མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཞི་རྒོལ་བ་མང་པོ་བཀག་ཉར་བྱས།

བོད་ཀྱི་དུས་བབ།
༢༠༡༦/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གསུམ་བཅུའི་དུས་དྲན་ཐེངས་ ༥༧ པ་སྲུང་གཙི་གནང་སྐབས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་བོད་མི་ཞི་རྒོལ་བ་ ༩༠ ལྷག་བཀག་ཉར་བྱས་ཡོད་འདུག

1797378_977074102411269_436873351637326404_nདེ་རིང་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་ཞི་བའི་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དང་བསྟུན། སྔ་དྲོའི་ཆུ་ཚོད་ ༩ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གཞུང་འབྲེལ་གྱི་དུས་དྲན་སྲུང་གཙི་གནང་རྗེས། དབུས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བསམ་ཡས་གླིང་ས་གནས་གཞོན་ནུ་དང་རོ་ཧི་ནི་ས་གནས་གཞོན་ནུས་མཉམ་རུབ་བྱས་ཏེ། ལྡི་ལི་ཇན་ཊར་མན་ཊར་དུ་མི་མང་ ༢༠༠ ལྷག་གིས་ཞི་རྒོལ་ཁྲོམ་སྐོར་བྱས་ཡོད་པ་མ་ཟད། ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཞི་བའི་སྐད་འབོད་གནང་ཡོད་པར་བརྟེན། རྒྱ་གར་ཉེན་རྟོག་པ་མང་པོ་ཡོང་སྟེ་ལས་འགུལ་བ་བུ་མོ་ ༨༠ བཅས་ཁྱོན་མི་གྲངས་ ༩༠ ལྷག་བཙན་འཁྲིད་ཀྱིས་བཀག་ཉར་འོག་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ས་གནས་གཞོན་ནུའི་རིག་གཞུང་འགན་འཛིན་བཀྲ་ཤིས་ལགས་སུ་སྐད་ཆ་འདྲི་སྐབས། ཐེངས་འདིའི་དུས་དྲན་ཐོག་ཉིན་གྲངས་ ༣ རིང་ཞི་རྒོལ་ལས་འགུལ་སྤེལ་འཆར་ཡོད་ལ། དེ་རིང་ཆུ་ཚོད་ ༢ རེའི་ནང་ལས་འགུལ་བ་རྣམས་ཆ་བགོས་ཀྱིས། ས་གནས་ཁག་མི་འདྲ་བ་ལྔ་ནས་རྒྱ་ནག་གཞུང་ཚབ་ཁང་ལ་བཙན་འཛུལ་གྱི་ལས་འགུལ་སྤེལ་གྱི་ཡོད་པ་དང་། དེ་བཞིན་ད་ལྟའི་བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཐུན་ཚོགས་སོགས་ལ་བོད་དོན་ཐོག་དོ་ཁུར་གནང་དགོས་པའི་འབོད་སྐུལ་སྙན་ཞུ་རབས་དང་རིམ་པར་ཕུལ་ཡོད་ཀྱང་། ལག་བསྟར་དོན་འཁྱོལ་ཅི་ཡང་བྱུང་མེད་སྟབས། སང་ཉིན་ལས་འགུལ་བ་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཐུན་ཚོགས་སོགས་ལ་སྙན་ཞུ་རྣམས་དོན་འཁྱོལ་མ་ཡོང་བའི་སྐོར་ནས་དྲི་བ་འབུལ་རྒྱུ་ཡིན་ལ། དྲི་བ་འབུལ་སྟངས་དེའང་གཉིད་སད་ཤོག་ཟེར་བའི་བརྡ་ལན་སྤྲོད་ཆེད། རྔ་རྡུང་བ་དང་སི་རིལ་(Whistle)རྒྱག་པ་སོགས་བྱས་ནས་འབོད་སྐུལ་གྱི་ལས་འགུལ་སྤེལ་འཆར་ཡོད་པ་དང་། གནངས་ཉིན་བུད་མེད་སྒེར་ལངས་ཉིན་ལྡི་ལིའི་ཀོ་ནཱ་ཊི་ཁུལ་(Cannaught Place)གྱི་པ་ལི་ཀ་ཁྲོམ་གཞུང་དུ་བུད་མེད་ ༡༠༠ ལྷག་འདུ་འཛོམས་ཀྱིས། སྤྱིར་འགྲོ་བ་མིའི་ཐོབ་ཐང་དང་བྱེ་བྲག་བུད་མེད་ཀྱི་ཐོབ་ཐང་སྐོར་ནས་ཞི་བའི་ལས་འགུལ་སྤེལ་རྩིས་ཡོད་སྐོར་བརྗོད་བྱུང་།

དེ་རིང་ཕྱི་ལོ་ ༡༩༥༩ ལོར་བོད་མིའི་ཞི་བའི་སྒེར་ལངས་ཆེན་མོའི་ཁྲོད་བོད་བསྟན་པ་ཆབ་སྲིད་ཆེད་གཅེས་པའི་ཚེ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་གྱི་ཉིན་མོ་འདིར།  འཛམ་གླིང་གི་ཡུལ་ལུང་གང་སར་ཡོད་པའི་བོད་མི་ཚོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་ལ་རྗེས་དྲན་མྱ་ངན་དང་འབྲེལ། ས་གནས་སོ་སོའི་རྒྱ་ནག་གཞུང་ཚབ་ཁག་གི་མདུན་དུ་ཞི་བའི་སྐད་འབོད་ཀྱི་ལས་འགུལ་སྣ་མང་སྤེལ་བཞིན་ཡོད་པ་ལྟར། སྤྱི་ཚོགས་འཕྲིན་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་སྔ་དྲོར་བོད་ཀྱི་ཆབ་སྲིད་བཙོན་ཟུར་མང་པོ་ཡོད་པའི་རྒྱལ་ཁབ་ཨོ་སི་ཊོ་ལི་ཡའི་མེལ་བྷོན་(Melbourne)དང་སིག་ནེ་(Sydney)གྲོང་ཁྱེར་གྱི་རྒྱ་ནག་གཞུང་ཚབ་མདུན་དུ། ས་གནས་བོད་མི་མང་པོ་འདུ་འཛོམས་ཀྱིས་ཞི་རྒོལ་ལས་འགུལ་སྤེལ་ཡོད་པ་མ་ཟད། མེལ་བྷོན་གྱི་རྒྱ་ནག་གཞུང་ཚབ་ཁང་རེ་ཞིག་སྒོ་རྒྱག་དགོས་བྱུང་ཡོད་འདུག གཞན་ཡང། ཉེ་བའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་གནོན་ཤུགས་འོག བལ་ཡུལ་གཞུང་ནས་ཁུལ་དེའི་བོད་མི་ཚོས་གསུམ་བཅུའི་དུས་དྲན་སྲུང་གཙི་ཞུ་བར་དམ་དྲག་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་ཡོད་པ་ལྟར། དེ་རིང་ཡང་མཆོད་རྟེན་ཉེ་འཁོར་གྱི་གཙོས་བོད་མི་འདུས་སྡོད་ཁུལ་དུ་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༣ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༥ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese