འདིར་བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུ་ཆེན་མོའི་གྲུབ་འབྲས་ས་གནས་ཁག་ནས་འཐོན་རིམ་བཞིན་འགོད་རྒྱུ་ཡིན།
[table id=4 /]
འདིར་བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུ་ཆེན་མོའི་གྲུབ་འབྲས་ས་གནས་ཁག་ནས་འཐོན་རིམ་བཞིན་འགོད་རྒྱུ་ཡིན།
[table id=4 /]
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
འཚམ་འདྲིའི་བཀྲིས་བདེ་ལེགས་ཞུ།།།
ད་རེས་ལའང་སྐུ་མདུན་གྱི་དགོངས་པ་གྲུབ་སོང་་་་
བདེན་པ་ཉིད་རྒྱལ་གྱུར་ཅིང་་་་
ཡང་བོད་པའི་རྩ་དོན་ལོ་ལྔ་ལ་བློ་བཟང་སངས་རྒྱས་ལག་ནས་ཤི་དགོས་བྱུང་སོང་་་་་་་་་་་་་་་་
སྐབས་བཅུ་དྲུག་པའི་སྲིད་སྐྱོང་འོས་མི་སུ་ལ་ཐོབ་ན་མང་གཙོ་འམ་བདེན་པ་ཉིད་རྒྱལ་པར་བོད་མི་དམངས་ཚང་མས་མཆོག་གཙོ་བྱས་བའི་༧གོང་ས་རྒྱལ་བ་ཡིད་བཞིན་ནོར་བའི་བཀའ་སློབ་དང་དགོངས་གཞི་རང་གི་གཙུག་ཏུ་བཀུར་ཡོད་ན་མཆོག་གསུམ་གཙོ་བྱས་ནས་སྲུང་མ་དམར་ནག་གཉིས་མནའ་རྟེན་བྱས་ནས་ མི་ང་རང་ནས་ཐེངས་འདིའི་སྲིད་སྐྱོང་འོས་ཤོག་ལྷག་བསམ་རྣམ་དག་དང་བོད་སྤྱིའི་དོན་གཙོ་བོར་གཟུང་ནས་ཆོལ་ག་དང་ཆོས་
ལུགས་ཕྱོགས་ཞེན་དྲི་མ་ཙམ་ཡང་མེད་པའི་སྒོ་ནས་རང་གིས་འོས་ཤོག་འཕངས་ཡོད་ཅེས་རང་སེམས་ནས་རང་གི་ལ་འདྲི་བ་ཅིག་དྲིས་ན་གསལ་བོ་ཤེས་ངེས་རེད།། དེ་མིན་དྲ་ལམ་སྐད་ཅོར་ཅི་ཙམ་བརྒྱབ་ཀྱང་དཀར་བོ་ནི་ནམ་ཡིན་ཡང་དཀར་བོ་རེད་ལ་ནག་པོ་ནི་དུས་གཏན་དུ་ནག་པོ་རེད།། དཀར་ནག་གི་དབྱེ་བ་དེ་མི་གཞན་གི་མི་ཤེས་རུང་ཡིད་དམ་ཆོས་སྲུང་ཚོགས་ནས་གསལ་བོ་མཁྱེན་ནོ་།། བདེན་པ་ཉིད་ལ་གདོང་གྲོགས་མཛོད་ཅིག།།
སྲིད་སྐྱོང་བློ་བཟང་སེང་གེ་ལགས་དང་བློ་བཟང་སངས་རྒྱས་ལགས་གཉིས་སུ་ཡིན་མིན་གསལ་པོ་བཟོ་གལ་ཆེ།
འོས་བསྡུའི་ས་གནས་ག་ཚོད་་དང་འོས་མི་གྲངས་ག་ཚོད་ཡོད་མིན་གསུང་རོགས།
ད་དུང་ག་ཚོད་ལྷག་ཡོད་མིན་དང་ག་དུས་མཐའ་སྡོམས་བྱེད་ཀྱིན་
རེད་དམ?
ད་རེ་སྲིད་སྐྱོང་གི་འོས་བསྡུ་འདི་དྲང་མོ་ཞིག་གཏན་ནས་བྱུང་མི་འདུག བལ་ཡུལ་ལ་ཅིག་ལྟོས་དང་། ཧང་གྷ་རི་ནས་འོས་གྲངས་ ༨ བརྒྱད་ཡོད་པ་དེ་རྫུན་མ་རྫུན་རྐྱང་རེད། ཧ་གྷ་རི་ན་རི་ན་བོད་པ་སྐྱབས་བཅོལ་བ་མི་༦ཙམ་ཡོད་ཀྱང་ལག་ལྗང་ཁུ་ཡོད་མཁན་གཅིག་ལས་མེད་པ་ང་ཚོས་གསལ་པོ་ཤེས་རྟོགས་བྱུང་། ད་མང་ཚོགས་མགོ་སྐོར་མ་གཏོང་རོགས། སྐུ་མཁྱེན།
ཇི་ཙམ་གྱི་ཞུགས་སྒར་ནས་ཐག་རིང་ཡང་། དེ་ཙམ་གྱི་འབྲེལ་ལམ་བཟང་པ། དཔེར་། གློ་ཚེ་རོག་ནི་ཞུགས་སྒར་རྡ་གནས་ཐག་རིང་ཤོག་གི་བོད་མི་གནས་སྡོད་གཞི་ཆགས་ཞིག་རེད། འོན་ཀྱང་གློ་ཚེ་རོག་གི་འོས་བསྡུས་གྲུབ་འབྲས་ཡོང་ཁྱབ་གསལ་ཚར་འདུག
ཇི་ཙམ་གྱི་འཁྲུལ་ཆས་ཀྱི་ཐུན་བསྐྱེན་བཟང་ཡང་། དེ་ཙམ་གྱི་འབྲེལ་ལམ་སྐྱོ་བ་འདུག དཔེར་ན། ཨ་རི། འཕྲུལ་ཆས་ཐོག་འཛམ་གླིང་ཐོག་བཙད་ཕུད་ཡིན་ཡང་། འོས་བསྡུས་གྲུབ་འབྲས་ད་དུང་སླེབ་རྒྱུ་རེད་འདུག དེར་མ་ཟད། འོས་བསྡུས་ས་གནས་དེར་ཁ་མ་ཕྱེས་ནས། དམིགས་བསལ་DC ལ་བསྐུར་དགོས་པ་རྒྱུ་མཚན་ལྡན་པ་ཞིག་མ་རེད་ལ། དོགས་ཆའི་བྱ་བ་ཞིག་ཆགས་འདུག
ཞུས་སྒར་རྡ་ས་མི་དམངས་ཀྱི་འོས་བསྡུས་གྲུབ་འབྲས་ཐོན་རྒྱུ་མེད་པ་འདི་ཡག་རྟགས་ཞིག་མ་རེད། དེ་བཞིན། ཨ་རི་འོས་སྒམ་ DC ལ་ཐད་དཀར་བསྐུར་དགོས་པ་འདི་ཡང་ཡག་རྟགས་ཞིག་མ་རེད།་
ད་རེས་ཀྱི་འོས་བསྡུའི་གྲུབ་འབྲས་དེས་དབུས་གཙང་མི་དམངས་ཕྱེད་ཀ་ཙམ་ད་དུང་ཡང་ཆབ་སྲིད་ཀྱི་རྨོངས་ཉིད་ལས་སད་མེད་པ་དང་། མི་དམངས་ཕྱེད་ཀ་ཙམ་དྲང་ཕྱོགས་སུ་ལངས་བསྡད་ཡོད་པ་ཤེས་ཐུབ། དེའང་ཚོགས་གཙོའི་རྒྱབ་སྐྱོར་བ་ཚོས་དྲང་པོ་གཞི་ལ་བཞག་པ་ལས་ཕན་ཚུན་བར་ལ་འཇིགས་སྐུལ་བྱས་མེད། ཕྱོགས་ཞེན་གྱིས་བརྡུང་རྡེག་བཏང་མེད། གཞི་མེད་པའི་སྐྱོན་འཛུགས་བྱས་མེད། ལྷག་པར་དུ་སྲིད་སྐྱོང་འོས་མི་རང་ཉིད་ནས་ཧམ་བཤད་དང་། མགོ་བསྐོར་གཏོང་བའི་བཀའ་མོལ་གསུང་མེད་པ་མ་ཟད་དེ་ལས་ལྡོག་སྟེ་དྲང་པོ་དང་དངོས་ཡོད་གཞི་ལ་བཞག་ནས་སྤྱི་ཚོགས་ཀྱི་གནད་དོན་དབྱེ་ཞིབ་བྱེད་དགོས་པའི་ཐད་མི་དམངས་ལ་ལམ་སྟོན་ཡག་པོ་གནང་ཡོད་པ་སོགས་ཚོགས་གཙོའི་རྒྱབ་སྐྱོར་བ་དབུས་གཙང་ཕྱེད་ཀ་ཙམ་ཡོད་པ་དེ་དག་དྲང་ཕྱོགས་སུ་ལངས་བསྡད་ཡོད་པ་ཤེས་ཀྱི་ཡོད།
དུས་བབ་ཀྱི་གྲངས་ཐོ་ཟུར་སྦྱར་ཡི་གེ་མེད་མཁན་དག་ལ་ཡིད་གཏོན་རུང་བ་མི་འདུག ང་ཧུན་སུར་དུ་གནས་སྡོད་བྱེད་མཁན་ཡིན་སྟབས་གསལ་པོ་ཤེས་པ་ལ་བློ་བཟང་སེང་གེ་ལ་འོས་གྲངས་502་དང་སྤེན་པ་ཚེ་རིང་ལ་འོས་གྲངས་602་ཡིན། 498་དང་597་ཟེར་བ་ནི་གྲུབ་འབྲས་གསལ་བསྒྲགས་མ་བྱས་སྔོན་དུ་འདི་ཕྱོགས་སུ་མང་ཚོགས་ཀྱི་ཁ་ན་སྒྲོག་བཞིན་པའི་གྲངས་དེ་རེད།
དེ་བཞིན་ཀོ་ཧི་མ་ཡི་སྲིད་སྐྱོང་གི་འོས་ཐོབ་དེ་གྲངས་ནོར་བྱུང་བ་ད་ཆ་བཟོ་བཅོས་བྱས་ཡོད་པ་འདི་རེད།
དེས་ན་ཟུར་སྦྱར་ཤོག་བུ་མེད་པའི་གྲངས་ཐོ་འདི་ཚོ་ལ་ད་དུང་ཡིད་རྟོན་རུང་བ་ཞིག་མ་མཐོང་ངོ་།
སྲིད་སྐྱོང་གི་འོས་མི་གཉིས་དརེ་འོས་བསྡུའི་རིང་ཕྱོགས་གཉིས་ཀྱི་རྒྱབ་སྐྱོར་ཚོགས་པས་ཅི་ངན་གང་སྡུག་བཤད་རེས་བྱས་བྱས་ནས་ད་ཆ་གཉིས་ཀ་འཛམ་གླིང་ནང་གི་ཆེས་སྡུག་ཤོས་དང་ཆེས་ཐ་ཤལ་གྱི་མི་གཉིས་སུ་བསྒྱུར་སོང་བས། མ་འོངས་པའི་བོད་པའི་དབུ་འཁྲིད་དམ་སྲིད་སྐྱོང་དེ་ནི་འཛམ་གླིང་འདིའི་སྒང་གི་མིའི་ཐ་མ་དེ་ཡིན་པ་འདྲ།
མི་མཐའ་མ་དེ་ཁོང་གཉིས་མ་རེད། སྲིད་སྐྱོང་ནི་ང་ཚོའི་བོད་མི་ནང་གི་ཆབ་སྲིད་ཀྱི་དཔོན་པོ་ཨང་དང་པོ། རྩེ་ཕུད་དེ་ཡིན། ཁོ་རེ་འབྲོག་རྒན་དཀྱོག་དཀྱོག མི་མཐའ་མ་ཐ་ཤལ་དེ་ཁྱེད་རང་འདྲ་པོ་དེ་ཚོ་རེད། གཞི་མེད་སྐྱོན་འཛུགས་རྐྱང་བྱེད་མཁན་དེ་ཚོ།
དྲང་བདེན་ལགས།
ངས་ཁོང་གཉིས་མི་ཡི་ཐ་མ་རེད་འདུག་ཟེར་གྱི་མེད།
མི་ཅོལ་ཆུང་འགས་ཁོང་གཉིས་ལ་གཞི་མེད་ཉེས་འཛུགས་བྱས་ཏེ་ད་ཆ་མི་ཡི་ཐ་ཤལ་ལྟ་བུ་ཞིག་ཏུ་བསྒྱུར་སོང་ཞེས་ཞུས་ཡིན།
དོན་མ་རྟོགས་གོང་ནས་སོ་རྒྱག་རྐྱང་མ་བྱེད་རོགས།
ད་ལོའི་སྲིད་སྐྱོང་འོས་བསྡུ་ཐད་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཙན་བྱོལ་གྱི་སྐབས་འཚོལ་རིང་ལུགས་པ་ཚོར་གཟབ་གཟབ་གནང་དགོས་པའི་ལམ་སྟོན་ཉེན་བརྡ་བཏང་འདུག ད་ལོར་གཞི་མེད་སྐྱོན་འཛུགས་དང་སྒང་ལ་སྡོད་མཁན་ཁག་ཅིག་གིས་བོད་ཀྱི་རྩ་དོན་བློས་བཏང་ནས་མངོན་བསལ་དོད་པོ་དང་བསམ་གཟས་ནས་ཆོལ་ཁ་ཕྱོགས་རེས་ཀྱི་མེ་ལྕེ་སྤར་སོང་། འོན་ཀྱང་བླུན་རྨོངས་བ་ཉུས་ཤས་ཤིག་དེ་དག་གི་རྗེས་སུ་འབྲངས་བ་ལས་བཙན་བྱོལ་བོད་མི་རྒྱ་ཆེ་མི་མང་གིས་ལམ་མ་ནོར་བ་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་ཡོད་པའི་མངོན་རྟགས་གསལ་པོ་རེད།
སྲོང་བཙབ་དྲ་ཚིགས་ལས། བློ་བཟང་སེང་གེ། 22105
སྤེན་པ་ཚེ་རིང་། 16376
ས་གནས་ཁག 53
བློ་བཟང་སེང་གེ། ས་གནས། 36
སྤེན་པ་ཚེ་རིང་། ས་གནས། 17
གྲངས་ཐོ་མི་འདྲ་བའི་རྒྱུ་མཚ་ཅི་ཡིན་ནམ།
འོས་བསྡུ་ཞི་འཇམ་ལྷིང་འཇགས་དྲང་བདེན་བྱུང་བ་ནི། མང་གཙོའི་ལམ་ལུགས་ཀྱི་ཆ་རྐྱེན་གལ་ཆེན་ཚང་བ་ཡིན་པས་ཚང་མར་ཡི་རང་བསྔགས་བརྗོད་ཞུ།
ད་ལྟའི་འོས་གྲངས་ལ་བསམས་ན་བློ་སེང་ལགས་སུ་རྒྱལ་ཁ་ཐོབ་ངེས་རེད་འདུག་པས་ཁོང་ལ་བཀྲིས་བདེ་ལེགས་ཞུ། ཁོང་ལ་མང་མོས་བྱུང་བ་ནི་ཁོང་གི་བྱས་རྗེས་བཟང་པོ་ལ་བརྟེན་ནས་བྱུང་བ་གསལ་པོ་ཡིན། ལས་བཟང་ལ་འབྲས་བཟང་བྱུང་བ་དེ་ནི་ལས་རྒྱུ་འབྲས་ཀྱི་དོན་ངོ་མ་དེ་ཡིན།
གོང་གསལ་རྩིས་གཞི་ཁག་ལས་གསལ་པོར་མཐོང་ཐུབ་པ་ནི། མཐོ་སློབ་ཁག་གི་སློབ་ཕྲུག་ཚོས་འོས་མི་གཉིས་ཀར་འོས་ཆ་སྙོམས་བླུགས་འདུག དེར་བལྟས་ན་ཁོང་ཚོའི་འོས་དེ་བསམ་བློ་ཡག་པོ་བཏང་ནས་བླུགས་འདུག་པས་བོད་ཀྱི་མི་རབས་ན་གཞོན་རྣམས་ལ་རེ་བ་ཆེན་པོ་འདུག དེ་མིན་གཞིས་ཆགས་ཁག་གི་འོས་བླུགས་སྟངས་དེ་ཆོལ་ཁའི་འཐེན་ཁྱེར་མ་གཏོགས་བསམ་བློ་བཏང་ནས་བླུགས་པ་ཞིག་རྩ་ནས་རེད་མི་འདུག དཔེར་ན་ཁམས་པའི་སྒར་བཀྲ་ཤིས་ལྗོངས་ཀྱིས་སྲིད་སྐྱོང་བློ་སེང་ལ་འོས་བརྒྱ་ཆ་95.5དང་ཚོགས་གཙོ་སྤེན་ཚེ་ལ་འོས་བརྒྱ་ཆ་4.5 མ་གཏོགས་བླུགས་མེད། སྦིར་སྡེ་དགེ་གཞིས་ཆགས་ཀྱིས་སྲིད་སྐྱོང་བློ་སེང་ལ་འོས་བརྒྱ་ཆ་85.3 དང་ཚོགས་གཙོ་སྤེན་པ་ཚེ་རིང་ལ་འོས་བརྒྱ་ཆ་14.7 བླུགས་འདུག སེར་འབྲས་དགའ་གསུམ་གྱིས་གཙོས་པའི་གཞིས་ཆགས་ཁག་ནང་སྲིད་སྐྱོང་བློ་སེང་ལ་འོས་བརྒྱ་ཆ་61.5 ནས་63.6 བར་བླུགས་པ་དང་། ཚོགས་གཙོ་སྤེན་ཚེ་ལ་འོས་བརྒྱ་ཆ་36 ནས་བརྒྱ་ཆ་38 བར་མ་གཏོགས་བླུགས་མེད། གཞིས་ཆགས་འདི་ཚོའི་ནང་དུ་གྲྭ་བ་འོས་འཕེན་པ་བརྒྱ་ཆ་60 ལྷག་ཟིན་གྱི་ཡོད་ལ་མང་ཆེ་བ་མདོ་སྟོད་ཆོལ་ཁ་ནས་ཡིན། དེ་མིན་ས་གནས་གཞན་དག་གི་འོས་དེ་ཕལ་ཆེར་འདྲ་བོ་ཡིན་ལ་གཞིས་ཆགས་དེ་དག་ནང་དུ་གྲྭ་བ་འོས་འཕེན་མཁན་ཧ་ཅང་ཉུང་ཉུང་ཡིན། དེར་བལྟས་ན་མི་མང་གིས་རང་ཉིད་ལ་སྲིད་སྐྱོང་ག་འདྲ་ཞིག་དགོས་ཀྱི་ཡོད་མེད་བསམ་བློ་བཏང་ནས་བླུགས་པ་ལས་ཁ་ཕོ་བ་རྒྱགས་ཚད་བཟོས་ནས་སྐྱིད་ཉལ་རྒྱག་མཁན་གྲྭ་བ་མགོ་མཁྲེགས་ཚོས་བྱེད་སྟངས་ཐབས་རྡུག་དེ་འདྲ་བྱེད་གི་མེད་པ་གསལ་པོ་རེད། དེ་ཡང་ཡིན་ཏེ་གྲྭ་བ་ལོག་སྤྱོད་པ་དེ་ཚོས་གྲོས་འཚོགས་ནང་དང་སྤྱི་ཚོགས་ནང་གང་སར་ཆོལ་ཁས་འཐེན་ཁྱེར་དང་གསོད་པ་རྡུང་པ་ག་ཚོད་བྱས་ཡོད་པ་ཚང་མས་མཁྱེན་གསལ་རེད།
ཁྱེད་ཀྱི་བསམ་ཚུལ་ལེགས
བྷེལ་ཇམ་གྱི་སྲིད་སྐྱོང་འོས་གྲངས་དེ་དུ་བབས་ནང་དུ་ནོར་འདུག་
། བློ་བཟང་སེང་གེ། 1269
སྤེན་པ་ཚེ་རིང་། 837
བློ་བཟང་སེང་གེ། 22105 སྤེན་པ་ཚེ་རིང་། 16376
ས་གནས་ཁག 48
བློ་བཟང་སེང་གེ། ས་གནས། 33 སྤེན་པ་ཚེ་རིང་། ས་གནས། 15
དབུས་འོས་བསྡུ་ལས་ཁང་ནས་སུད་སི་ལ་འོས་རྩིས་མེད་གཏོང་བ་རེད་ཟེར་བ་གོ་ཐོས་བྱུང་བདེན་པ་ཡིན་ནམ།
སྦིར་སྡེ་དགེ་གཞིས་ཆག་ལས་ཁ་གསལ་བ་ཞིག་སླེབས་མ་སོང་། རྩིས་མེད་ག་ཚོད་འགྲོ་ཡོད་མེད་དང་དེབ་སྐྱོད་ག་ཚོད་ཀྱི་བྱེད་ཡོད་མེད་སོགས་ཁ་གསལ་དགོས་སོ།
བོད་རྒྱལ་ལོ། མང་གཙོ་རྒྱལ་ལོ། སྲིད་སྐྱོང་རྒྱལ་ལོ། བདེན་པ་རྒྱལ་ལོ།
སྲིད་སྐྱོང་སློབ་བཟང་སངས་རྒྱས་ལགས་ལ་རྟེན་འབྲེལ་ཞུ། ཁོང་ཐོབ་རྒྱུ་ཡིན་པ་གཏན་ཁེལ།
བོད་རྒྱལ་ལོ། མང གཙོ་རྒྱལ་ལོ།།
བ་ཡུལ་ནང་ཆོལ་གསུམ་གཅིག་ཏུ་སྒྲིལ་ནས་བོད་རྒྱལ་ཡོངས་འོས་བསྡུ་ཆེན་མོར་སྔོན་འགྲོ་དང་དངོས་གཞི་གྲངས་གཤེར་འཐུས་ཚངས་གྲུབ་པ་དེ་རྒྱ་གོང་འཕྲེན་ཏང་ལ་ཁ་གཏད་ངོ་མ་ཐུབ་སོང་ཧ་ཧཧཧཧ
བདེན་དཔང་ཡོད་དེ་ནང་ལ་འགྲོ་གི་མི་འདུག
རྒྱ་གར་ཀོ་ཧི་མའི་འོས་གྲངས་ལ་ནོར་འཛོལ་བྱུང་བར་བརྗོད་པ་བདེན་ཚེ་དུས་བབ་གསར་ཁང་གིས་འཕྲལ་དུ་བཟོ་བཅོས་བྱེད་དགོས། བྱམས་པ་ཚེ་རིང་དང་འཇམ་དཔལ་ཚུལ་ཁྲིམས་ཁྱེད་གཉིས་ནས་འོས་གྲངས་ནོར་འཛོལ་བྱུང་བར་ཤེས་རྟོགས་ཡོད་ཚེ་བདེན་དཔང་སྟོན་ཤོག དེ་མིན་ཡིད་ཆེས་སླེབས་ཐབས་མི་འདུག ཁ་སྟོང་པས་གང་ཡང་ཡོང་གི་མ་རེད།
རྒྱ་གར་ཀོ་ཧི་མ་ལ་བློ་སེང་ལ་འོས་གྲངས་(༢༠) སྤེན་ཚེ་འོས་གྲངས་(༨) རེད་དེ་ དུས་བབ་ཚང་གི་དེ་འདྲ་འབྲི་མི་འདུག་ག་རེ་ཡིན་ཁ་གསལ་ཞིག་འགོད་རོགས་གནང་ ནོར་ཡོད་ན་ནོར་བཅོས་བྱེད་རོགས་གནང།
རྒྱ་གར་དི་མ་པུར་དང་ཀོ་ཧི་མ་གཉིས་ཀྱི་གྲུབ་འབྲས་ཤོག་བུ་བཀོད་རོགས་གནང་། དུས་བབ་ཚང་། འབྲི་སྟངས་མ་འདྲ་བ་གསུམ་ཙམ་འདུག ས་གནས་རང་ནས་བཏང་བ་དང་ཡང་འདྲ་གི་མི་འདུག
གྲ་ས་ཁག་དང་ཨ་རི་དོན་གཅོད་ནས་འོས་གྲངས་ནོགས་མི་འམ་བསམ་ནས་གཉིད་ཡག་པོ་ཡོང་གི་མི་འདུག
དུས་བབས་གསར་ཁང་གིས་དུས་ཐོག་ཆར་བ་ལྟར་བཀོད་སོང་ཐུགས་རྗེ་ཆེ།
སྲིད་སྐྱོང་འོས་སུ་ལ་ཐོབ་ཀྱང་རྒྱལ་ཁ་ངོ་མ་མང་གཙོའི་ལམ་ལུགས་བཟང་པོ་ལ་ཐོབ་པ་ཡིན་པས་བོད་རིགས་ཚང་མ་བློ་བདེའི་ངང་བཞུགས་རོགས་གནང།
སྲིད་སྐྱོང་ལས་ཐོག་པ་ལ་རྒྱལ་ཁ་དང་པོ་གང་ནས་ཐོབ་འདུག་གམ་ ནམ་མ་ལངས་གོང་ལ་བྱ་སྐད་རྒྱབ་མ་ཡོང་ང་འོང་གོའོའོ
བྱ་སྐད་ནམ་མ་ལོང་གོང་ནས་རྒྱག་དགོས་མ་གཏོག་ནམ་ལོང་ཚར་ནས་བྱ་སྐད་ཏྒྱགི་མ་རེད།
བཀྲ་ཤིས་བདེ་ལེགས་ཞུ་ཞུ།
བལ་ཡུལ་ནང་ད་ཏ་འོས་ཤོག་གྲངས་ཤེར་གནང་མེད་རེད། འུར་གྲོག་མ་གནང་། བློ་བཟང་དར་རྒྱས་ལགས་
ཅི་གཏང་བལ་ཡུལ་ནང་གི་གནས་ཚུལ་མང་པོ་མ་དཔེལ་གནང་རོགས་
གོ་ཐོས་ལྟར་ན།
བདེ་སྐྱིད་གླིང་དུ། བློ་བཟང་སེང་གེ ༩༩། སྤེན་པ་ཚེ་རིང་ལ། ༧༥༩
སྦིར་བཀྲ་ཤིས་ལྗོངས། བློ་བཟང་སེང་གེ་ལ། ༢༣༦ ། སྤེན་པ་ཚེ་རིང་ལ། ༡༡
བལ་ཡུལ་དུ། བློ་བཟང་སེང་གེ་ལ། ༢༤༢༠། སྤེན་པ་ཚེ་རིང་ལ། ༧༨༡
ཧང་གྷི་རི། བློ་བཟང་སེང་གེ་ལ་ ༨ ། སྤེན་པ་ཚེ་རིང་ལ་ ༠
འཇམ་དཔལ་ཚུལ་ཁྲིམས་ལགས། ཁྱོད་རང་གིས་གང་ཞིག་ལ་གཟིགས་བསྡད་ནས་གསུང་གི་ཡོད་དམ། སྒང་དུ་འཁོད་ཡོད་པའི་ཨོ་གླིང་གི་ས་གནས་བཞི་ཡི་གྲུབ་འབྲས་ཕྱོགས་བསྡོམས་བྱས་པའི་གྲངས་འབོར་འདི་རེད།
བློ་བཟང་སེང་གེ (387)
སྤེན་པ་ཚེ་རིང་། (410)
སྲིད་སྐྱོང་ལས་ཐོག་པ་ལ་རྒྱལ་ཁ་དང་པོ་ཐོབ་པར་བརྟེན་འབྲེལ་ཞུ།
དངོས་ཡོད་གནས་ཚུལ་གྱི་གྲུབ་འབྲས་གང་ཡོད་པ་དེ་ལས་རྫུན་བཟོ་བྱས་པའི་པར་རིགས་མ་བསྐུར་རོགས་སྐུ་མཁྱེན།
སྲིད་སྐྱོང་གང་ཟག་སུ་ལ་ཐོབའང་ན་ཁྱད་པར་ཡོད་པ་ཞིག་ང་ཚོའི་ངོས་ནས་གང་ཡང་མཐོང་མེད་པས་རྣམ་པ་ཚོས་དཀྲོག་གཏམ་རིགས་མ་བཟོ་རོགས་ཅེས་འབོད་སྐུལ་ཞུས་པ་ཡིན།
སྲིད་སྐྱོང་ཐོབ་པ་དེ་མང་ཆོགས་ཀྱི་རེ་འདུན་གྲུབ་པ་རེད།
ང་ཚོ་བོད་པའི་རང་གཤིས་དེ་ངོ་མ་སྐྱོ་པོ་ཞིག་རེད། དཔེར་ན། བོད་ནང་ལྟ་བུར་མཚོན་ན། བོད་པ་གཅིག་འགོ་ཁྲིད་ལ་སླེབས་སོང་ན། དེ་ལ་མཆན་མང་པོ་ཞིག་རྒྱག་པ་དང་། རྒྱ་མི་གཅིག་འགོ་ལ་སླེབས་སོང་ན། དེ་ལ་ལབ་གླེང་གང་ཡང་མེད་པར། ཡིན་ཤག་ཤག་དང་། ལོད་ཡིན་ཅེས་པའི་བསམ་ཚུལ་དེ་མེད་ན་དགའ་བ་ལ་ཨ།
ངོ་མ་རེད