མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རི་ཕྱོགས་ནས་བོད་དོན་ཐོག་རྒྱབ་སྐྱོར་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༦/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

ལྕམ་ནན་སེ་པེ་ལོ་སི་(Nancy Pelosi)དང་ཇེམ་མེ་གྷོ་བོན་(Jim McGovern)ནས་བརྩམས།

བློ་བཟང་ཡེ་ཤེས་ཀྱིས་བསྒྱུར།

635931156824341760-pelosiའདས་ལོའི་ཟླ་བ་ ༡༡ པའི་ནང་ང་ཚོ་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཐེངས་དང་པོ་དེ་རྒྱ་ནག་གཞུང་གི་ལོ་ ༨ ལྷག་གི་རྗེས་མོས་མཐུན་འོག་བོད་ནང་ལྟ་སྐོར་དུ་བསྐྱོད་ཐུབ་པ་བྱུང་བ་རེད། དེ་རིང་ང་ཚོས་ཕྱི་ལོ་ ༡༩༥༩ ལོའི་བོད་ཀྱི་རང་དབང་སྒེར་ལངས་ཉིན་མོ་དྲན་གསོ་ཞུ་བཞིན་པའི་སྐབས་དེར་རྒྱ་ནག་ཁྱོན་ཡོངས་ལ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་འདི་ནི་དངོས་གནས་བློས་མ་བཟོད་པ་ཞིག་རེད། ཡིན་ཡང་ད་ཐེངས་བོད་ནང་སྐོར་སྐྱོད་བྱས་པ་བརྒྱུད་ང་ཚོས་རྒྱ་ནག་གཞུང་ཕྱོགས་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱི་བསྐུལ་མ་གཏང་ཐུབ་པའི་རེ་བ་ཆུང་མིན་ལ་མ་ལྟོས་པར་གང་ལྟར་རེ་བ་ཞིག་མཐོང་སོང་།

ལོ་ངོ་བཅུ་ཕྲག་རིང་རྒྱ་ནག་ངོས་ནས་ཕྱིའི་རྒྱལ་ཁབ་ཀྱི་སྐུ་ཚབ་དང་གསར་འགོད་པ་དག་བོད་དུ་ཡོང་རྒྱུར་དོ་དམ་ནན་པོ་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ལོའི་བོད་ཀྱི་ཞི་རྒོལ་བ་ཚོར་རྒྱ་གཞུང་ནས་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་རྗེས་བོད་ནང་སྐོར་སྐྱོད་བྱེད་རྒྱུ་དེ་བས་དཀའ་ལས་ཁག་ཏུ་ཕྱིན་པ་དང་། ང་ཚོ་སྐུ་ཚབ་ཚོའི་ལྟ་སྐོར་གྱི་སྔ་རྗེས་སུ་ཡང་བོད་ནང་དྲག་གནོན་ཤུགས་ཆེན་པོ་བྱེད་བཞིན་ཡོད་པ་རེད། ང་ཚོ་སྐུ་ཚབ་ཚོགས་པ་བོད་དུ་སླེབས་མ་ཐག་གནས་ཚུལ་མངོན་གསལ་ཞིག་ལ་རྒྱ་ནག་དཔོན་རིགས་ཚོས་བཅོས་བཟོ་བྱས་པའི་བོད་མི་དག་ང་ཚོར་བསྟན་གང་ཐུབ་བྱས་སོང་།

བོད་ཀྱི་རྒྱལ་ས་ལྷ་ས་ལ་རྒྱ་ནག་དཔོན་རིགས་ཚོས་ང་ཚོ་གང་དུ་འགྲོ་མིན་དང་ཅི་ཞིག་ལ་བལྟ་རྒྱུ། མི་སུ་ལ་སྐད་ཆ་བཤད་མིན་སོགས་ཀྱི་ཐད་སྟངས་འཛིན་བྱ་ཐབས་འདྲ་མིན་བྱས་ཀྱང་། རྒྱ་ནག་གཞུང་གི་ཚོད་འཛིན་དེ་དག་ལ་མ་ལྟོས་པར་ང་ཚོ་སྐུ་ཚབ་ཚོགས་པས་བོད་ཀྱི་སྲང་ལམ་ཁག་ལ་མྱུལ་ཐུབ་པ་བྱུང་བ་དང་། ལོ་རྒྱུས་རང་བཞིན་ཅན་གྱི་ཕོ་བྲང་པོ་ཏཱ་ལ་དང་དགོན་པ་དང་ཆོས་ཁང་སོགས་ལ་དངོས་སུ་ཨ་རིའི་སྐུ་ཚབ་ཀྱི་མིང་ཐོག་ནས་བཅར་ཐུབ་པ་བྱུང་། ང་ཚོས་ལམ་སྟོན་པ་ཚོའི་གནོན་ཤུགས་ལ་མ་ལྟོས་པར་སྒོ་ཡོལ་རྒྱབ་ཀྱི་བོད་དངོས་དེ་མཐོང་ཐུབ་པ་བྱུང་།

རྒྱ་ནག་གི་བོད་ཐོག་འཛིན་པའི་དམ་བསྒྲགས་ཀྱི་སྲིད་བྱུས་དེ་ནི་འདས་པའི་བྱུང་རབས་ལ་གོ་ལོག་དང་གཡོ་ཟོལ་གྱི་ལྟ་ཚུལ་རྐྱེན་པས་བྱུང་བ་ཞིག་ཡིན་པ་དང་། ང་ཚོས་རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་ཚོ་དང་གཏམ་གླེང་བྱེད་སྐབས་ཀྱང་རྒྱ་གཞུང་གིས་༧གོང་ས་ཏཱ་ལའི་བླ་མར་བསྙོན་འཛུགས་བྱས་པ་ཙམ་མ་ཟད། བོད་ཀྱི་ཐུན་མིན་རིག་གཞུང་དང་སྐད་ཡིག་ཆོས་ལུགས་བཅས་ལ་གུས་བརྩི་མེད་པའི་རྣམ་འགྱུར་དེར་བློ་ཕམ་ཆེན་པོ་བྱུང་།

བོད་དང་རྒྱ་ནག་བར་གྱི་འབྲེལ་བའི་ཐད་བཟང་ཕྱོགས་ཀྱི་ནུས་པ་ཐོན་དགོས་ན་རྒྱ་ནག་གཞུང་ཕྱོགས་ནས་བོད་ཐོག་དུས་ལས་འདས་པའི་ལྟ་སྟངས་ངན་པ་དག་བསྐྱུར་ཏེ། ཕན་ཚུན་གྲོས་མོལ་ཡོང་ཐབས་ཀྱི་ལམ་ཁ་གསར་པ་ཞིག་བཙལ་རྒྱུ་ནི་གལ་འགངས་ཆེན་པོ་ཆགས་ཡོད་པ་རེད། མ་འོངས་པའི་བོད་དུ་དེང་དུས་ཀྱི་ཡར་རྒྱས་དང་སྲོལ་རྒྱུན་རིག་གནས་སྐད་ཡིག་ཆོས་དང་བོད་མིའི་འཚོ་ཐབས་བཅས་རྒྱུན་འཛིན་གོང་འཕེལ་ཡོང་ཐབས་སུ་རྒྱ་ནག་གཞུང་ཕྱོགས་ནས་ཏཱ་ལའི་བླ་མ་དང་མཉམ་འབྲེལ་སྒོས་མཐུན་ཐབས་བྱ་རྒྱུ་ནི་ཧ་ཅང་གིས་གལ་གནད་ཆེ་བ་དང་། ང་ཚོས་རྒྱ་ནག་གི་མགོ་ཁྲིད་ཚོ་དང་ཏཱ་ལའི་བླ་མའི་བར་གུས་བརྩི་དང་ཡིད་ཆེས་ལྡན་པའི་ཚད་མཐོའི་གྲོས་མོལ་ཞིག་བརྒྱུད་དེ་བོད་ཀྱི་རང་སྐྱོང་དང་རང་སྐྱོང་ཀྱི་ཁོངས་སུ་མ་གཏོགས་པའི་ས་གནས་དག་གི་དཀའ་རྙོག་སེལ་ཐུབ་པའི་གོ་སྐབས་ཤིག་ཡོང་བར་ཡིད་ཆེས་བྱེད་ཀྱི་ཡོད།

ང་ཚོའི་སྐོར་སྐྱོད་སྐབས་རྒྱ་ནག་གི་དཔོན་རིགས་མང་པོས་ཨ་རི་ཕྱོགས་ནས་བོད་དང་རྒྱ་ནག་ནང་ལ་ལྟ་སྐོར་ཡོང་རྒྱུའི་སྐུལ་མ་བཏང་བྱུང་བས། སྐད་ཆ་དེ་དག་དོན་ཐོག་ལ་འཁྱོལ་བ་བྱས་ཏེ། ཨ་རིའི་གཞུང་འབྲེལ་སྐུ་ཚབ་ཁག་དང་གྲོས་ཚོགས་ཀྱི་འཐུས་མི་གསར་འགོད་པ་དང་། དེ་མིན་བོད་དོན་ཐོག་སེམས་འཁུར་ཡོད་མཁན་དག་ལ་དམ་བསྒྲགས་མེད་པར་བོད་ཁུལ་དུ་གཏང་དགོས། ཨ་མེ་རི་ཁའི་མི་སེར་བོད་ནང་ལྟ་སྐོར་བ་རྣམས་ཀྱི་ཆེད་དུ་ལྷ་སར་ཨ་རིའི་དོན་གཅོད་ཅིག་གསར་འཛུགས་ཀྱི་ཆོག་མཆན་སྤྲད་དགོས་པ་དང་། རྒྱ་ནག་ཕྱོགས་ནས་གུ་ཡངས་དང་ཕྱི་འབྲེལ་གྱི་ལས་དོན་དག་ལ་ཞེད་སྣང་མི་བྱེད་པར་འབྲེལ་ལམ་ཡར་རྒྱས་ཡོང་ཐབས་སུ་འབད་བརྩོན་བྱ་རྒྱུ་གལ་ཆེ་ཡིན་པ་དང་། ཨ་རི་རྒྱལ་ཁབ་ཀྱི་དོན་གནད་འདིའི་སྒང་ཚད་མཐོའི་ཤུགས་གནོན་རྒྱག་དགོས།

ཡིད་སྐྱོ་བ་ཞིག་ལ་རྒྱ་ནག་གཞུང་གིས་རྒྱ་ནག་ཁྱོན་ཡོངས་ཀྱི་ཞི་རྒོལ་བ་ཚོར་དྲག་གནོན་བྱས་ཏེ་རང་དགར་བཀག་ཉར་དང་བཙོན་འཇུག་བྱས་པ་དང་། བཙན་དབང་གིས་ཁྲིམས་རྩོད་པ་བརྒྱ་ཕྲག་འགའ་དང་ཁྲིམས་ལས་དོན་གཉེར་བ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ། དེ་མིན་སྤྱི་དམངས་ཀྱི་ཐོབ་ཐང་རྩོད་ལེན་པ་བཅས་གར་སོང་ཆ་མེད་དུ་འགྲོ་བཞིན་པའི་གནས་སྟངས་ཐབས་རྡུགས་ཆགས་ཡོད། གཏམ་བརྗོད་རང་དབང་ཐོག་དམ་བསྒྲགས་རྒྱ་ཆེར་སྤེལ་བ་དང་དམིགས་བསལ་དྲ་ཐོག་དང་གསར་ལམ་ཁག སློབ་ཆེན་དག་གི་ནང་དོ་དམ་བཙན་པོ་བྱེད་མུས་རེད།

ཧོང་ཀོང་གི་དེབ་འཚོང་མཁན་དང་དེབ་དཔར་བསྐྲུན་བ་འགའ་གར་སོང་ཆ་མེད་དུ་འགྱུར་བའི་གནས་སྟངས་དེས་རྒྱ་གཞུང་གིས་སྤྱི་ཚོགས་ནང་དམ་བསྒྲགས་ཇེ་ཆེར་གཏོང་བཞིན་པ་མཚོན་ཐུབ། རྒྱ་ནག་གཞུང་ཕྱོགས་ནས་རྒྱལ་སྤྱིའི་ལྡིང་ཆ་འདྲ་མིན་དང་འདུ་འཛོམས་གང་སར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་སྐོར་ཀྱི་གླེང་སློང་དག་ལ་ཁ་གཏད་ཀྱི་ལས་གཞིར་ལམ་ལྷོང་འགྲོ་བཞིན་ཡོད། རྒྱ་ནག་ནང་ཐུག་པའི་དམངས་གཙོ་དོན་གཉེར་བ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དག་གིས་ང་ཚོར་རེ་བསྐུལ་གནང་རྒྱུར། ཨ་རི་ཕྱོགས་ནས་གནད་དོན་འདི་དག་གི་སྒང་ལ་འབབ་སྐབས་ཁ་རི་ཁ་ཐུག་དང་ཁ་གསལ་པོ་གནང་རོགས་ཞེས་བརྗོད་བྱུང་།

འགྲོ་བ་མིའི་ཐོབ་ཐང་གོང་མཐོར་གཏང་རྒྱུ་དེ་ནི་ང་ཚོའི་རྒྱལ་ཁབ་ཀྱི་གཞི་རྩའི་བཟང་སྤྱོད་དང་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཁེ་ཕན་ལ་འབྲེལ་བ་ཆེན་པོ་ལྡན་ཡོད། དེར་བརྟེན། གནད་དོན་འདི་ནི་ང་ཚོས་རྒྱ་ནག་གཞུང་དང་འབྲེལ་ལམ་རིམ་པ་གང་འདྲ་ཞིག་བྱེད་ཀྱང་དོན་གཙོ་བོར་འཛིན་རྒྱུ་གལ་ཆེན་ཡིན་པ་དང་། ང་ཚོའི་རྒྱལ་ཁབ་འདི་ལ་བོད་ནང་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་རྒྱུའི་འགན་འཁྲི་ཆེན་པོ་ཞིག་ཡོད་པ་རེད། གལ་སྲིད་རང་དབང་ལ་དགའ་བའི་མི་ཚོས་ཚོང་དོན་ཁེ་བཟང་ཆེད་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་སྐོར་གླེང་སློང་མ་བྱས་པ་ཡིན་ན། ང་ཚོས་བཟང་སྤྱོད་ཀྱི་ཐོག་ནས་གནད་དོན་འདི་དག་སྐོར་རྗེས་ཕྱོགས་འཛམ་གླིང་ས་ཕྱོགས་གཞན་གང་ལ་ཡང་བཤད་པའི་འོས་བབ་མེད་པར་འགྱུར་ཉེན་ཡོད།

 

མ་རྩམ་འབྲེལ་ཐག http://www.usatoday.com/story/opinion/2016/03/10/tibet-dalai-lama-china-human-rights-violations-speech-restrictions-column/81501618/

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༨ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༨ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༢ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese