མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་གུར་བའི་ངོ་བོ་བསྒྱུར་ཐབས།

བོད་ཀྱི་དུས་བབ།
༢༠༡༦/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཤེས་ཡོན་སློབ་གསོ་དང་དཔལ་འབྱོར་འཛུགས་སྐྲུན་ལ་ཁ་གཡར་ཏེ་མི་རིགས་རིག་གནས་གཏོར་བརླག་དང་མི་རིགས་བསྲེས་ལྷད་བྱེད་ཐུབ་ལ་ཤུགས་སྣོན་བཞིན་ཡོད་འདུག

5EB4852A-8B27-4A0D-A730-E7F0ECFAC512_cx21_cy32_cw62_mw1024_s_n_r1ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ལྗོངས་ས་གནས་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་དབུས་ཁུལ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་དང་མཉམ་འབྲེལ་གྱིས་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ལྗོངས་ནང་ཕྱི་ཕྱོགས་ཀྱི་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པར་འགོག་རྒོལ་དགོས་ཚུལ་དང་། ཆོས་ལུགས་གྲུབ་མཐར་ཐལ་ཆེ་བའི་དད་འདུན་འཆང་བ་ནི་ཟླ་བ་མར་ངོ་ལྟ་བུའི་མུན་ནག་གི་དུས་སྐབས་དེ་ཡིན་ལུགས་སོགས་བཤད་འདུག

ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྲང་ཁྲུན་ཞིན་ (Zhang Chunxian) ཟེར་བས་རྒྱ་ནག་ལོ་འཁོར་སྲིད་གྲོས་ཚོགས་ཆེན་སྟེང་གསར་འགོད་པར། ན་ནིང་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ལྗོངས་ནང་དུས་ཟིང་ཞི་འཇགས་གཏོང་ཐུབ་ཡོད་ནའང་། རྒྱལ་སྤྱི་དང་རྒྱལ་ནང་གི་གནད་དོན་མང་པོར་མུ་མཐུད་གདོང་ལེན་དགོས་སྐོར་དང་། ད་ལོར་གཏན་འབེབས་བྱས་པའི་སྲིད་ཇུས་ཁག་རྒྱུན་སྐྱོང་། དབུས་སྲིད་གཞུང་གི་སྲིད་ཇུས་དང་བྱེད་ཕྱོགས་ལ་གཡོ་སྐྱོམ་སློང་མཁན་ཞིན་ཅང་ཡུ་གུར་ས་གནས་སྲིད་གྲོས་ལས་བྱེད་ཚོར་ཞིབ་བཤེར་དང་ “རྡུང་རྡེག་ཚ་ནན”བཏང་ཏེ་འཇིགས་སྐུལ་དྲག་སྤྱོད་ཀྱི་བསམ་བློར་ཡོ་བསྲང་དང་། ཏང་དང་རྒྱལ་ཁབ་ལ་བློ་དཀར་དགོས་པའི་སློབ་གསོ་དང་སྐུལ་འདེད་དགོས་ལུགས་སོགས་བཤད་འདུག

ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཡིག་གཞོན་པ་ཁྲི་ཅིན་ (Che Jun) ཟེར་བ་ཞིག་གིས། ཡུ་གུར་མི་རིགས་ས་གནས་སྲིད་གཞུང་གིས་མཐའ་མཚམས་རྒྱལ་ཁབ་ཁག་དང་མཉམ་འབྲེལ་གྱིས། ཕྱིའི་དགྲ་བོར་འགོག་རྒོལ་དང་རྒྱལ་ནང་གི་མི་མང་ཁྲིམས་འགལ་གྱི་སྒོ་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲོ་བར་བཀག་སྡོམ་དགོས་ཚུལ་བཤད་འདུག

གནས་ཚུལ་ལྟར་ན། པེ་ཅིན་སྲིད་གཞུང་གིས་ཁ་ཆེ་མི་རིགས་འདུས་སྡོད་ཆེ་བའི་ཤིན་ཅང་མི་རིགས་ས་གནས་ཁག་ཏུ་སྐད་ཡིག་སློབ་གསོ་དང་ཆོས་ལུགས་བྱེད་སྒོ་ཁག་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པར་བརྟེན། ཡུ་གུར་མི་རིགས་ས་གནས་ཁག་ཏུ་ཟིང་འཁྲུག་བསྟུད་མུར་འབྱུང་བཞིན་ཡོད་པ་དང་། རྙོག་འཛིང་དེ་དག་ཁྲོད་ཡུལ་མི་བརྒྱ་ཕྲག་མང་པོར་ཤི་རྨས་ཐེབས་ཀྱི་ཡོད་ཅིང་། པེ་ཅིན་གཞུང་གིས་འཁྲུག་རྩོད་འདི་ནི་ཕྱི་ནང་གི་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པས་ངན་སྐུལ་བྱས་པ་ཡིན་ལུགས་རྗོད་ཀྱིན་ཡོད་འདུག སྲིད་འཛིན་ཞི་ཅིན་ཕིན་གྱི་འཛིན་སྐྱོང་འོག་གི་རྒྱ་ནག་དབུས་སྲིད་གཞུང་གིས་རྒྱལ་ཁབ་བརྟན་ལྷིང་ལ་ཁ་གཡར་ཏེ“རྡུང་རྡེག་ཚ་ནན” (Strike Hard) ཞེས་པའི་སྲིད་ཇུས་སྤེལ་ཏེ་ཡུ་གུར་གྲངས་ཉུང་མི་རིགས་ས་གནས་ཁག་ཏུ་ཉེན་རྟོག་དམག་མི་ཆེད་གཏོང་གིས་རྟོག་ཞིབ་དང་དྲག་གནོན་བྱེད་པ་དང་། ཤེས་ཡོན་སློབ་གསོ་དང་དཔལ་འབྱོར་འཛུགས་སྐྲུན་ལ་ཁ་གཡར་ནས་ཡུ་གུར་མི་རིགས་རིག་གནས་དང་ཆོས་ལུགས་རིག་གནས་བསྲེས་ལྷད་གཏོང་བ། ཐ་ན་ཡུ་གུར་མི་རིགས་དང་རྒྱ་ནག་ཧན་མི་རིགས་གཉིས་བར་གཉེན་སྒྲིག་གི་བྱེད་སྒོ་སྤེལ་ཏེ་རིགས་རུས་བསྲེས་ལྷད་གཏོང་ཐབས་སོགས་ལ་ཤུགས་སྣོན་གཏོང་གི་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་ཕྲེང་དྲུག་པའི་གོ་ལའི་ཚོགས་འདུ་ཞེས་པ་འཚོག་གཏན་ཁེལ།

ཆུ་ཚོད་ ༡ སྔོན་ལ།
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese