱོང་འོས་མི་གཏོང་ན་ཇི་ཙམ་ཞེད་རྒྱུ་རེད། ཞབས་འདྲེན་པ་དེ་ཚོ། བློ་སེང་རྒྱབ་སྐྱོར་བ་དེ་ཚོ་ཡང་ལྐོག་ཏུ་རང་ལ་གད་མོ་ཤོར་གྱི་ཡོད་རེད། བློ་སེང་གི་རྒྱབ་སྐྱོར་བ་དམངས་ལ་ཞུ་གི་རེད། ཧམ་ཆེན་རྫུན་མ་དེ་ཚོ་ལ་ཡིན།
གོང་གསལ་གྱི་འོས་ཆོས་ཚང་མ་བློ་སེང་ལ་ཚང་མི་འདུག བློ་སེང་གི་སྟེང་ན་དེ་དག་ཡོད་ཚེ་བདེ་ཆོས་ལགས་ནས། ཅི་ཕྱིར་དགོངས་པ་ཞུས་པ་རེད། འོས་ཆོས་ཚང་མཁན་དེའི་ལྷན་དུ་མཉམ་ལས་བྱས་ནས་བཞུགས་ན་འཐུས་པ་རེད་་་་
སྲིད་སྐྱོང་བློ་སེང་གི་རྫུན་གཏམ་དང་། མགོ་བསྐོར། ཧམ་བཤད། རང་གིས་རང་བསྟོད་ཀྱིས་བོད་མིའི་ཆབ་སྲིད་རླུང་ལ་བསྐུར་ངེས་རེད།། ད་སྐབས་བློ་སེང་གི་བཀའ་ཤག་འོག་ནས་་སྐྱབས་མགོན་རིན་པོ་ཆེ་ལ་སོ་སོ་རང་ཉིད་ལ་བརྟན་བཞུགས་སུས་འབུལ་མ་འབུལ་གྱི་དབང་ཆ་དེ་འདྲ་ཆུང་ཆུང་ཞིག་ཀྱང་རེག་གི་མེད་པ་རེད། བཀའ་ཤག་གི་བཀའ་བློན་དེ་ཚོས་བློ་སེང་གི་ངོ་ལ་བལྟས་ནས་སྐྱབས་མགོན་རིན་པོ་ཆེ་ལ་དྲིན་ལན་ལོག་འཇལ་དང་འགན་ཁུར་སྟངས་འདི་འདྲ་ཡིན་ནམ། བོད་གཞུང་གི་ལས་བྱེད་དེ་ཚོས་སྐྱབས་མགོན་རིན་པོ་ཆེ་ཚད་འདི་འདྲ་ཞིག་ལ་ལྷུང་ཡོད་ནའང་སྲིད་སྐྱོང་ཡིན་མདོག་ཁ་བོ་འདུག་ཟེར་ནས་དྲིན་ལན་ལོག་འཇལ་བྱེད་རྒྱུ་ཡིན་ནམ། སེར་འབྲས་དགའ་གསུམ་གྱི་དགེ་འདུན་པ་ཚོས་རང་གི་རྩ་བའི་བླ་མ་བློ་སེང་གི་དབང་ཆ་གཅིག་བསྡུད་འདིའི་འོག་ནས་ཚད་འདི་འདྲའི་ཉམ་ང་ཞིག་ལ་་ལྷུང་ནའང་བློ་སེང་གི་མགོ་བསྐོར་ལ་ཉན་ནས་འདུག་རྒྱུ་ཡིན་ནམ། སྐྱབས་མགོན་རིན་པོ་ཆེས་བཙན་བྱོལ་བོད་མི་ཚོར་དཀའ་ལས་འདི་འདྲ་རྒྱབ་ནས་མགོ་ཁྱོངས་སེ་བྱུང་ན་བྱེད་སྟངས་འདི་འདྲ་ཡིན་ནམ། དྲིན་ལན་ལོག་འཇལ་ཁྱེད་ཚོས་ཕྱི་རྫིགས་ནང་སྟོང་དང་སྐྱག་རྫུན་མགོ་བསྐོར། བཟང་སྤྱོད་རྩ་ནས་མེད་པའི་སྲིད་སྐྱོང་འདི་འདྲ་ཞིག་ལ་བལྟས་ནས་གཞིས་ལུས་མི་མང་གི་གདོང་པ་ལྟ་ཐུབ་བམ། བཀའ་ཟུར་བདེ་སྐྱིད་ཆོས་དབྱིངས་གཅིག་པུས་སྐྱབས་མགོན་རིན་པོ་ཆེ་དང་བོད་མི་མང་ལ་སེམས་སྟིང་ནས་འགན་ཁུར་གྱི་ཡོད་རེད། ཁོང་མོས་རང་ལ་གནོན་ཤུགས་དང་མི་ཁ་ག་རེ་ཡོང་མིན་ལ་མ་བལྟས་བར་སྐྱབས་འགོན་རིན་པོ་ཆེ་དང་བོད་མི་མང་ལ་འགན་ཁུར་ཡོད་རེད། བཀའ་བློན་རྒྱ་རི་སྒྲོལ་མས་ནམ་རྒྱུན་ཡིན་ན་སྐྱབས་འགོན་རིན་པོ་ཆེའི་མཚན་གླེང་མ་ཐག་མིག་ཆུ་གཏོང་བ་དང་། གཞིས་ལུས་མི་མང་ཟེར་ནས་མིག་ཆུ་ཞ་ར་ར་གཏོང་གི་ཡོད་རེད། ད་ཐེངས་སྐྱབས་འགོན་རིན་པོ་ཆེ་གནས་སྟངས་འདི་འདྲ་ཞིག་ལ་སླེབས་ནའང་དྲིན་ཆེན་བློ་སེང་གིས་ང་བཀའ་བློན་དུ་བསྐོས་སོང་དྲིན་ཆེན་པོ་ཡིན་ཟེར་ནས་མིག་ཆུ་ཚང་མ་སྐམ་པ་རེད་དམ། ཁྱེད་ལ་ངོ་ཚ་རྒྱུ་མེད་པ་རེད་དམ། མི་མང་གིས་གསལ་བོ་བྱས་ནས་ལྟོས་དང་ཆབ་སྲིད་པ་འདི་ཚོ་ལ་རང་ལ་རེག་རྒྱུ་དེ་རེག་སོང་ན་འགན་ཁུར་སྟངས་འདི་འདྲ་རེད། ཁ་སེམས་རྩ་བ་ནས་མི་འཐུན་པ་དེ་འདྲ། ད་མི་མང་གིས་ཆབ་སྲིད་པ་ཁྲམ་པ་འདི་ཚོ་རྗེས་འདེད་བཏང་སྟེ། གསལ་པོ་བྱས་ནས་དྲུང་དགོས་འདུག བཀའ་བློན་རྒྱ་རི་སྒྲོལ་མ་ལྟ་བུ་འདི་ཚོས་རྐུབ་ལྕགས་གང་ནས་རེག་མིན་ལ་བསམ་བློ་གཏོང་བ་ལས་དྲང་བདེན་དང་དྲིན་ལན། བཟང་སྤྱོད་ཟེར་བ་ཞིག་རྩ་བ་ནས་ཤེས་ཀྱི་མེད། འཁྲབ་རྒྱུ་མང་ན་རང་མདོག་ཤོར་སྟངས་འདི་འདྲ་རེད།
བཀའ་ཟུར་བདེ་སྐྱིད་ཆོས་དབྱིངས་ཀྱིས་གསལ་བཤད་ལ་བལྟས་ཡོང་ན་གསལ་པོ་རེད། ཁོ་མོའི་ལས་ཀའི་དུས་ཡུན་ནང་བློ་སེང་གི་བྱེད་སྟངས་བྱེད་ལུགས་རྒྱུས་ཡག་པོ་ལོན་འདུག གསལ་བཤད་འདི་ལ་མིང་ཞིག་བཏགས་ན། “བློ་སེང་ང་འདྲ་མ་”ཟེར་ན་ཏག་ཏག་རེད། བློ་སེང་ལྟ་བུའི་མི་འདི་འདྲ་ཁྲམ་པ་དང་རྫུན་རྐྱལ། བཟང་སྤྱོད་རྩ་བ་ནས་མེད་པ་ཞིག་བོད་མིའི་སྲིད་སྐྱོང་ལ་སླར་ཡང་ཐོབ་ཚེ་དེ་འགན་བཙན་བྱོལ་བོད་མི་རྣམས་ལ་ཡོད་ལ། ལོ་རྒྱུས་ཐོག་ཆེས་འགལ་འཛོལ་ཅན་གྱི་བྱུང་བ་ཞིག་ཏུ་འགྱུར་གྱི་རེད།
བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལགས་ཀྱི་བརྩོམས་འདི་ཁ་གསལ་པོ་གསུང་ན་ཡག་པོ་འདུག། འདི་མིན་མི་མང་མགོ་བོ་འཐོམ་རྒྱུའི་ངེས་ཅན་ཡིན། དེར་འདི་ལྟར་འབྲི་དགོས། 1ད་ལྟའི་སྲིད་སྐྱོང་ལྟར་མ་ཡིན་པ་དེར་ཐུན་མོང་གི་ཁེལ་ཕན་ལ་ནུས་ཤུགས་འདོན་པ། སྲིད་སྐྱོང་ནི་གང་ཟག་གང་ཞིག་གི་ཀུན་སློང་དང་འབད་བརྩོན་ཚང་མ་ཐུན་མོང་གི་ཁེ་ཕན་ཆེད་ནུས་ཤུགས་འདོན་ཁན་ཞིག་དགོས། སོགས་རིམ་པ་བཞིན་དུ་1་2་3་4་5་6་7་8་9་བྲིས་པ་ཡིན་ན་མི་གོ་བདེ་བ་ཡོང་ངེས་ཡིན།
ངས་འོས་འཕེན་ཟིན་པའི་སྲིད་སྐྱོང་གིས་ད་ཡིན་ན་ཞལ་རྫུན་གསུང་གིན་འདུག ངའི་དངོསགཞིའི་འོས་ཤོག་གཅིག་དེ་ངས་ཚོགས་གཙོ་ལ་བླུག་གིན་ཡིན།
སྲིད་སྐྱོང་ནི་ང་ཚོའི་བོད་མི་ཡོངས་གྱི་སྲིད་སྐྱོང་ཡིན། བློ་སེང་ལྟ་བུའི་སྲིད་སྐྱོང་མེད་ན་བཟང་།
དེ་མིན་བདེ་སྐྱིད་ཆོས་དབྱངས་ཀྱིས་བཟང་ངན་ཕྱོགས་ནས་གཏམ་བཤད་མང་པོ་བཤད་ཡོད་རུང་།
བདེ་སྐྱིད་ཆོས་དབྱངས་དང་བློ་སེང་གཉིས་བར་གྱི་སྒེར་འབྲེལ་སླ་མོ་མིན། ཁོ་མོ་གཉིས་བར་ན་ཡང་གཏམ་རྒྱུད་མང་པོ་ཡོད་ཟེར། ཧཧཧ ད་སྐབས་བདེ་སྐྱིད་ཆོས་དབྱངས་ཀྱི་འདི་འདྲ་ག་འདྲ་བྱེད་ནས། དེ་ལ་ངོ་མ་བསམ་བློ་མང་པོ་གཏོང་རྒྱུ་ཡོད།
བློ་སེང་ལ་རྒྱབ་སྐྱོར་མི་བྱེད།
བློ་སེང་སྲིད་སྐྱོང་ལ་མི་འོས་པའི་རྒྱུ་མཚན་ཆེན་པོ་གསུམ།
གཅིག བློ་སེང་སྲིད་སྟེགས་སུ་འཚང་བ་ནི་སྒེར་དོན་སྒྲུབ་བྱེད་ཁོ་ན་ཡིན།
གཉིས། བློ་སེང་གིས་ཁས་ལེན་གཅིག་ཀྱང་སྒྲུབ་མེད།
གསུམ། བློ་སེང་ལ་དབུ་ཁྲིད་ཀྱི་ནུས་པ་དང་གཤིས་ཀ་གཏན་ནས་མེད།
http://www.khabdha.org/?p=81105
སྤེན་ཚེ་སྲིད་སྐྱོང་ཐོབ་ན་ལེགས། ཉམས་ཐག་བོད་ཀྱི་རླུང་རྟ་རྒུད་པར་འདུག
བློ་སེང་སྐྱར་དུ་ཐོབ་ན་མི་ལེགས་མོད། སླར་ཡང་ཟློས་གར་རིང་མོ་འཁྲབ་པར་ངེས།
བོད་ཀྱི་ལས་དབང་འདི་ལ་བཟློག་ཐབས་བྲལ། །
དགོས་པ་གཏན་ནས་མི་འདུག་བ་ལ། ཁྱེད་རང་གིས་བཤད་པའི་འོས་ཆོས་དེ་སུ་ལ་ཚང་དགོས་འདུག འོ་ན་གཉིས་ཀ་ལ་
ཧ་ཅིང་ཡག་པོ་གསུང་འདུག