མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རྒྱ་གཉིས་ཀྱི་འགལ་འདུ་གླེང་སློང་།

བོད་ཀྱི་དུས་བབ།
༢༠༡༦/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་ཨ་རིའི་སྲིད་འཛིན་རྒྱལ་ཁ་དེ་སུ་ལ་འཐོབ་རུང་། ཨ་རྒྱ་གཉིས་ཀྱི་ཉོ་འཚོང་གི་འབྲེལ་ལམ་མུ་མཐུད་ཡར་རྒྱས་འགྲོ་གི་རེད་ཟེར།

s2.reutersmediaརོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཁ་སང་རྒྱ་ནག་གི་སྲིད་བློན་ལེ་ཁི་ཆང་གིས་རྒྱ་ནག་འཐུས་མི་ཚོགས་ཆེན་གྱི་མཇུག་སྡོམ་གཏམ་བཤད་ཐོག ད་ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༨ ཉིན་གྱི་ཨ་རིའི་སྐབས་ ༥༨ པའི་སྲིད་འཛིན་རྒྱལ་ཁ་དེ་སུ་ལ་འཐོབ་པ་ཡིན་ནའང་། ཨ་རྒྱ་གཉིས་ཀྱི་ཉོ་འཚོང་གི་འབྲེལ་ལམ་མུ་མཐུད་ཡར་རྒྱས་འགྲོ་རྒྱུ་ཡིན་ལུགས་བཤད་འདུག

འཐུས་མི་ཚོགས་ཆེན་གྱི་མཇུག་སྡོམ་ཐོག་རྒྱ་ནག་གིས་སྲིད་བློན་ལེ་ཁི་ཆང་གིས། འཛམ་གླིང་མི་མང་གིས་འགྲོ་བཞིན་པའི་ཨ་རིའི་སྲིད་འཛིན་འོས་བསྡུ་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ངས་ནི་ཨ་རིའི་སྲིད་འཛིན་རྒྱལ་ཁ་དེ་སུ་ལ་འཐོབ་རུང་། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་འགྱུར་བ་ཐེབས་མི་སྲིད་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ། འདས་པའི་མི་ལོ་བཅུ་ཕྲག་འགའ་ཞིག་རིང་ཕྱོགས་གཉིས་ཀྱི་འབྲེལ་ལམ་མུ་མཐུད་ཡར་རྒྱས་འགྲོ་བཞིན་ཡོད། ཨ་རི་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་གིས་ཨེ་ཤེ་ཡ་ཞི་བདེ་མཚོ་ཁུལ་གྱི་བདག་དབང་རང་དགར་མི་བསྐྱུར་ཚུལ་བརྗོད་ཅིང་། རྒྱ་ནག་གིས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་འབྲེལ་ཐོག་ཕན་ཚུན་བར་གྱི་རྩོད་གླེང་ཞི་འདུམ་ཡོང་གི་རེད། ངའི་རེ་བར་ཨ་རྒྱ་གཉིས་ཀྱིས་ཕན་ཚུན་ཐུན་མོང་གི་ཁེ་ཕན་དང་གཞི་རྩའི་ཐོབ་ཐང་འདྲ་མཉམ་བཅས་ཀྱི་གྲོས་ཆིངས་ཁག་ལག་ལེན་བསྟར་རྒྱུ་དང་། རྒྱ་ནག་གིས་ཨ་རིའི་མ་རྐང་འཇོག་མཁན་ཚོར་ཕྱོགས་གཉིས་ཐུན་མོང་གི་དཔལ་འབྱོར་ཁྲོམ་ར་མཁོ་འདོན་བྱེད་རྒྱུ་ཡིན་ལུགས་སོགས་བཤད་འདུག

གནས་ཚུལ་ལྟར་ན། ཨ་རིའི་སྤྱི་མཐུན་ཚོགས་པའི་འོས་མིར་འགྲན་ཞུགས་མཁན་སྐུ་ཞབས་ཌོ་ནལ་ཌི་ཊི་རུམ་ཕུ་ལགས་ཀྱིས་ཉེ་ལམ་རྒྱ་ནག་གི་དྲ་ཐོག་གསང་ཉུལ་བ་ཚོས་ཨ་རིའི་གཞུང་འབྲེལ་དྲ་ཚིགས་དང་གློག་ཀླད་མ་ལག་འཕྲུལ་ཆས་ནང་ལྐོག་འཛུལ་བྱས་ཏེ། ཨ་རིའི་ཚོང་དོན་གསང་རྐུ་འཁྱེར་བྱས་པའི་ཐད་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་དང་། ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་མཁན་ལྕམ་ཧེ་ལ་རེ་ཁི་ལེན་ཊོན་ལགས་ཀྱིས་རྒྱ་ནག་གི་དཔལ་འབྱོར་འདུ་འགོད་ཀྱི་འགྲོས་ཤིན་ཏུ་དལ་བ་དེས་རྒྱལ་ཕྱིའི་ཚོང་ལས་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་སྐོར་བརྗོད་ཡོད་ནའང་། རྒྱ་ནག་གཞུང་གིས་ཨ་རིའི་སྲིད་འཛིན་འོས་བསྡུ་དེ་བཞིན་ཨ་རིའི་མི་མང་གི་དོན་དག་ཅིག་ཏུ་འགྲེལ་ཏེ། ཨ་རིའི་སྲིད་འཛིན་འོས་འདེམས་ཐད་ཀྱི་གླེང་གཞིར་འཛེམ་དོགས་བྱེད་ཀྱི་ཡོད་པ་རེད།

སྤྱིར་ཨ་རྒྱ་གཉིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་དམངས་སྒོར་གྱི་མཛའ་ཐང་འཕར་ཆག་གི་སྲིད་ཇུས། དེ་བཞིན་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་གྱི་བདག་དབང་རྩོད་གླེང་སོགས་ཕྱོགས་ཡོངས་ནས་འགལ་འདུའི་རྣོ་ངར་ཇེ་ཆེར་ཕྱིན་ཡོད་ནའང་། དཔལ་འབྱོར་ཉོ་འཚོང་གི་ཐད་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་དམ་ཟབ་ཡོད་པ་དང་། རྒྱ་ནག་གིས་ཨ་རིའི་གཞུང་འབྲེལ་དྲ་ཚིགས་མ་ལག་ནང་ལྐོག་འཛུལ་བྱས་ཏེ་ཚོང་དོན་གསང་བ་མང་པོ་རྐུ་འཁྱེར་དང་། རྒྱ་ནང་གི་ཕྱིའི་འཕྲུལ་རིག་ཚན་རྩལ་འཕེལ་རྒྱས་ཁེ་ལས་ཐད་འཛིན་པའི་སྒྲིག་ཁྲིམས་གསར་བ་སོགས་ཀྱི་གནད་དོན་ལ་བརྟེན་ནས། ཕྱོགས་གཉིས་ཀྱི་ཚོང་དོན་འབྲེལ་ལམ་ལ་གཡོ་སྐྱོམ་ཐེབས་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་གི་མ་རྐང་འཛུགས་སྐྲུན་ཐད་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་ནའང་། ཨ་རིའི་མ་རྐང་འཛུགས་མཁན་ཚོས་ཨ་རྒྱ་གཉིས་བར་གྱི་ཚོང་དོན་གྲོས་ཆིངས་ཁག་གཞིར་བཟུང་སྟེ་རྒྱ་ནག་གཞུང་འབྲེལ་བཟོ་ལས་ཐོན་གཉེར་ཁང་ཁག་ལ་མ་རྐང་འཛུགས་པ་དང་ཚན་རྩལ་གློག་འཕྲིན་བཅས་ཀྱི་ཁེ་ལས་གཉེར་བའི་རེ་བ་རྒྱག་གི་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༡༥ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese